པཎ་ཆེན་རིན་པོ་ཆེ་རྩད་གཅོད་དང་འཁྲུངས་སྐར་སྲུང་བརྩི།

ཟླ་འདིའི་ཚེས་༢༥ ཉིན་དྷ་ས་མེག་གྷན་དུ་དྷ་ས་ས་གནས་གཞོན་ནུ་ཚོགས་པ་དང་དྷ་ས་ས་གནས་བུད་མེད་ལྷན་ཚོགས་གཉིས་ཀྱིས། པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་དགུང་ལོ་༢༧ ལ་སླེབས་པའི་འཁྲུངས་སྐོར་སྲུང་བརྩི་དང་འབྲེལ་བའི་ལས་འགུལ་ཞིག་སྤེལ་སོང།

Read more

རྒྱ་དཀར་ནག་གཉིས་འཇིགས་སྐུལ་བ་ངོས་འཛིན་བྱེད་ཕྱོགས་ལ་མ་མཐུན་པ།

རྒྱ་གར་གྱིས་ཕྱི་རྒྱལ་ལ་གནས་སྡོད་བྱེད་མཁན་ཡུ་གུར་བ་བཞི་ལ་རྒྱ་གར་དུ་༧གོང་ས་མཆོག་དང་མཇལ་འཕྲད་བྱེད་པར་ཡོང་ཆེད་དུ་ཐོངས་མཆན་སྤྲད་ཡོད་འདུག་པས། རྒྱ་ནག་གིས་དེ་ལ་མི་དགའ་བའི་རྣམ་འགྱུར་བསྟན་འདུག

Read more

ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པའི་བོད་རྒྱའི་རྒྱབ་སྐྱོར་ཚོགས་ཆེན།

ཐའེ་ཝན་རྒྱལ་ས་ཐའེ་པེ་རུ་འཚོགས་པའི་“ཐུན་མོང་གི་གཞི་རྟེན་འཚོལ་བ་”ཞེས་པའི་བོད་རྒྱའི་རྒྱབ་སྐྱོར་ཚོགས་ཆེན་ཐོག ༧གོང་ས་མཆོག་གིས་བརྙན་འཕྲིན་བརྒྱུད་བཀའ་སློབ་གནང་ཡོད་པ་རེད།

Read more

རྒྱ་གར་ནང་ཐན་པའི་དཀའ་ངལ་ཤུགས་ཆེན་འཕྲད་བཞིན་པ།

རྒྱ་གར་གྱི་ས་ཁུལ་མང་དག་ཅིག་ལ་དབྱར་ཁའི་ཚ་དྲོད་ཨངས་གྲངས་༤༠ བརྒལ་བཞིན་པའི་སྐབས། ཆུ་དཀོན་པའི་དབང་གིས་ཡུལ་མི་ས་ཡ་༣༣༠ ལས་ལྷག་གི་འཚོ་བར་གནོད་སྐྱོན་ཐེབས་བཞིན་ཡོད་འདུག

Read more

ཨོ་སི་ཁྲོ་ལི་ཡའི་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན།

ཨོ་སི་ཁྲོ་ལི་ཡའི་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པ་དེ་ཕྱི་ལོ་༢༠༡༦ ཟླ་༤ ཚེས་༡༦ ནས་ཉིན་གསུམ་རིང་སི་ནེའི་གྲོང་ཁྱེར་དུ་འཚོགས་པ་དང་། ད་ལྟ་དང་མ་འོངས་པའི་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པའི་ལས་དོན་གནང་ཕྱོགས་སྐོར་ལ་གྲོས་བསྡུར་དང་གྲོས་ཆོད་ཁག་ཅིག་བཞག་ཡོད་པ་རེད།

Read more

རྒྱ་གཞུང་གིས་གཞས་མ་ཞིག་གི་རོལ་དབྱངས་དུས་སྟོན་བཀག་སྡོམ་བྱས་པ།

འཛམ་གླིང་ནང་སྐད་གྲགས་ཆེ་བའི་ཨ་རིའི་གཞས་མ་སེ་ལི་ན་གྷོ་མེ་ཛེ་ཡིས་དེ་སྔོན་རྒྱ་ནག་གི་གྲོང་ཁྱེར་ཀང་ཀྲའུ་དང་ཧྲང་ཧེ་གཉིས་ལ་ཟླ་༨ པའི་ཚེས་༦ དང་༨ ཉིན་རོལ་དབྱངས་དུས་སྟོན་གྱི་ལས་རིམ་ཡོད་སྐོར་སྒེར་གྱི་དྲ་རྒྱའི་ཐོག་བཀོད་ཡོད་འདུག་པ་དང། ཉེ་ཆར་ལས་རིམ་དེ་གཉིས་དྲ་རྒྱ་ལས་ཕྱིར་འཐེན་བྱས་ཡོད་འདུག

Read more

ཆབ་སྲིད་བཙོན་པ་སྤང་རི་སྣ་རིན་པོ་ཆེ་གློད་གྲོལ།

ཟླ་འདིའི་ཚེས་༡༧ ཉིན་ཆབ་སྲིད་བཙོན་པ་སྤྲུལ་སྐུ་སྤང་རི་སྣ་རིན་པོ་ཆེ་རྒྱ་ནག་གི་བཙོན་འོག་ནས་གློད་བཀྲོལ་བཏང་ཡོད་ཀྱང་། ད་ལྟ་ཁོང་ཇི་ལྟར་གློད་བཀྲོལ་བཏང་མིན་དང་སྐུ་གཟུགས་ཀྱི་གནས་སྟངས་ཇི་ཡོད་སྐོར་སོགས་ཤེས་རྟོགས་ཐུབ་མེད་པ་རེད།

Read more

ཨི་ཁུའ་ཌོར་གྱི་ས་ཡོམ་ཁྲོད་མི་༢༧༢ ཙམ་འདས་གྲོངས་སུ་གྱུར།

རེས་གཟའ་སྤེན་པའི་ཉིན་ལྷོ་ཨ་མེ་རི་ཁའི་རྒྱལ་ཁབ་ཨི་ཁུའ་ཌོར་དུ་ས་ཡོམ་ཚད་རིམ་༧་༨ ཅན་ཞིག་བརྒྱབ་སྟེ། ད་ལྟའི་བར་ཤེས་རྟོགས་བྱུང་བ་ལྟར་ན་ཉུང་མཐར་ཡང་མི་༢༧༢ ཙམ་འདས་གྲོངས་སུ་གྱུར་ཡོད་པ་མ་ཟད། མི་༢༥༠༠ ཙམ་ལ་རྨས་སྐྱོན་ཕོག་པ་དང་ཁྱིམ་གཞིས་སྟོང་ཕྲག་མང་པོ་རྩ་སྟོངས་སུ་གྱུརཡོད་པ་རེད།

Read more

རྒྱ་ནག་གི་ད་ལྟའི་གནས་སྟངས་དང་ཆིང་རྒྱལ་རབས་འཐོར་ཞིག་ཏུ་གྱུར་པའི་སྔོན་ཤིན་ཏུ་མཚུངས།

རྒྱ་ནག་གི་སྤྱི་ཚོགས་དང་མི་སེམས་ལྷིང་འཇགས་མེད་པའི་གནད་དོན་རྒྱ་ཁྱབ་ཏུ་གྱུར་ཏེ། མི་མང་གི་འཁོན་སེམས་ནི་འབུ་ཤིང་སྐམ་པོ་ཞིག་དང་འདྲ་བར་མེ་དང་འཕྲད་པ་ཙམ་གྱིས་འབར་ཆོག་ཆོག་ཅིག་ཏུ་གྱུར་ཡོད།

Read more

༧གོང་ས་མཆོག་དགུང་ལོ་༡༡༣ བར་བཞུགས་རྒྱུ་ཡིན་པ།

༧གོང་ས་མཆོག་གིས་ཐུགས་དགྱེས་པོའི་ཐོག་ནས། ད་ལྟའི་ཆར་སྐུ་གཟུགས་བདེ་པོ་ཡིན་པ་དང། སྔ་མ་ནས་ཁོང་གི་གཟིམ་ལམ་ནང་ལ་ཁོང་དགུང་ལོ་༡༡༣ བར་བཞུགས་པའི་རྟེན་འབྲེལ་ཡང་ནས་ཡང་དུ་ཡོང་བསྡད་ཀྱི་ཡོད་པས། བློ་བདེ་པོའི་ངང་བཞུགས་རོགས་ཞེས་གསུངས་འདུག

Read more
Page 118 of 188« First...116117118119120...Last »