རྒྱལ་སྤྱིའི་རྩོམ་པ་པོའི་ཚོགས་ཆེན་ཐོག་བོད་ཀྱི་སྐོར་ལ་གྲོས་ཆོད།

ཟླ་འདིའི་ཚེས་༨ ཉིན་དྷ་ས་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ལས་ཁུངས་སུ། རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་ཆེན་ཐེངས་བརྒྱད་ཅུ་པའི་ཐོག་བོད་ཀྱི་རྩོམ་པ་པོ་ཆབ་སྲིད་བཙོན་པའི་སྐོར་ལ་གྲོས་ཆོད་ཁག་ཅིག་བཞག་ཡོད་པའི་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཡོད་པ་རེད།

Read more

ཀེའུ་ཚང་སྤྲུལ་སྐུས་༧གོང་ས་མཆོག་ལ་བརྟན་བཞུགས་ཕུལ་སོང་།

ཟླ་འདིའི་ཚེས་༨ ཉིན་གྱི་སྔ་དྲོ་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སེར་བྱེས་ཀེའུ་ཚང་སྤྲུལ་སྐུས་༧གོང་ས་མཆོག་ལ་བརྟན་བཞུགས་ཕུལ་ཡོད་པ་དང་། སྐབས་དེར་བརྟན་བཞུགས་ཆོ་ག་ཟབ་གཏེར་འཆི་མེད་འཕགས་པའི་སྙིང་ཐིག་སྒོ་ནས་རྣམ་གྲྭ་མཁན་པོ་དབུ་བཞུགས་ཐོག ཀེའུ་ཚང་སྤྲུལ་སྐུས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་ཡོད་པ་རེད།

Read more

ཁམས་དཀར་མཛེས་རྫོང་དུ་རྒྱ་ནག་ལ་བོད་མི་ཞིག་གི་ངོ་རྒོལ།

ཟླ་འདིའི་ཚེས་༤ ཉིན་ཁམས་ཏྲེ་ཧོར་དཀར་མཛེས་རྫོང་གི་ཁྲོམ་དཀྱིལ་དུ། ཚོང་པ་པ་སངས་དབང་ཕྱུག་(མིང་གཞན་སྔོ་འབྲུ།)གིས་བོད་ལ་རང་དབང་དགོས། རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པ་ཤོག ཆོས་དད་རང་མོས་དགོས། རྒྱལ་བ་ཡིད་བཞིན་ནོར་བུ་བོད་ལ་གདན་འདྲེན་ཞུ་དགོས་ཞེས་འབོད་ཚིག་བསྒྲགས་ཏེ་རྒྱ་གཞུང་ལ་ངོ་རྒོལ་བྱས་པར་བརྟེན། རྒྱ་གཞུང་གི་ཉེན་རྟོག་པས་ཁོང་འཇུ་བཟུང་བྱས་ཡོད་འདུག

Read more

རྒྱ་རི་རིན་པོ་ཆེའི་གཞོན་ལྷན་གསར་འཛུགས་དང་འབྲེལ་བའི་གཏམ།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཐོག་མར་བཙུགས་སྐབས་ཀྱི་གནས་སྟངས་དང་ལངས་ཕྱོགས། དེ་བཞིན་བོད་དོན་བདེན་པའི་འཐབ་རྩོད་དང་འབྲེལ་བའི་གནད་དོན་གལ་འགངས་ཆེ་བ་ཁག་གཅིག

Read more

ཁོར་ཡུག་གཙང་བཟོའི་ལས་འགུལ།

ཕྱི་ཟླ་༩ ཚེས་༢༩ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ས་གནས་ལུགས་བསམ་བོད་མིའི་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་ཀྱི་ཁྱབ་ཁོངས་ཀྱི་སེར་སྐྱ་གནད་ཡོད་མི་སྣ་ཁག་བསྐོང་འཚོགས་ཐོག ཁོར་ཡུག་གཙང་ན་འཕྲོད་བསྟེན་ལེགས་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གཏམ་བཤད་གནང་ཡོད་པ་རེད།

Read more

ཞི་བདེའི་གཟེངས་རྟགས་བཞེས་མཁན་གཉིས་བོད་པར་གདུང་སེམས་མཉམ་བསྐྱེད་ཆེད་དྷ་སར་ཕེབས་པ།

ཟླ་འདིའི་ཚེས་༡ ཉིན་འཛམ་གླིང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་བུད་མེད་གཉིས་དྷ་སར་ཕེབས་ཏེ། བོད་མིའི་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་ཡོད་པའི་གསར་འགོད་ལྷན་ཚོགས་ཤིག་བསྐོངས་སོང་ལ། ཚེ་༢ ཉིན་༧གོང་ས་མཆོག་དང་མཉམ་དུ་གྷན་དིའི་འཁྲུངས་སྐར་སྲུང་བརྩིའི་ཐོག་ཞུགས་ཀྱི་ཡོད་པ་རེད།

Read more

བྲང་འདོགས་སེར་པོའི་རྒྱབ་སྐྱོར་ལས་འགུལ།

ཟླ་འདིའི་ཚེས་༡ ཉིན་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་ཧུང་ཀོང་གི་མང་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་མཚོན་ཆེད། “བྲང་འདོགས་སེར་པོ་”ཞེས་པའི་ཞེས་པའི་ལས་འགུལ་ཞིག་དྷ་ས་མེག་གྷན་ཁྲོམ་གཞུང་དུ་སྤེལ་ཡོད་པ་དང་། སྐབས་དེར་མི་མང་གི་བྲང་ལ་འདོགས་རྒྱུའི་རྟགས་ལས་འགུལ་གྱི་རྟགས་སེར་ཞིག་བཀྲམ་ཡོད་པ་རེད།

Read more

ཁམས་འབྲི་རུ་ནས་གྲྭ་པ་དྲུག་རྒྱ་གཞུང་གིས་འཇུ་བཟུང་།

ཕྱི་ཟླ་༩ ཚེས་༣༠ དགོང་མོ་འབྲེལ་ཡོད་ཀྱིས་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན། ཕྱི་ཟླ་༩ ཟླ་མཇུག་ཙམ་ལ། ཁམས་འབྲི་རུ་རྫོང་། ཁུལ་ཤག་ཆུ་གྲོང་རྡལ་གྱི་ཝ་ཐང་འབྲོང་ངུར་དགོན་བཀའ་བརྒྱུད་འཕེལ་རྒྱས་གླིང་གི་གྲྭ་པ་དྲུག་རྒྱ་གཞུང་གིས་འཇུ་བཟུང་བྱས་པ་དང། ད་ལྟ་དགོན་པ་དམག་གིས་བསྐོར་ཞིང་དམ་དྲག་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་འདུག

Read more

དགེ་འདུན་པར་བོད་ཀྱི་ལུས་སྦྱོང་སློབ་ཁྲིད།

ཟླ་འདིའི་ཚེས་༢༥ ནས་བཟུང་བོད་གཞུང་འཕྲོད་བསྟེན་ལས་ཁུངས་ཀྱི་གོ་སྒྲིག་འོག ནང་བསྟན་སྨན་གླིང་གི་འགན་འཛིན་བོད་ཀྱི་ལུས་སྦྱོང་བ་གཉན་རྩེ་སྤྲུལ་སྐུ་བློ་བཟང་དམ་ཆོས་ཀྱིས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་སུ་རྩ་རླུང་ངམ་བོད་ཀྱི་ལུས་སྦྱོང་གི་བསླབས་ཡོད་པ་རེད།

Read more

རྒྱ་ནག་གཞུང་ལ་མགོ་བསྒུར་ནས་བོད་པའི་སྤྱི་ཚོགས་ནང་རྙོག་གྲ་བཟོས་ན་ཐབས་སྐྱོ་པོ་འདུག

“ཆབ་སྲིད་བཙོན་ཟུར་ཚོར་ཐོག་མ་རྒྱ་ནག་གཞུང་ལ་ངོ་རྒོལ་སྐབས་བསམ་བློ་གང་ཡོད་པ་དེ་མཐའ་འཁྱོལ་དགོས་པ་ལས། བསམ་བློ་གནམ་གཤིས་འགྱུར་བ་བཞིན་འགྱུར་སོང་ན། གནས་སྟངས་སྐྱོ་པོ་རེད།”ཅེས་ཚོགས་གཙོ་སྤེན་པ་ཚེ་རིང་གིས་༩།༢༧ དུས་དྲན་ཉིན་གསུངས་སོང་།

Read more
Page 121 of 136« First...119120121122123...Last »