བཙན་བྱོལ།

ཞིང་བྲན་ཁྲི་ཚོ་བརྒྱ་ལ་བཅིངས་འགྲོལ་ཟེར་བར་ངོ་རྒོལ།

ཞིང་བྲན་ཁྲི་ཚོ་བརྒྱ་ལ་བཅིངས་འགྲོལ་ཟེར་བར་ངོ་རྒོལ།

ལས་འགུལ་གང་ཞིག་སྤེལ་ཡང་འཚེ་བ་མེད་པའི་ཐོག་ནས་སྤེལ་བ་དང༌། ཆིག་སྒྲིལ་དང་མཉམ་རུབ་ཀྱི་ཐོག་ནས་ལས་འགུལ་སྤེལ་བ་ཡིན་ན་དེ་ང་ཚོའི་གཟི་བརྗིད་ཅིག་དང་སྟོབས་ཤིག་རེད་ཅེས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསུངས་སོང་ལ། རྒྱ་ནག་གཞུང་གིས་ཡར་ལངས་ཞིང་བྲན་ཁྲི་ཚོ་བརྒྱ་ལ་འོད་ཟེར་ལྡན་པའི་ལམ་སྤྲད་ཡོད། དེ་ནས་བཟུང་སྟེ་རང་དབང་དང༌། དམངས་གཙོ། འགྲོ་བ་མིའི་ཐོབ་ཐང་ཐོབ་པ་རེད་ཟེར་བ་དེར་རྩ་བ་ཉིད་ནས་ཁས་ལེན་བྱེད་ཀྱི་མིན་ཞེས་དགུ་བཅུ་གསུམ་ཚོགས་གཙོ་ངག་དབང་འོད་འབར་ལགས་ཀྱིས་གསུངས་སོང༌།

Bangchen admin· · 0 མཆན་འགྲེལ། ·

རྗེས་དྲན་རྡོ་རིང་ཞིག་བཞེངས་འཆར།

གཞིས་བཞུགས་རྒྱལ་གཅེས་དཔའ་བོ་དཔའ་མོ་འདས་གསོན་ཚོའི་ལྷག་བསམ་དང༌། དཔའ་མཛངས་སྙིང་སྟོབས། བླ་ན་མེད་པའི་མཛད་རྗེས་བཅས་ལ་འཛམ་གླིང་གང་སར་ཡོད་པའི་བོད་མི་ཡོངས་ཀྱིས་གདུང་སེམས་མཉམ་བསྐྱེད་དང༌། སྐབས་དོན་ཁོང་རྣམ་པའི་དཔའ་མཛངས་སྙིང་སྟོབས་དང༌། མཛད་རྗེས་ལ་སྙིང་ནས་གུས་འདུད་དང༌། རྗེས་དྲན་ཞུ་སླད་རྡོ་རིང་ཞིག་ས་གནས་གང་འོས་ཤིག་ཏུ་བཞེངས་རྒྱུའི་ཆེད། བཙམ་བྱོལ་དུ་ཡོད་པའི་བོད་མི་རྒྱ་བལ་འབྲུག་གསུམ་དུ་གནས་འཁོད་རྣམས་ནས་ཧིན་སྒོར་༣ རེ་དང༌།

Bangchen admin· · Comments are Disabled ·

རྒྱ་གཞུང་གི་འཁྱོག་བརྗོད་ལ་ངོས་ལེན་མེད་པའི་སྤྱི་མོས་གྲོས་ཆོད།

ཟླ་འདིའི་ཚེས་༢༧ ཉིན་ཏེ། སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བདུན་པ་མཇུག་བསྒྲིལ་ཡོད་དང༌། ཉིན་དེར་གྲོས་ཚོགས་ནང་རྒྱ་གཞུང་གིས་བོད་དུ་ཞིང་བྲན་ཁྲི་ཚོ་བརྒྱ་བཅིངས་འགྲོལ་བཏང་ནས་མི་ལོ་༥༠ འཁོར་བའི་དྲན་གསོའི་ཉིན་མོ་གཏན་འཁེལ་དང༌། བོད་ལ་དམངས་གཙོ་བཅོས་བསྒྱུར་བྱས་ནས་མི་ལོ་༥༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུ་དགོས་སྐོར་གྱི་དངོས་ཡོད་དང་མི་མཐུན་པའི་འཁྱོག་བརྗོད་དེར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་དེ་ལ་ངོས་ལེན་མེད་པ་དང༌། ངོ་རྒོལ་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན་ཞེས་སྤྱི་མོས་གྲོས་ཆོད་བཞག་ཡོད་པ་རེད།

Bangchen admin· · 0 མཆན་འགྲེལ། ·

སྨོན་ལམ་བོད་ཡིག་མཉེན་ཆས་གསུམ་པ།

སེར་སྨད་གྲྭ་བློ་བཟང་སྨོན་ལམ་ལགས་ཀྱིས་གསར་སྐྲུན་གནང་བའི་༵༵སྨོན་ལམ་བོད་ཡིག་མཉེན་ཆས་གསུམ་པ།ཀཀབོད་པའི་སྤྱི་ཚོགས་ཁྲོད་རིན་མེད་དུ་འགྲེམས་སྤེལ་གནང་བཞིན་ཡོད་པ་དང༌། སྨོན་ལམ་བོད་ཡིག་མཉེན་ཆས་གསུམ་པའི་དམིགས་བསལ་ཁྱད་ཆོས་ནི། རྒྱལ་སྤྱིའི་གཅིག་གྱུར་བོད་ཡིག་ཨང་རྟགས་གཞིར་བཟུང་ནས་བཟོས་ཏེ། ཡིག་གཟུགས་དབུ་ཅན་དྲུག་དང་དབུ་མེད་བདུན་བཅས་ཁྱོན་ཡིག་གཟུགས་མི་འདྲ་བ་བཅུ་གསུམ་ཡོད་པ་རེད།

Bangchen admin· · 0 མཆན་འགྲེལ། ·

ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་ཚོགས་འདུ།

རྒྱ་བལ་འབྲུག་གསུམ་གྱི་ཀརྨ་བཀའ་བརྒྱུད་ཀྱི་དགོན་སྡེ་ཁག་༢༦ གི་འཐུས་མི་གྲངས་༥༠ ལྷག་ལ་ཁོར་ཡུག་སྲུང་སྐྱོབ་ཀྱི་གལ་གནད་སྐོར་གྱི་ཚོགས་འདུ་ཞིག་ཟླ་འདིའི་ཚེས་༢༡ ནས་༢༥ བར་ཉིན་གྲངས་ལྔའི་རིང་ཝཱ་ཎ་གཙུག་ལག་སློབ་གཉེར་ཁང་དུ་དཔལ་ྋརྒྱལ་དབང་ཀརྨ་པ་དབུ་བཞུགས་ཐོག་འཚོགས་ཡོད་པ་རེད།
ཟླ་འདིའི་ཚེས་༢༡ ཉིན་དཔལ་ྋརྒྱལ་དབང་ཀརྨ་པ་མཆོག་དང༌། མཁན་ཆེན་ཁྲ་འགུ་རིན་པོ་ཆེ། བོད་གཞུང་ཆོས་དོན་ལས་ཁུངས་ཀྱི་སྐུ་ངོ་འཕྲིན་ལས། འཛམ་གླིང་ཁོར་ཡུག་སྲུང་སྐྱོབ་ཚོགས་པའི་ལས་བྱེད་འབྲས་ལྗོངས་བ་བདེ་སྐྱིད། དེ་བཞིན་དགོན་སྡེ་ཁག་གི་སྐུ་ཚབ་བཅས་ཕེབས་ཡོད་པ་རེད།

Bangchen admin· · 0 མཆན་འགྲེལ། ·

༸སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེ་མཆོག་ལ་བརྟན་བཞུགས།

སྔ་འགྱུར་རྙིང་མ་པའི་དབུ་ཁྲིད་ཟུར་པ་༸སྐྱབས་རྗེ་གྲུབ་པད་ནོར་རིན་པོ་ཆེ་མཆོག་གིས་སྙུང་གཞི་བཞེས་ནས་སྨན་ཁང་དུ་བསྟེན་དགོས་བྱུང་ཡོད་པ་དང༌། ཟླ་འདིའི་ཚེས་༢༡ ཉིན་སྔ་འགྱུར་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་དགེ་འདུན་པ་དང་བྷེལ་ཀོབ་ལུགས་བདེ་མི་མང་གིས་བརྟན་བཞུགས་ཕུལ་ཡོད་པ་རེད།
    ཞོགས་པའི་ཆུ་ཚོད་བཅུ་པའི་ཐོག་སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་མཆོག་རྣམ་གྲོལ་གླིང་གསེར་གྱི་ལྷ་ཁང་ཆེན་མོར་དད་ལྡན་འདུས་པ་རྒྱ་མཆོའི་ཚོགས་མགོན་དུ་ཞབས་སོར་འཁོད་པ་དང༌། སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་དང༌། ནམ་མཁའ་རིན་པོ་ཆེ། སེར་བྱེས་མཁན་རིན་པོ་ཆེ་སོགས་རིས་མེད་སྐྱེས་ཆེན་དུ་མ་དབུར་བཞུགས་ཐོག

Bangchen admin· · 0 མཆན་འགྲེལ། ·

བོད་ཀྱི་ཛ་དྲག་གནས་སྟངས་སྐོར་བགྲོ་གླེང༌།

དེ་རིང་ནི་ཕྱི་ཟླ་༣ ཚེས་༢༠ སྟེ། སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བདུན་པ་དབུ་བཙུགས་ནས་ཉིན་བཅུ་གཉིས་པ་དེ་ཡིན་པ་དང༌། གྲོས་ཚོགས་ཐོག་བོད་ནང་གི་ཛ་དྲག་གནས་སྟངས་ལ་བརྟེན་ནས་བཙན་བྱོལ་བོད་གཞུང་དང༌། དེ་བཞིན་གཞུང་འབྲེལ་མ་ཡིན་པ། དམིགས་བསལ་བོད་གཞུང་གི་མཛད་གཙོ་རྣམ་པའི་ངོས་ནས་ཕྱག་ལས་ག་རེ་གནང་དགོས་མིན་སྐོར་ལ་སྤྱི་འཐུས་ཁག་ཅིག་གིས་དགོངས་འཆར་གསུངས་པའི་ནང་ནས་སྙིང་བསྡུས་བྱས་པ་ཡིན། དེ་ཡང༌། གངས་ཅན་སྐྱིད་གཤོངས་ཀྱི་ཁོར་ཡུག་འདིར་ཆ་མཚོན་ན་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་བའི་གསར་འགྱུར་ཡོད་པ་རྣམས་དབྱིན་ཡིག་གི་ནང་དུ་བྲིས་པའི་རྒྱ་གར་གྱི་དུས་བབ་ཚགས་པར་སོགས་སུ་ཐོན་པ་ལ་གཞི་བཅོལ་གྱི་ཡོད་པ་དང༌།

Bangchen admin· · 0 མཆན་འགྲེལ། ·

ས་ཁྱོན་གྱི་བཞི་ཆ་གཅིག་ཟེར་བ་དེ་རང་ཡིན།

གྲོས་ཚོགས་ནང་མི་རིགས་ས་གནས་རང་སྐྱོང་སྐོར་གྱི་དྲི་བ་ཁག་ཅིག་ལ་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གི་བཀའ་ལན།
མི་རིགས་ས་གནས་རང་སྐྱོང་དང༌། ཆོལ་གསུམ་ཆིག་སྒྲིལ་ཟེར་བ་གཉིས་སྐད་ཆ་ལོགས་ཀ་རེད། ཆོལ་གསུམ་ཟེར་ནས་ལབ་དུས་ས་ཁྱོན་ལ་གོ་བ་ཆགས་ཀྱི་ཡོད་པ་རེད། མི་རིགས་ས་གནས་རང་སྐྱོང་ཟེར་དུས་མི་རིགས་ལ་གོ་བ་ཆགས་ཀྱི་ཡོད་པ་རེད། ང་ཚོས་ས་ཁྱོན་གྱི་རྩོད་པ་མ་ཡིན་པར་མི་རིགས་ཀྱི་རྩོད་པ་ཡིན་པ་དེ་གསལ་པོ་ཞེ་དྲག་རེད། བོད་རིགས་ཡོངས་རྫོགས་ཟེར་དུས། དེའི་ནང་ལ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་འོག་ཏུ་ཡོད་པའི་ཆོལ་གསུམ་གྱི་ཕྱི་ལ་ཡོད་པ་དེ་ཚོ་ཡང་ཚུད་བསྡད་ཡོད་པ་རེད་ཅེས་དང༌། ད་ལྟའི་གནས་བབས་འདི་བར་དུ་སླེབས་པ་དེ་རྒྱ་ནག་གིས་ཡ་ལན་མ་བྱས་པའི་དབང་གིས་བྱས་པ་རེད་དམ། ཡང་ན་ང་རང་ཚོས་དྭངས་བླང་གིས་བྱས་པ་རེད་ཟེར་ན། རྒྱ་མིའི་ངོས་ནས་ཡ་བྱེད་ཀྱི་མེད་པ་དེ་ཉི་མ་དང་པོ་ནས་ཤེས་ཀྱི་ཡོད་པ་རེད་ངས་ཁ་སང་ཞུས་པ་ཡིན། ཡིན་ནའང༌། ང་ཚོའི་ངོས་ནས་མཁྲེགས་འཛིན་མ་ཡིན་པ།

Bangchen admin· · Comments are Disabled ·

བགྲོ་གླེང་གི་གནས་ཚད་མཐོ་རུ་གཏོང་དགོས་ཀྱི་འདུག

ཟླ་འདིའི་ཚེས་༡༩ ཉིན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཚོགས་དུས་བདུན་པའི་ཐོག་བཀའ་བློན་ཁྲི་པ་ཟམ་གདོང་རིན་པ་ཆེ་མཆོག་གིས་གསུང་དོན། “བློ་ཕམ་དང་བཅས་ཏེ། གུས་ཞབས་ཆེན་པོའི་ཐོག་ནས་ཞུ་རྒྱུ་ཞིག་ལ། ཁྲིམས་བཟོ་ལྷན་ཚོགས་ཀྱིས་ཁྲིམས་འཆར་གྱི་ཐོག་ལ་བགྲོ་གླེང་གནང་སྟངས་ཀྱི་གནས་ཚད་དེ་ད་ལྟ་ལས་མཐོ་རུ་བཟོས་མ་གནང་ན། བརྗོད་པ་དང་གཉིས་ཀྱི་དབྱེ་བ་ཙམ་ཡང་མ་ཤེས་པ་བྱས་ནས་ཕེབས་བསྡད་ན། ཁྲིམས་བཟོ་ལྷན་ཚོགས་ཀྱི་མཚན་ཁོ་རང་ལ་  (བཞད་མོ་དང་བཅས་གསུང་དོན། མཚན་མཐོང་གི་དོད་མར་ཏོག་ཙམ་བཅག་ཆོག་གི་རེད་དམ།) སྤྱི་ཡོངས་ཀྱི་བགྲོ་གླེང་ཡིན་ན་ཡིན་པ་བྱས། ཁྲིམས་འཆར་གྱི་ཐོག་ལ་བགྲོ་གླེང་གནང་སྐབས་དངོས་གནས་བགྲོ་གླེང་གི་གནས་ཚད་མཐོན་པོ་འདྲ་གནང་ཐུབ་ན་ཡག་པོ་མེད་འགྲོ་བསམ་སོང་”ཞེས་བརྗོད་ཡོད་པ་རེད།

Bangchen admin· · 0 མཆན་འགྲེལ། ·
པད་ནོར་རིན་པོ་ཆེ་ལ་བརྟན་བཞུགས་གྲ་སྒྲིག

པད་ནོར་རིན་པོ་ཆེ་ལ་བརྟན་བཞུགས་གྲ་སྒྲིག

ཟླ་འདིའི་ཚེས་༡༨ ཉིན་སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་སྔ་འགྱུར་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དུ་ྋསྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་མཆོག་གི་སྐུའི་གསང་གསུམ་གྱི་བཀོད་པ་བསྟན་འགྲོའི་མགོན་དུ་མི་འགྱུར་རྡོ་རྗེའི་ཁམས་སུ་བརྟན་བཞུགས་བསྟར་འབུལ་ཆེད་ཞབས་སོར་འཁོད་ཡོད་པ་རེད།    འདས་ལོའི་བོད་ཟླ་༡༢ པའི་ནང་ནས་དགུང་གྲངས་བདུན་ཅུ་དོན་བརྒྱད་ལ་ཕེབས་པའི་སྔ་འགྱུར་རྙིང་མའི་དབུ་འཛིན་ཟུར་པ་ྋསྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་མཆོག་གིས་མཆིན་པའི་སྙུང་གཞི་ཞིག་བཞེས་ནས་ཝཱ་ར་ཎ་སི་དང་བྷེང་ལོར་བཅས་ཀྱི་སྨན་ཁང་བསྟེན་དགོས་བྱུང་ཡོད་པ་རེད།

Bangchen admin· · 0 མཆན་འགྲེལ། ·