ཨོ་བྷ་མའི་ཨེ་ཤི་ཡའི་འཚམས་གཟིགས་འགོ་འཛུགས།

ཨ་རིའི་སྲིད་འཛིན་ཨོ་བྷ་མའི་ཨེ་ཤི་ཡའི་མཚམས་གཟིགས་དེ་རེས་གཟའ་ལྷག་པའི་ཉིན་འགོ་འཛུགས་བྱས་ཡོད་པ་དང་། སྔ་རྗེས་སུ་ཉི་ཧོང་དང་ལྷོ་ཀོ་རི་ཡ། མཱ་ལེ་ཤི་ཡ། ཧྥི་ལེ་ཕིན་བཅས་ལ་གཟིགས་སྐོར་དུ་ཕེབས་ཏེ། ཨ་རིས་རྒྱལ་ཁབ་དང་ས་ཁུལ་དེ་དག་ལ་རྒྱབ་སྐྱོར་ཤུགས་ཆེར་གཏོང་རྒྱུ་དང་། ཞི་བདེ་རྒྱ་མཚོའི་ས་ཁུལ་གྱི་བདེ་འཇགས་སྲུང་སྐྱོབ་སོགས་ཀྱི་ཐོག་ལ་གླེང་སློང་བྱ་རྒྱུ་ཡིན་པ་རེད།

Read more

ཨི་རག་གི་ས་ཁུལ་མང་པོར་དྲག་པོའི་འཇབ་རྒོལ་བྱུང་།

ཨི་རག་གི་ས་གནས་ཁག་མང་པོ་ཞིག་ཏུ་དྲག་པོའི་འཇབ་རྒོལ་གྱི་དོན་རྐྱེན་བྱུང་སྟེ། ཉུང་མཐའ་ཡང་མི་༣༣ རྐྱེན་ལམ་དུ་བཏང་ཡོད་པ་དང་། མི་བཅུ་གྲངས་ཤིག་ལ་རྨས་སྐྱོན་བཟོས་ཡོད་པ་རེད།

Read more

ངས་བར་མའི་འོས་བསྡུ་འདི་ཁྲིམས་མཐུན་ཞིག་མཐོང་གི་མི་འདུག

ཟླ་འདིའི་ཕྱི་ཚེས་༢༡ ཉིན་མདོ་སྨད་སྤྱི་འཐུས་ཀྱི་བར་མའི་འོས་བསྡུའི་དངོས་གཞིའི་འོས་མི་གསུམ་གཏན་འབེབས་བྱས་ཡོད་པའི་གསལ་བསྒྲགས་སྤེལ་བ་དང་། སྔོན་འགྲོའི་འོས་ཐོབ་ཨང་གཉིས་པ་ཨ་ཚོགས་ཀླུ་མཁར་བྱམས་ཀྱིས་འོས་བསྡུ་འདི་ཁྲིམས་དང་མཐུན་གྱི་མི་འདུག་ཅེས་འོས་མི་ལས་དགོངས་པ་ཞུས་ཡོད་པ་རེད།

Read more

རྒྱ་ནག་ཏུ་མང་ཚོགས་ཀྱིས་གྲོང་ཁྱེར་དོ་དམ་པ་རུབ་རྡུང་།

རྒྱ་ནག་ཀྲི་ཅང་ཞིང་ཆེན་ཝེན་ཀྲུའུ་གྲོང་ཁྱེར་ཚཱང་ནན་རྫོང་གི་གྲོང་ཁྱེར་སྐོར་སྲུང་བས་སྐྱེས་པ་ཞིག་ལ་དོན་མེད་དུ་ཉེས་རྡུང་བཏང་བའི་རྐྱེན་གྱིས། མང་ཚོགས་སྟོང་ཚོ་བརྒལ་བས་གྲོང་ཁྱེར་དོ་དོམ་པ་མཐའ་བསྐོར་ཏེ་རུབ་རྡུང་བྱས་ཡོད་པ་རེད།

Read more

དྲག་སྤྱོད་པས་ཡུག་རེན་གྱི་དམག་འཁོར་བཙན་འཕྲོག

ཨུ་རུ་སུའི་ཕྱོགས་གཏོགས་ཀྱི་ཁ་བྲལ་རིང་ལུགས་པས་ཡུག་རེན་གྱི་ཤར་ཕྱོགས་སུ་ཡུག་རེན་དམག་གི་འཐབ་ཁྲབ་འཕྲུལ་འཁོར་བཙན་འཕྲོག་བྱས་ཡོད་པ་དང་། དེ་ནི་ཡུག་རེན་གྱིས་ཨ་རུ་སིའི་ཕྱོགས་གཏོགས་དྲག་སྤྱོད་པས་བཙན་བཟུང་བྱས་པའི་གྲོང་རྡལ་ཕྱིར་ལེན་འཆར་ལ་ངོ་ཚ་རང་བཞིན་ཅན་གྱི་ཕམ་ཁ་མྱངས་པ་ཞིག་ཡིན་འདུག

Read more

ལྷོ་ཀོ་རི་ཡའི་གྲུ་གཟིངས་ཤིག་ཆུས་བསྣུབས་པ།

མི་༤༧༦ ཙམ་ཡོད་པའི་ལྷོ་ཀོ་རི་ཡའི་“ལོོ་ཟླ་”རྟགས་ཅན་གྱི་འགྲུལ་སྐྱེལ་མཚོ་གྲུ་འགྱེལ་ལོག་གི་དོན་རྐྱེན་བྱུང་སྟེ་བདུན་ཕྲག་གཅིག་འགྲོ་ཡི་ཡོད་པ་དང་། ད་ལྟའི་བར་འདས་གྲོངས་སུ་གྱུར་པའི་མིའི་གྲངས་ཀ་༡༠༤ འཕར་ཡོད་འདུག་པ་མ་ཟད། མི་༡༩༨ ད་དུང་གར་སོང་ཆ་མེད་ཀྱི་གནས་སྟངས་འོག་ལུས་ཡོད་པ་རེད།

Read more

རྒྱ་གར་རྒྱལ་ཡོངས་འོས་བསྡུ་ཆེན་མོ་འགོ་འཛུགས།

འཛམ་གླིང་ཐོག་ཆེས་གཞི་རྒྱ་ཆེ་བའི་རྒྱ་གར་རྒྱལ་ཡོངས་འོས་བསྡུ་ཆེན་མོ་དེ་གཟའ་འཁོར་འདིའི་རེས་གཟའ་ཟླ་བའི་ཉིན་འགོ་འཛུགས་བྱས་ཡོད་ཅིང་། རྒྱལ་ཡོངས་སུ་ཁྱོན་བདུན་ཕྲག་ལྔའི་རིང་འོས་འདེམ་བྱ་རྒྱུ་ཡིན་པ་དང་།

Read more

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་གློད་གྲོལ་དགོས་པའི་ལས་འགུལ།

རྒྱ་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་འཇུ་བཟུང་བཙོན་འཇུག་བྱས་ཏེ་མི་ལོ་ཧྲིལ་པོ་༡༢ འཁོར་བའི་ཉིན་དྷ་སར་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་སྟེང་། རིན་པོ་ཆེ་མཆོག་གི་ད་ལྟའི་སྐུ་གཟུགས་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་ཡོད་སྐོར་འགྲེལ་བརྗོད་གནང་སོང་།

Read more

མགོའི་སྐྲ་བཞར་ཏེ་ཞི་ཅིན་ཕིན་ལ་ངོ་རྒོལ་བྱས་འདུག

ཕྱི་ཟླ་༣པའི་ཚེས་༣༡ཉིན། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་སྦེལ་ལྗམ་རྒྱལ་ས་བྷར་སིལ་དུ་ཡོད་པའི་ཡུ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་དབུས་ལས་ཁུངས་དང་། ཡུ་རོབ་གྲོས་ཚོགས་བཅས་སུ་འཚམས་འདྲི་གཟིགས་སྐོར་ཡོང་བའི་གོ་སྐབས་དང་བསྟུན། ཡུལ་དེར་གནས་སྡོད་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཞི་ཅིན་ཕིན་ལ་ངོ་རྒོལ་བྱས་ཡོད་པ་རེད།

Read more

ཁོར་ཡུག་སྲུང་ཆེད་ཞི་རྒོལ་གནང་མཁན་བོད་མི་གསུམ་ལ་ཁྲིམས་ཆད།

ཁམས་འབྲི་རུ་རྫོང་གི་རྒྱ་གཞུང་གི་ཁྲིམས་ཁང་ནས་བོད་མི་འཕྲིན་ལས་ཚེ་དཀར་དང་། ཆོས་ཁྱབ། ཚེ་ལྷ་གསུམ་ལ་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་ཁྲོད་མཉམ་ཞུགས་བྱས་པ་དང་། རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་འོག ལོ་༡༣ ནས་༣ བར་གྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་འདུག

Read more
Page 110 of 111« First...107108109110111