བཙན་བྱོལ།

ྋགོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་མཛད་རྣམ་སྙིང་བཏུས།

རྩོམ་སྒྲིག་པའི་སྔོན་གླེང༌།

སྙིགས་དུས་འགྲོ་བ་ཡོངས་ཀྱི་གཉེན་གཅིག་པུ།། ཐབས་མཁས་ཐུགས་རྗེས་གདུལ་བྱ་སྐྱོང་མཁས་པ།། གངས་ཅན་མགོན་པོ་ཕྱག་ན་པདྨོ་ལ།། སྒོ་གསུམ་མི་ཕྱེད་དད་པས་ཕྱག་བགྱི་འོ།། ཞེས་གུས་པའི་ཕྱག་དང་བཅས་ཏེ་སྐབས་དོན་གླེང་བར་བྱ་བ་ནི། ྋགོང་ས་ྋསྐྱབས་མགོན་ྋརྒྱལ་དབང་སྐུ་འཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་གངས་ཅན་ལྗོངས་ཀྱི་སྐྱེ་འགྲོ་མ་ལུས་པ་ཆོས་འབྱོར་བདེ་སྐྱིད་ཀྱི་འཚོ་བར་ལོངས་སུ་སྤྱོད་ཕྱིར། བོད་རྒྱལ་ཁབ་ཀྱི་ཆོས་སྲིད་ལུགས་གཉིས་ཆབ་སྲིད་འཛིན་སྐྱོང་གི་མཛད་པ་རླབས་ཆེ་བསྐྱངས་པའི་བཀའ་དྲིན་ནམ་ཡང་མི་བརྗེད་པའི་དུས་དྲན་རིམ་པར་ཞུ་དགོས་གལ་གནད་ཤིན་ཏུ་ཆེ་ཞེས་དྲན་སྐུལ་ཞུ་རྒྱུ་ཡིན།

Bangchen admin· · 0 མཆན་འགྲེལ། ·

གོང་ས་མཆོག་གིས་ཝཱ་ར་ཎ་སིར་གསུང་ཆོས་གནང་བཞིན་ཡོད་པ་རེད། 

སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་མདོ་སྨད་ཆོལ་ཁ་དང༌། དགའ་ལྡན་བྱང་རྩེའི་བླ་སྤྲུལ་ལྷན་ཚོགས། ཝཱ་ཎ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་སོགས་དད་ལྡན་རྣམས་ཀྱིས་ཇི་ལྟར་གསོལ་བ་ཕུར་ཚུགས་སུ་བཏབ་པ་བཞིན་ྋགོང་ས་མཆོག་ཟླ་འདིའི་ཚེ་༧ ཉིན་གྱི་སྔ་དྲོ་ཝཱ་ར་ཎ་སི་གནམ་ཐང་ནས་ཝཱ་ཎ་བོད་ཀྱི་ཆེས་མཐོ་གཙུག་ལག་སློབ་གཉེར་ཁང་དུ་ཆིབས་བསྒྱུར་གནང་བ་དང༌། དད་ལྡན་ཆོས་ཞུ་བ་སྟོང་ཕྲག་མང་པོས་གཞུང་ལམ་གཡས་གཡོན་དུ་ཕྱག་ཏུ་མཇལ་དར་དང༌། མེ་ཏོག་ལ་སོགས་མཆོད་རྫས་སྣ་ཚོགས་ཐོགས་ཏེ་དགའ་བསུའི་སྣེ་ལེན་ཟབ་རྒྱས་ཞུས་ཡོད་པ་རེད།

Bangchen admin· · 0 མཆན་འགྲེལ། ·

ས་གླང་ལོར་ལོ་སར་མ་གཏོང་རོགས།

ཕྱི་ལོ་༢༠༠༩ ཟླ་༡ ཚེས་༩ ཉིན་ནོར་གླིང་མཐོ་སློབ་ཀྱི་གོ་སྒྲིག་འོག་ནོར་གླིང་བདེ་ལྡན་གཙུག་ལག་ཁང་དུ་སྙན་གྱེར་འདོན་མྱ་ངན་གདུང་དབྱངས་གྱེར་བའི་འདུ་འཛོམས་ཞེས་པ་ཞིག་འཚོགས་ཡོད་པ་དང༌།

Bangchen admin· · 0 མཆན་འགྲེལ། ·

རྒྱ་གར་སྐུ་ཚབ་ཀྱིས་རྒྱ་ནག་ཏུ་གཟིཌ་སྐོར།

ཟླ་འདིའི་ཚེས་༥ ཉིན་རྒྱ་གར་གྱི་BJPཆབ་སྲིད་ཚོགས་པའི་སྣེ་ཁྲིད་འོག་སྤྱི་ཚོགས་ཞབས་ཞུ་ཚོགས་པ་དང༌། R Fཚོགས་པ་བཅས་རྒྱ་གར་གྱི་སྐུ་ཚབ་ཚོགས་པ་ཞིག་རྒྱ་ནག་ནང་དུ་འབྱོར་ཡོད་པ་དང༌། ཚོགས་པའི་དེའི་ནང་ཡོད་པའི་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཞིག་གིས་སྐབས་འདིར་རྒྱ་ནག་དམར་ཤོག་ཚོགས་པ་དང་མཉམ་དུ་བོད་དོན་སྐོར་གླེང་སློང་བྱེད་ཀྱི་ཡིན་སྐོར་གསར་འགོད་བརྒྱུད་ལམ་དུ་འགྲེལ་བརྗོད་གནང་ཡོད་པ་རེད། ཐེངས་འདིའི་སྐུ་ཚབ་ཚོགས་པ་དེས་རྒྱ་དཀར་ནག་བར་གྱི་འབྲེལ་བ་ཡར་རྒྱས་གཏོང་ཆེད་དུ་ཡིན་འདུག རྒྱ་གར་གྱི་BJP ཚོགས་པ་R F ཚོགས་པ་གཉིས་ཀྱིས་ནམ་རྒྱུན་བོད་དོན་ཆེད་རྒྱབ་སྐྱོར་ཤུགས་ཆེན་བྱེད་ཀྱི་ཡོད་པ་རེད།།

Bangchen admin· · 0 མཆན་འགྲེལ། ·

མ་འགྲིག་ན་ཡང་ང་ཚོ་འགོ་ཁྲིད་མཁན་ཚོས་མ་འགྲིག་པ་རེད།

ཟླ་འདིའི་ཚེས་༡ ནས་ཉིན་དྲུག་རིང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་བྷེང་ལོར་གཞོན་ནུའི་མགྲོན་ཁང་དུ་བོད་པའི་མཐོ་རིམ་སློབ་མ་ཚོར་འགོ་ཁྲིད་ཟབ་སྦྱོང་ཐེངས་དགུ་པ་དེ་འཚོགས་ཡོད་པ་རེད། ཉིན་དེའི་ཞོགས་པ་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཟུར་པ་ཀརྨ་ཆོས་འཕེལ་མཆོག་གིས་བགྲོ་གླེང་སྒོ་འབྱེད་གནང་བ་དང༌། དབུས་གཞོན་ནུའི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས་ཟབ་སྦྱོང་འདི་ནི་ཆེད་དུ་བོད་རིགས་གཞོན་སྐྱེས་རྣམས་ལ་བོད་འདི་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་ཡིན་པ་དང༌།

Bangchen admin· · 0 མཆན་འགྲེལ། ·

ཞི་རྒོལ་བར་ཁྲིམས་གཅོད།

འདི་གར་འབྲེལ་ཡོད་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། དཀར་མཛེས་ལྷ་སྐྱིད་གྲོང་ནས་ཡིན་པ་ཕ་མིང་བསོད་ནམས་ཚེ་རིང་དང༌། མ་ཚེ་རིང་མཁའ་དགའ་གཉིས་ཀྱི་བུ་མོ་རང་ལོ་༢༡ ཅན་རིང་ལྡན་ལྷ་མོ་ཡིས་༢༠༠༨ ལོའི་ཕྱི་ཟླ་༥ ཚེས་༡༨ ཉིན་རྫོང་ཐོག་ཏུ་ཞི་རྒོལ་བྱེད་སྐབས་རྨས་སྐྱོན་ཕོག་ཡོད་ནའང་འཛིན་བཟུང་བྱས་ནས། ཕྱི་ཟླ་༡༢ པའི་ཚེས་༢༥ ཡས་མས་ཞིག་ལ་གཟུགས་པོ་ནད་གཅོང་ཆགས་སྟབས་གློད་བཀྲོལ་བཏང་འདུག ཡང་ཏྲེ་ཧོར་ཕྲ་བཟང་མཁའ་ཤང་རྟ་དཔོན་འབྲོག་སྡེ་ནས་རྟ་དཔོན་ཚང་གི་ཕ་ཚེ་འདས་ཕུན་ཚོགས་དང༌། མ་ཚེ་འདས་རིན་ཆེན་ལྷ་སྐྱིད་གཉིས་ཀྱི་བུ་མོ་རང་ལོ་༣༤ ཡིན་པ་གསེར་རྟ་བླ་རུང་དགོན་དུ་ཞི་རྒོལ་བྱས་རྐྱེན་དྲག་ཆས་ཉེན་རྟོག་པས་མེ་མདའ་བརྒྱབ་ནས་ཤིན་མིན་རོ་མིན་ཐོག་འཛིན་བཟུང་བྱས་པ་དང༌། ཕྱི་ཟླ་༡༢ པའི་ཚེས་༢༥ ཡས་མས་ཞིག་ལ་མོ་རང་གིས་ནང་དུ་ཁ་པར་བརྒྱུད་ནས། ད་སྐབས་རྒྱ་ནག་ཁྲིན་ཏུའུ་ལ་སྐྱེལ་འདྲེན་བྱས་ཟིན་པ་དང༌། རོགས་པ་གཅིག་དང་མཉམ་ལོ་གཉིས་ཀྱི་ཁྲིམས་ཐག་བཅད་ཡོད་ལུགས་དང༌། ད་དུང་ཕྲན་ལ་ཁྱིམ་པའི་གྱོན་ཆས་ཉོས་ནས་སྐུར་རོགས་ཞེས་བཤད་ཡོད་འདུག།

Bangchen admin· · 0 མཆན་འགྲེལ། ·

རྒྱ་གཞུང་གི་ཉེས་འཛུགས་ལ་ལན་འདེབས།

དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་རྒྱ་ནག་དམར་གཞུང་གི་ཉེས་འཛུགས་རྣམས་ལ་ལན་འདེབས་ཀྱི་དཔེ་དེབ་ཅིག་དབྱིན་ཡིག་ཐོག་དཔར་བསྐྲུན་བྱས་ཏེ། ཟླ་འདིའི་ཚེས་༦ ཉིན་གཞོན་ལྷན་གྱི་ཚོགས་གཙོ་གཞོན་པ་དོན་འགྲུབ་རྡོ་རྗེ་ལགས་ཀྱིས་དཔེ་དེབ་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་རེད།

Bangchen admin· · 0 མཆན་འགྲེལ། ·
བོད་ཀྱི་གསོ་རིག་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་དུས་དྲན།

བོད་ཀྱི་གསོ་རིག་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་དུས་དྲན།

ཟླ་འདིའི་ཚེས་༥ རེས་གཟའ་ཟླ་བའི་ཉིན་བཙན་བྱོལ་བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་དབུ་བརྙེས་ནས་ལོ་ངོ་ལྔ་འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོ་དེ་ཉིད་བོད་གཞུང་སྨན་རྩིས་ཁང་དུ་འཚོགས་ཡོད་པ་དང༌། དེར་སྐུ་མགྲོན་གཙོ་བོ་རང་གཞུང་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་དང༌།བདེ་ལེགས་སྨན་ཁང་གི་འགན་འཛིན་དང་བོད་མི་མང་སྤྱི་འཐུས་ཟླ་བ་ཕུན་སྐྱིད། འཕྲོད་བསྟེན་དྲུང་ཚབ་ཤོ་ཟུར་བསོད་ནམས་ཆོས་འཕེལ། ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སྨན་རམས་པ་ཉི་མ་ཚེ་རིང་བཅས་ཕེབས་ཡོད་པ་མ་ཟད།འབྲེལ་ཡོད་སྨན་པ་ཁག་ཅིག་དང༌། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་འགའ་ཡང་ཕེབས་ཡོད་པ་རེད།

Bangchen admin· · 0 མཆན་འགྲེལ། ·
ཨ་རི་དང་བོད་པའི་མཐོ་སློབ་བར་ཤེས་ཡོན་བརྗེ་ལེན་གྱི་གན་རྒྱ།

ཨ་རི་དང་བོད་པའི་མཐོ་སློབ་བར་ཤེས་ཡོན་བརྗེ་ལེན་གྱི་གན་རྒྱ།

ཟླ་འདིའི་ཚེས་༡ ཉིན་དྷ་སའི་ཉེ་འགྲམ་ས་རཱ་མཐོ་སློབ་ཏུ་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དང༌། ཨ་རིའི་མཱ་ཡ་མིའ་མཐོ་སློབ་གཉིས་མ་འོངས་པར་སློབ་མ་ཕར་གཏོང་ཚུར་ལེན་གྱིས་ཕྱོགས་ཕན་ཚུན་ཤེས་ཡོན་བརྗེ་ལེན་བྱེད་རྒྱུའི་གན་རྒྱ་བཞག་ཡོད་པ་རེད།

ཕྱི་ལོ་༢༠༠༩ ལོ་གསར་ཉིན་ཏེ། ཟླ་༡ པོའི་ཚེས་༡ ཉིན་མཐོ་སློབ་གཉིས་ཀྱི་བར་སློབ་མ་ཕར་གཏོང་ཚུར་ལེན་གྱི་གན་རྒྱ་བཞག་པའི་ཚོགས་འདུ་ཞིག་འཚོགས་ཡོད་པ་རེད། སྐབས་དེར་སྐུ་མགྲོན་གཙོ་བོ་བོད་གཞུང་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་དང༌། ཤེས་རིག་དྲུང་ཆེ་ཀརྨ་དགེ་ལེགས་ལགས། ཕྱི་དྲིལ་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་ལགས། བོད་ཀྱི་དཔེ་མཛོད་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་སོགས་ཕེབས་ཡོད་པ་རེད།

Bangchen admin· · Comments are Disabled ·

བྷེང་ལོར་དུ་གཞོན་ནུའི་འགོ་ཁྲིད་ཟབ་སྦྱོང་ཐེངས་དགུ་པ།

ཟླ་འདིའི་ཚེས་༡ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་བྷེང་ལོར་གཞོན་ནུའི་མགྲོན་ ཁང་དུ་འགོ་ཁྲིད་ཟབ་སྦྱོང་ཐེངས་དགུ་པ་དེ་གོ་སྒྲིག་ཞུས་ཡོད་པ་རེད།
    དེ་ཡང་ཞོགས་པའི་ཆུ་ཚོད་དགུ་པའི་ཐོག་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་དང་མི་ རིགས་དང་རྒྱལ་ཁབ་ཆེད་ལུས་སྲོག་ཤོར་བའི་རྒྱལ་གཅེས་དཔའ་བོ་ཕོ་མོ་རྣམས་ལ་མྱ་ ངན་གུས་འདུད་ཞུས། སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཟུར་པ་ཀརྨ་ཆོས་འཕེལ་ལགས་ནས་ སྒོ་འབྱེད་སྣང་གསལ་ཞལ་ཕྱེ་གནང༌།

Bangchen admin· · 0 མཆན་འགྲེལ། ·