ཕག་པའི་ཆམ་རིམས་ཀྱི་སྔོན་འགོག

ཕག་པའི་ཆམ་རིམས་(Fectson Swine Flu) ཞེས་པ་དེ་དག་ཐོག་མར་New Zealand ནང་དུ་ཕྱི་ལོ་༡༩༣༠ ལོར་དར་ཁྱབ་བྱུང་བ་དང་། ༢༠༠༣ བར་ནད་དེས་མི་གྲངས་༢༥༠ འདས་གྲོངས་སུ་སོང་བ་། ཉེ་ཆར་༢༠༠༩ ཕྱི་ཟླ་༤ ནང་ཕྱི་རྒྱལ་Mexico གཙོ་བྱས་པའི་ཡུལ་གྲུ་ཁག་བཅུའི་ནང་ནད་འདི་འགོས་ཕོག་བྱུང་སྟེ་མི་གྲངས་༡༥༠ ཙམ་འདས་གྲོངས་སུ་སོང་བ་དང་། ད་ལྟ་རང་རིགས་བོད་མི་གནས་ཡུལ་རྒྱ་གར་དང། བོད་དུའང་ནད་འདི་འགོ་ཁྱབ་ཉེན་ཁ་ཆེ་བས་ན་རང་གཞན་ཀུན་ནས་ཕག་པའི་ཆམ་རིམས་འདི་ཉིད་མི་ཡོང་སྔོན་འགོག་ཆེད་རང་ཉིད་ཀྱི་སྡོད་གནས་ཁང་ཁྱིམ་ཕྱི་ནང་ཁོར་ཡུག་བཅས་པར་གད་ཕྱིས་གཙང་སྦྲ་གང་ལེགས་བྱ་དགོས་པ་དང་།

བོད་ཀྱི་གསོ་བ་རིག་པ་ལས་ཟས་སྐོམ་གྱི་བསླབ་བྱ།

སྤྱིར་རང་ཅག་བོད་མི་རྣམས་ནི་ནང་པ་སངས་རྒྱས་པའི་ཆོས་ལུགས་ཉམས་ལེན་བྱེད་མཁན་ཞིག་ཡིན་པའི་ཆ་ནས་སྤྱོད་པ་འཚེ་བ་སྤང་དགོས་པ་དང༌། ཡང་སྒོས་དུས་རྟག་ཏུ་སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོས་བོད་མི་རྣམས་ལ་དམར་ཟས་མི་བསྟེན་པར་ཤ་མེད་ཀྱི་དཀར་ཟས་བཟོ་རྒྱུ་དང་བསྟེན་རྒྱུར་དང་དོད་དང་དོ་སྣང་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་ཡིན་པ་ཡང་ཡང་བཀའ་སློབ་ཕེབས་དོན་ལྟར་རང་ཅག་བོད་ཕྱི་ནང་གཉིས་སུ་གནས་པའི་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ནས་གཙོ་བོ་རྒྱལ་བའི་བཀའ་དགོངས་བཞིན་སྲོག་གཅོད་ཀྱི་དམར་ཟས་རིགས་སྤང་གང་ཐུབ་ཞུ་རྒྱུ་དང༌། ལྷག་པར་དུ་ཀུན་གྱིས་སྤྱི་དོན་སྒྲུབ་ཆེད་བསོད་ནམས་གསོག་རྒྱུར་འབད་བརྩོན་བྱ་གལ་ཆེ་བ་དང༌། དེ་ལྟར་བྱ་ཐུབ་ཚེ་རང་རིགས་ལུས་ཁམས་འདི་ཉིད་ལའང་ཤིན་ཏུ་ནས་འཕྲོད་ཤས་ཆེ་བ་ཡིན་ཏེ།

བོད་ཀྱི་གསོ་རིག་ངོ་སྤྲོད།

འདོན་ཐེངས་སྔོན་མའི་འཕྲོས།
མེ་དྲོད་རྣམ་པ་གསུམ་པོ་ནི་གཙོ་བོ་ཕོ་བའི་ནང་དང་དེའི་ཆ་ཤས་ནི་ལུས་ཟུངས་ཀྱི་དྭངས་མ། ཁྲག ཤ། ཚིལ། རུས་པ། རྐང༌། ཁུ་བ་དཀར་དམར་གཉིས་ཀའི་ནང་དང་དེ་མ་ཟད་ལུས་ཟུངས་ཀྱི་སྙིགས་མ་སྟེ་བཤང་བ་དང༌། གཅིན། རྔུལ་བཅས་པའི་ནང་དུའང་གནས་ཤིང་རང་རིགས་ལུས་འདི་ཉིད་ལ་ཕན་པའི་ལས་བྱེད་པ་ནི་གསོ་རིག་གཞུང་ལས་མེ་དྲོད་ཅེས་བྱ་འཇུ་བའི་གཞི་ཡིན་ཏེ། འཇུ་བར་བྱེད་པའི་མཁྲིས་པ་དེ་ལ་བཤད།། ནད་དང་ལུས་ཟུངས་དྲི་མ་ཀུན་གྱི་དྲོད།།

བོད་ཀྱི་གསོ་རིག་ངོ་སྤྲོད།

 འདོན་ཐེངས་སྔོན་མའི་འཕྲོས།
བྱ་ཤ་དང་ཞོ་གཉིས་མཉམ་བཟའ་བྱེད་པ། སྦྲང་རྩི་དང་སྣུམ་ནག་མཉམ་དུ་མང་ཉུང་ཆ་མཉམ་པར་བསྲེས་ཏེ་འཐུང་བ། བཞུ་མར་འཐུང་བའི་རྗེས་སུ་ཆུ་གྲང་མོ་མང་དུ་བཏུང་བ། ཀྲིན་མོག་སོགས་ཟས་རིགས་རླངས་བཙོས་བྱས་པའི་གྲས་རྣམས་རྙིང་པ་ཞག་གཉིས་དང་ལྔ་དང་བདུན་སོང་བ་བཟའ་བ། གཞན་ཡང་བསྟེན་ཚུལ་མི་འཕྲོད་པ་ནི་ཟས་རིགས་གང་ཡང་རུང་བའམ་ལྷག་པར་དུ་ཤིང་འབྲས་ལེགས་པར་མ་སྨིན་པ་དང༌། ཟས་རིགས་ཕྱེད་ཚོས་གྲང་ཚལ་ལ་སོགས་པ་ནི་སྔ་མ་ཟོས་པ་དེ་དག་མ་ཞུ་བའི་སྟེང༌། སླར་ཡང་ཟས་རོ་མངར་མོ་སོགས་མང་དུ་ཟོས་པ་ན་ཕོ་བའི་ནང་ཁ་ཟས་ཀྱི་སྙིགས་མ་མ་ཞུ་བའི་རྐྱེན་བྱས་ཏེ་བད་ཀན་ས་ཆུའི་ཁམས་ཀྱི་བེ་སྣབས་མང་དུ་འཕེལ་བ་དང༌། དེའི་རྐྱེན་གྱིས་དྭངས་མ་རྒྱུ་བའི་རྩྭ་རྣམས་འགག་སྟེ་བད་ཀན་གྱིས་ནད་རིགས་མི་འདྲ་བ་དབྱེ་བ་སོ་གསུམ་སོགས་མཐའ་དག་སྐྱེད་པར་བྱེད་པས་ན། དེ་ལྟར་བསྟེན་ཚུལ་མི་འཕྲོད་པའི་རིགས་སྤོང་གལ་ཆེ་ཞིང༌། སྤྱིར་གོང་གསལ་མི་འཕྲོད་པའི་ཟས་རིགས་དེ་དག་ནི་ཐོག་མར་བསྟེན་དུས་མི་འཕྲོད་པའི་ནད་གཞི་ལྡང་མཁན་མང་བས་ཕོ་བ་རྒྱུ་ལོང་གནས་སུ་ན་ཟུག་དྲག་པོ་གཏོང་བ་དང༌། གྲོད་པ་བཤལ་བ།

བོད་ཀྱི་གསོ་རིག་ངོ་སྤྲོད།

 བོད་ཁ་བ་གངས་ཅན་པ་རྣམས་ཀྱི་གསོ་བ་རིག་པ་ནི་ནད་བཅོས་ཐུབ་ཙམ་གྱིས་སྨན་རིག་རྐྱང་པ་ཁོ་ན་མ་ཡིན་པར་ལོ་ངོ་སྟོང་ཕྲག་མང་པོའི་གོང་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་གྱི་གསོ་བ་རིག་པ་ཁྱད་པར་དུ་འཕགས་པ་ཞིག་ཡིན་ཏེ། གཞུང་ལུགས་འདི་ཉིད་ནི་ནང་པ་སངས་རྒྱས་པའི་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པ་ཐེག་པ་ཆེ་ཆུང་སྔགས་དང་བཅས་པའི་ཉམས་ལེན་རྣམས་ཚང་ཞིང༌། ཕྱི་ནང་གི་འབྱུང་བའི་ཁམས་རྣམས་ཕན་ཚུན་རྟེན་དང་བརྟེན་པའི་ཚུལ་དུ་ཡོད་པའི་རྒྱུ་མཚན་ལ་བརྟེན་ནས་དཀར་ནག་རྩིས་རིག་དང་འབྲེལ་བ་གཏིང་ཟབ་ཡོད་ཅིང༌། དེ་ཡང་ནང་ཆོས་ཀྱི་ཉམས་ལེན་ཁག་གི་སྙིང་པོ་སྟེ་སྒོ་སྐྱབས་འགྲོ་སེམས་བསྐྱེད་དང་དགེ་བཅུ་ཚད་མེད་བཞི། ཕར་ཕྱིན་དྲུག དབུ་མའི་ལྟ་བ་དང༌། མཐར་གསང་སྔགས་ཟབ་མོ་གཡུ་ཐོག་སྙིང་ཐིག་གི་ཆོས་འཁོར་སོགས་ཉམས་ལེན་གྱི་གནད་ཟབ་ཅིང་རྒྱས་པ་བསྟན་ཡོད། ནད་བཅོས་ཉམས་ཞིབ་གནས་སྟངས་ལ་ཆ་མཚོན་ན་ད་བར་རིག་གཞུང་འདི་ཉིད་ཀྱིས་འགྲོ་བ་ནད་པ་ཉམས་ཐག་འབུམ་ཕྲག་མང་པོར་དུས་མིན་འཆི་རྐྱེན་ལས་སྐྱོབས་པའི་གཞན་ཕན་ལྷག་བསམ་བཟང་པོའི་ཞབས་འདེབས་ཞུས་དང་ཞུ་བཞིན་པ་རེད་འདུག

མཆིན་ནད་དུག་ཐབས། (Hepatitis “B”)

མཆིན་ནད་དུག་ཐབས་སམ་ཧེ་པ་ཀྲ་ཀྲི་སི་སྦི་ཡི་སྐོར་རགས་ཙམ་གླེང་བ།

དེང་དུས་ནུབ་ལུགས་པས་གྲགས་ཆེ་བའི་ནད་གཞི་ཧེ་པ་ཀྲ་ཡེ་ཀྲི་སི་སྦི་ཞེས་པ་བོད་ལུགས་ནས་དྭངས་མ་མ་ཞུ་མཁྲིས་ནད་དུག་ཐབས་ཡིན་པར་འདོད། བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ལྟར་སྨྲས་ན་ནད་གཞི་འདི་གསར་པ་ཞིག་མིན་པར་གནའ་དུས་ནས་ཡོད་པ་ཞིག་ཡིན།

༡༽ རྒྱུ། ཕྱི་ལུགས་པས་ནད་འདི་རྒྱུ་རྐྱེན་སྲིན་རིགས་ཁོ་ན་ལས་འབྱུང་ཞེས་པ་རང་ལུགས་ལྟར་ན་གཙོ་ཆེར་ཕོ་བའི་བད་མཁྲིས་རླུང་གསུམ་གྱི་མེ་དྲོད་མཐུ་ཞན་པས་ཁ་ཟས་དྭངས་སྙིགས་ཕྱེ་མ་ནུས་ཤིང༌། སྙིགས་མ་དྭངས་མའི་རྩ་སྦུབས་སུ་ཤོར་བ་ཟུངས་སུ་མ་སྨིན་པར་ངན་ཁྲག་རྒྱས་ཏེ་མཆིན་རྩར་གནས་པ་ལྷན་སྐྱེས་སྲིན་དང་བསྡོངས་ནས་ནད་ཀུན་འབྱུང་བར་འགྱུར་ངེས།

ཆམ་རིམས། (COLD/CATARRH)

ཆར་དུས་སྐབས་དམིགས་བསལ་ཁྱབ་སླ་བ་དང༌། ཧ་ཅང་ཕོག་སླ་བའི་ནད་གཞི་གཞན་ཞིག་ནི་ཆམ་རིམས་ཡིན། སྤྱིར་ཆམ་རིམས་ནི་ནད་གཞི་ཙག་ཙིག་ལ་ངོས་འཛིན་བྱས་ནས་སྨན་བཅོས་དམིགས་བསལ་མི་བྱེད་པའམ་སྣང་མེད་གཏོང་གི་ཡོད། འོན་ཀྱང་སྐབས་རེ་ཆམ་རིམས་ཀྱིས་ནད་གཞན་མང་པོ་ཞིག་གི་སྣ་འཁྲིད་པའམ་བླ་གཉན་གྱི་ནད་འཕོག་ཉེན་ཡོད་པ་མ་ཟད། ལྷག་པར་དུ་བྱིས་པ་དང༌། མི་རྒན། ཊིས་བྷིས་ན་མྱོང་མཁན། ལུས་ཟུངས་དམན་པའི་གང་ཟག་རྣམས་ལ་དམིགས་བསལ་ཉེན་ཁ་ཆེ་བ་ཡིན།

འཁྲུ་ནད། (Diarrhea)

སོས་ཀ་ཚ་བའི་སྐབས་སུ་ཆར་དུས་ནི་མི་ཚང་མས་བློ་འཚབ་ངང་སྒུག་པའི་དུས་ཚོད་ཅིག་ཡིན། ཆར་དུས་སྐབས་ཡུལ་ལྗོངས་མཐའ་སྐོར་རྣམས་ལྗང་ཞིང་ཁམས་དྭངས་བར་མ་ཟད། ཚ་དྲོད་དང་ཐལ་རྡུལ་འཇགས་པའི་ཁྱད་ཆོས་མང་པོ་ཡོད་ཀྱང༌། ཀུན་གྱིས་དོ་སྣང་གནང་རྒྱུ་ཞིག་ལ་ཆར་དུས་སྐབས་སུ་ཆུ་རྣམས་ལ་བཙོག་གྲིབ་ཕོག་པ་དང༌། ཚ་གྲང་ངེས་མེད་རྐྱེན་གྱིས་འཁྲུ་ནད་དང་ཆབ་ཚད་ལ་སོགས་དམིགས་བསལ་ཁྱབ་སླ་བ་དང་ཧ་ཅང་ཕོག་སླ་བའི་ནད་གཞི་ཡང་མང་པོ་ཞིག་ཡོང་གི་ཡོད།

གྲིབ་སྐྱོན།

གྲིབ་སྐྱོན་གྱི་ནད་ཅེས་པའི་ངོ་བོ་ནི་ཀླད་སྐྱོན་ནམ་ཀླད་པའི་ཁྲག་རྩ་འགགས་པའམ་རལ་བརྡོལ་གྱི་རྐྱེན་པས་དབང་རྩའི་བྱ་བ་ཉམས་པའམ་གྲིབ་ནས་ལུས་ཀྱི་ཆ་ཤས་གང་རུང་ཞིག་གི་རྩ་གྲིམས་ཀྱི་བྱ་བ་ཉམས་པའམ་གྲིབ་སྟེ་འགུལ་བསྐྱོད་ལ་སོགས་པའི་རྒྱུན་ལྡན་གྱི་བྱ་བ་ཉམས་པའི་ནད་ལ་ཡོངས་གྲགས་ཀྱིས་གྲིབ་སྐྱོན་ནམ་གཟའ་གྲིབ་ཀྱང་ཟེར།

ཁྲག་ཤེད།

བོད་ཀྱི་གསོ་བ་རིག་པ་ལ་ཐུན་མིན་ཁྱད་ཆོས་ལུས་ཀྱི་ན་ཚ་བྱུང་སྟངས་དང་དེ་བཅོས་ཐབས་བཅས་ཧ་ཅང་གསལ་པོ་ཡོད་པ་ཙམ་དུ་མ་ཟད། ནང་པའི་ཆོས་དང་འབྲེལ་བའི་ཐོག་ནས་སེམས་ཀྱི་དཀའ་ངལ་སེལ་ཐབས་དང༌། ལུས་ཁམས་བདེ་ཐང་དང་མིའི་ཚེ་བསྲིང་ཐབས་སོགས་ཐབས་ཤེས་མང་པོ་ཡོད་པ་དེ་དག་ན་ཚའི་སྔོན་འགོག་དངོས་ཆགས་ཡོད་པ་དང༌། སྤྱི་ཚོགས་ནང་ན་ཚ་མང་ཆེ་བ་ཟས་སྤྱོད་ཀྱི་ཐོག་ནས་ཡོང་གི་ཡོད་པ་བཅས་ལ་བརྟེན། བོད་གཞུང་སྨན་རྩིས་ཁང་གིས་འདིའི་ཐད་ཐུགས་ཁུར་ཆེན་པོ་བཞེས་ནས་བོད་ཀྱི་བང་ཆེན་གསར་ཤོག་བརྒྱུད་རང་རེའི་སྤྱི་ཚོགས་ནང་བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་གྱི་འཕྲོད་བསྟེན་ཤེས་བྱ་དག་ལེ་ཚན་ལེ་ཚན་བྱས་ནས་སྤེལ་རྒྱུར་འདི་ག་གསར་ཁང་གི་ངོས་ནས་ཐུགས་རྗེ་བླ་ལྷག་ཏུ་ཆེ་ཞུ་རྒྱུ་ཡིན་ལ། རྒྱ་ཆེའི་མང་ཚོགས་ནས་ཀྱང་དུས་རྒྱུན་དུ་རང་ཉིད་ཀྱི་མི་ཚེའི་ནང་དགོས་གལ་ཆེ་བའི་འཕྲོད་བསྟེན་ཤེས་བྱ་ལ་དོ་སྣང་གནང་སྐྱོང་ཡོང་བ་ཞུ།།