ཡ་མཚན་དངོས་བྱུང་།

འཛམ་གླིང་ནང་ལུས་རྩལ་དགེ་རྒན་ལོ་ན་རྒན་ཤོས།

རང་ལོ་ལོ་༨༣ ལ་སོན་པའི་ལུས་རྩལ་དགེ་རྒན་ཨོ་སི་ཊོ་ལི་ཡ་ནས་ཡིན་པའི་བྷེ་ཊེ་ཁལ་མཱན་ལོ་ན་མཐོ་ཡང༌། དུང་ལུས་རྩལ་སྦྱོང་བརྡར་བདེ་བླག་ཏུ་རྩེ་ཐུབ་པ་དང་། རང་ཉིད་ཀྱི་ཐུན་མིན་སྲོལ་བཏོད་པའི་རྩ་རླུང་འཕྲུལ་འཁོར་ཡང་སྦྱོང་བརྡར་བྱེད་ཀྱི་ཡོད།

Bangchen admin· · 0 མཆན་འགྲེལ། ·

འཛམ་གླིང་ནང་གི་ལག་པ་ཆེ་ཤོས།

ཕྱི་ལོ་༢༠༠༧ ཟླ་༡༡ ཚེས་༡ ཉིན་གྱི་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་ཇེང་སུ་༼ Jiangsu༽ཞིང་ཆེན་ནས་ཡིན་པའི་ལི་ཧུ་༼ Liu Hua༽ཞེས་པ་རང་ལོ་༢༤ ཡིན་པ་དེའི་ལག་པ་གཡོན་མ་དེ་འཛམ་གླིང་ནང་གི་ལག་པ་ཆེ་ཤོས་ཡིན་པ་རེད་འདུག ཁོའི་མཐེ་བོང་ནས་འཛུབ་མོ་གསུམ་ཧ་ཅང་གི་ཆེན་པོ་དང་གཞན་གཉིས་སྤྱིར་བཏང་གི་འཛུབ་མོ་རེད་འདུག ལི་འུ་ལོ་རེ་བཞིན་ཆེ་རུ་འགྲོ་དུས་ཁོའི་འཛུབ་མོ་རྣམས་ཀྱང་ཆེ་རུ་འགྲོ་ཡི་ཡོད་འདུག འདས་ལོ་༢༠༠༧ ཕྱི་ཟླ་༧ ནང་ཁོ་རང་ཤང་གྷ་ཡི་༼ Shanghai No. 9༽མི་དམངས་སྨན་ཁང་དུ་ཕྱིན་པ་དང་དེར་ཁོའི་འཛུབ་མོ་རྣམས་ཚད་བརྒྱབ་དུས་ཁོའི་མཐེ་བོང་དེ་སེཎ་ཊི་མི་ཊར་༢༦་༼26 centimeters༽དང་དེ་ནས་འཛུབ་མོ་གཉིས་པ་དེ་སེཎ་ཊི་མི་ཊར་༣༠ དང་འཛུབ་མོ་བར་མ་དེ་སེཎ་ཊི་མི་ཊར་༡༥ ཡོད་པ་དང་ཁོའི་ལག་པ་གཡོན་མ་དེ་ཆ་ཚང་གི་ལྗིད་ཚད་ཀིའ་ལོ་༡༠ ཡོད་འདུག ལི་འུའི་ན་ཚ་དེའི་མིང་ལ་མེའ་ཀོརོ་ཌེཀ་ཊ་ཡིལ་༼ macrodactyly༽ཟེར་གྱི་ཡོད་པ་དང་ན་ཚ་དེ་ནི་ལག་པའི་མཛུབ་མོའམ་རྐང་པའི་མཛུབ་མོ་རྣམས་སྤྱི་དང་མི་མཐུན་པ་སྐྱེ་ཡི་ཡོད། ན་ཚ་དེའི་རྐྱེན་ནི་ད་ལྟའང་ཤེས་ཀྱི་མེད།

Bangchen admin· · Comments are Disabled ·
རྐེད་པ་ཕྲ་སྦོམ་ཨིན་ཆི་བཅོ་ལྔ་ལས་མེད་པའི་བུད་མེད་ཅིག

རྐེད་པ་ཕྲ་སྦོམ་ཨིན་ཆི་བཅོ་ལྔ་ལས་མེད་པའི་བུད་མེད་ཅིག

འདི་ནི་ཕྱི་ལོ་༢༠༠༧ ཟླ་༡༠ ཚེས་༨ ཉིན་གྱི་སྤེལ་བའི་གནས་ཚུལ་ཞིག་ཡིན། ཁྱེད་རང་གི་འདྲ་དཔར་དེ་མཐོང་སོང་ངམ། ཁྱེད་རང་གི་ལྟ་སྟངས་ནོར་བའམ་ཡང་ན་ཁྱེད་རང་གི་མིག་ལ་སྐྱོན་ཡོད་པ་རྩ་བ་ནས་མ་རེད། འདྲ་པར་འདི་ནི་བུད་མེད་རང་ལོ་༧༠ ཡིན་པ་ཀཱེ་ཐཱི་ཇཱང་ཡིན། ཁོང་ནི་ཨ་རི་རྒྱལ་ཁབ་ཀྱི་གྲོང་སྡེ་བྱང་ཀཱེ་རོ་ལིའ་ནཱ་ནས་ཡིན་པ་དང་ཁོང་རང་གི་བཟའ་ཟླ་བཱོབ་ནི་དབང་པོ་སྐྱོན་ཅན་བཤའ་བཅོས་གནང་མཁན་གྱི་སྨན་པ་ཞིག་ཡིན་འདུག ཁོང་གི་རྐེད་པ་དེ་འདྲ་ཆགས་རྐྱེན་ནི་ཁོང་གི་ལོ་ངོ་ཉེར་ལྔ་རིང་རྐེད་པ་རྐེད་རག་དམ་པོ་ཡོད་པའི་གོས་ཤ་སྟག་གྱོན་པ་ལ་བརྟེན་ནས་བྱུང་བ་ཡིན་གསུངས་འདུག ཁོང་རང་སྐུ་གཟུགས་བདེ་པོ་རེད་འདུག ཁོང་ནི་འཛམ་གླིང་ནང་རྐེད་པ་ཕྲ་ཤོས་ཀྱི་མི་ཞིག་རེད་འདུག།

Bangchen admin· · 0 མཆན་འགྲེལ། ·

བུ་ཕྲུག་བརྒྱ་ཡི་ཕ།

གནས་ཚུལ་སྤེལ་བ་ལྟར་ན། ཡུ་ཨེ་ཨི་ཟེར་བའི་ཁ་ཆེའི་ལུང་པ་ནས་ཡིན་པའི་ཨབཱ་དུལ་རེ་མཱན་ཟེར་བའི་མི་ལོ་༦༠ ཡིན་པ་ཞིག་གི་ཕྱི་ལོ་༢༠༡༥ བར་དུ་ཁོ་རང་བུ་ཕྲུག་བརྒྱ་ཡི་ཕ་ཆགས་རྒྱུ་ཡིན་པའི་དམིགས་ཡུལ་བཟུང་ཡོད་འདུག གོང་བཀོད་ཚེས་གྲངས་སྐབས་ཁོ་རང་གི་ཕྲུ་གུ་རྒན་ཤོས་དེ་ལོ་༣༦ ཡིན་པ་དང་ཆུང་ཤོས་དེ་ཉི་མ་༢༠ ཡིན་འདུག ད་དུང་ཁོ་རང་གི་སྐྱེ་དམན་གསུམ་སྦྲུམ་མ་ཡིན་འདུག ཁ་ཆེ་ཆོས་ལུགས་ཀྱི་མི་གཅིག་གི་དུས་གཅིག་ལ་ཆང་ས་མང་ཤོས་བཞི་བརྒྱབ་ཆོག་པའི་ཆོག་མཆན་སྤྲོད་ཀྱི་ཡོད་ཀྱང་ཨབཱ་དུལ་རེ་མཱན་ལ་ད་བར་སྐྱེ་དམན་བཅོ་ལྔ་བྱུང་ཡོད།

Bangchen admin· · 0 མཆན་འགྲེལ། ·

ལག་མཐིལ་ནང་ཤོང་བའི་ཚགས་ཤོག

ཚགས་ཤོག་འདིས་འཛམ་གླིང་རྒྱལ་ཁབ་སི་པེའན་དང་དབྱིན་ཡུལ༌། ཕིའན་ལེནཌ་དང་སུ་ཝི་ཌན། ཨར་ཇཱན་ཊི་ནཱ་དང་བཱི་ར་ཛིའལ་དང་ཨ་རི་ལ་སོགས་པ་མང་པོ་ཞིག་གི་དོ་སྣང་སླེབས་ས་གཅིག་ཆགས་ཡོད། ཚགས་ཤོག་འདི་བཱི་ར་ཛིའལ་གྱི་བདུན་རེའི་ཚགས་ཤོག་ཝོ་སཱ་སིན་ཧོ་རི་ཡཱ་༼ Vossa Senhoria༽ཟེར་བ་ཞིག་ཡིན་པ་དང་དེ་ནི་ཟླ་རེར་༧༠༠༠ ཙམ་ཚོང་འགྲེམས་ཡོང་གི་ཡོད། ཚགས་ཤོག་འདི་ཁ་ཞེང་སེན་ཊི་མི་ཊར་གཉིས་དང་ཕྱེད།

Bangchen admin· · Comments are Disabled ·

བུ་མོ་ལོ་ལྔ་ཡིན་པ་ཞིག་ལ་ཕྲུ་གུ་སྐྱེས་པ།

འདི་ནི་ཕྱི་ལོ་༢༠༠༧ ཟླ་༡༡ ཚེས་༡༤ ཉིན་གྱི་གནས་ཚུལ་སྤེལ་བ་ཞིག་ཡིན་པར་ལཱི་ནཱ་ཞེས་པའི་བུ་མོ་ལོ་ལྔ་ཡིན་པ་ཞིག་ལ་ཕྲུ་གུ་སྐྱེས་འདུག དེ་ནི་ཕྱི་ལོ་༡༩༣༩ ལོར་ལྷོ་ཨ་རིའི་ཨེན་ཌེསེ་རི་རྒྱུད་དུ་ཡོད་པའི་གྲོང་གསེབ་ཆུང་ཆུང་ཞིག་ནས་མི་ཞིག་གི་རང་ཉིད་ཀྱི་བུ་མོ་ལོ་ལྔ་ཅན་དེ་པཱེ་རུ་ལུང་པའི་གྲོང་ཁྱེར་པཱི་སི་ཀཱོའི་སྨན་ཁང་ཞིག་ཏུ་ཁྱེར་ཡོད་འདུག ཁོས་སྨན་ཁང་དུ་ཁོ་རང་གི་བུ་མོའི་གྲོད་པའི་ནང་སྐྲན་རྡོག་ཞིག་ཆེ་རུ་ཆེ་རུ་འགྲོ་བཞིན་ཡོད་པ་དེ་ཁོ་ཚོའི་གྲོང་གསེབ་ཀྱི་བླ་མ་སྨན་པས་སྨན་བཅོས་བྱེད་ཐུབ་མ་སོང་ལབ་པ་དང༌། སྨན་པའི་བརྟག་དཔྱད་བྱས་ཚར་བའི་རྗེས་ལ་རྡོག་རྡོག་དེ་སྐྲན་རྡོག་མིན་པ་ཤེས།

Bangchen admin· · 0 མཆན་འགྲེལ། ·

གྲོད་པ་ས་ལ་ཐུག་པའི་རྒྱགས་པ་ཞིག

མི་རྒྱགས་པ་འདིའི་གྲོད་པའི་མདོག་དམར་པོ་ཆགས་ཡོད་པ་དང་དེ་ལ་ཟ་འཕྲུག་མང་པོ་ལང་གི་ཡོད་པར་སྨན་ཁང་དུ་སླེབས་དུས་སྨན་པས་བརྟག་དཔྱད་བྱས་རྗེས་ཁོ་བོའི་གྲོད་པ་ལྟེབ་རྩེགས་ཐེབས་པའི་ནང་ཟ་ཆས་རིགས་འཛུལ་ཡོད་པ་མཐོང་བ་མ་ཟད། དྲི་ངན་ཞིག་ཀྱང་ཁ་བཞིན་ཡོད་པ་རེད།  མི་དེས་དྲི་མ་དེ་ཟླ་བ་གཅིག་སྔོན་ནས་ཁ་ཡི་འདུག་ལབ་པ་རེད། འོན་ཀྱང་ཁོ་རང་རྒྱགས་དྲགས་ནས་གྲོད་ཁོག་གི་ལྟེབ་རྩེག་བར་དུ་གང་ཡོད་པ་བལྟ་མི་ཐུབ་པ་རེད།

Bangchen admin· · 0 མཆན་འགྲེལ། ·

བུད་མེད་རྒྱགས་པ་ཞིག

བུད་མེད་འདིའི་གཟུགས་པོའི་རིང་ཐུང་དང་ཞེང་ཁ་ཧ་ལམ་གཅིག་པ་ཡོད། མོ་ཤ་རྒྱགས་པ་ཡོད་ཙང་ཤའི་ལྟེབ་རྩེག་ནང་དངོས་པོ་འདྲ་མིན་ཚུད་ནས་རྨ་བཟོས་པར་བརྟེན་སྨན་ཁང་དུ་ཁྲིད་པ་དང༌། སྨན་ཁང་དུ་ཁོང་གི་གོས་ཆ་ཚང་ཕུད་ནས་སྨན་བཅོས་བྱེད་དུས་ཤའི་ལྟེབ་རྩེག་ནང་སྒོར་མོ་རིགས་གསུམ་ཐོན་པ་དེ་ཤ་ལ་སྦྱར་ནས་ཤ་མདོག་ལྗང་ཁུ་བཟོས་ཡོད་འདུག

Bangchen admin· · 0 མཆན་འགྲེལ། ·

གཉིད་ཁུག་མི་དགོས་པའི་མི།

ཝི་ཡཱ་ཏཱ་ནཱམ་གྱི་ཞིང་པ་ཐཱ་ཡི་ནོག་ཟེར་བ་ལོ་ངོ་༦༤ ཡིན་པ་ཁོང་ལ་འགྲན་ཟླ་མེད་པའི་རྩལ་སྟོབས་ཞིག་ཡོད་པ་དེ་ནི་ཁོང་ལ་གཉིད་རྩ་བ་ནས་མི་དགོས་པ་ཡིན། ཁོང་རང་ཕྱི་ལོ་༡༩༧༣ ལོར་ཚ་བ་ན་ནས་བཟུང་གཉིད་རྩ་བ་ནས་མེད་པ་ཆགས་འདུག ཁོ་རང་གིས་བརྗོད་དོན་ལ་གང་ལྟར་ཚ་ནད་དེའི་ཤུགས་རྐྱེན་གྱི་ཡིན་སྲིད་ཀྱང༌། ཁོ་རང་ལ་གཉིད་རྩ་བ་ནས་དགོས་ཀྱི་མེད་ཀྱང་ཁོང་གི་འཕྲོད་བསྟེན་ནི་ནམ་རྒྱུན་ལྟར་ཡིན་འདུག ཁོང་ལ་ཕྲུ་གུ་དྲུག་ཡོད་པ་དང་ཁོང་རྣམས་ཞིང་པ་ཡིན་འདུག

Bangchen admin· · 0 མཆན་འགྲེལ། ·

རྒྱ་གར་བ་ཞིག་གི་རྣ་བས་གནམ་གྲུ་འཐེན་ཐུབ་པ།

རྒྱ་གར་པཱན་ཇཱབ་མངའ་སྡེ་ནས་ཡིན་པའི་མན་ཇིཏཱ་སིངཱ་ཞེས་པ་ལོ་ངོ་༥༧ ཡིན་པ་ཁོང་གི་ཡ་མཚན་ཅན་མང་པོ་བྱེད་ཐུབ་ཀྱི་ཡོད། ཁོ་རང་གི་སྐྲས་འགྲུལ་སྐྱེལ་རླངས་འཁོར་༼སྦ་སེ་༽ཉིས་བརྩེགས་ཡོད་པ་འཐེན་ཐུབ་པ་དང༌། དེ་བཞིན་རྣ་བས་ཀི་ལོ་༨༥ ལྗིད་ཚད་འདེགས་ཐུབ་པ་དང་དེ་བཞིན་རྣ་བས་གནམ་གྲུ་འཐེན་ཐུབ་པ་སོགས་ཡ་མཚན་ཅན་གྱི་ལས་ཀ་མང་པོ་བྱེད་ཐུབ་པའི་རྒྱལ་སྤྱིའི་ཐོག་སུམ་ཅུ་ལས་ལྷག་གི་ལོ་རྒྱུས་བཞག་ཡོད།

Bangchen admin· · Comments are Disabled ·