བཙན་བྱོལ།

གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དུ་མར་མེའི་ཁྲོམ་སྐོར།

ཟླ་འདིའི་ཚེས་༧ གཟའ་མིག་དམར་ཉིན་བྷེལ་ཀོབ་གཞིས་གྲོང་དང་པོའི་བྱང་ཆུབ་མཆོད་རྟེན་ཉེ་འགྲམ་དུ་བྷེལ་ཀོབ་ཧྲེ་ཧོར་སྐྱིད་སྡུག་གིས་གོ་སྒྲིག་འོག་བོད་ནང་གི་གཞིས་ལུས་སྤུན་ཟླ་ཚོར་གདུང་སེམས་མཉམ་བསྐྱེད་ཆེད་མར་མེ་ཁྲོམ་སྐོར་ཞིག་བྱས་ཡོད་པ་རེད།
ཕྱི་དྲོ་ཆུ་ཚོད་༦ པའི་ཐོག་བྷེལ་ཀོབ་ས་གནས་བོད་རིགས་སེར་སྐྱ་ལྔ་བརྒྱར་ཉེ་བ་ཙམ་བྷེལ་ཀོབ་ཧྲེ་ཧོར་སྐྱིད་སྡུག་གིས་གཞིས་གྲོང་དང་པོའི་བྱང་ཆུབ་མཆོད་རྟེན་ཉེ་འགྲམ་དུ་བསྡུ་སྐོང་བྱས་ཤིང༌། ལུགས་བསམ་ས་གནས་འགོ་འཛིན་བཀྲིས་དབང་འདུས་དང༌། ས་གནས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་རྣམས་པ་གདན་ཞུས་ཀྱིས་བོད་ནང་གི་རྒྱལ་གཅེས་སྤུན་ཟླ་རྣམས་ཀྱི་བོད་མི་རིགས་རྒྱལ་ཁབ་ཀྱི་ཆེད་དུ་སྙིང་སྟོབས་དང་ཆོད་སེམས་ཀྱིས་དཀའ་སྡུག་མྱངས་དང་མྱོང་བཞིན་ཡོད་པ་རྣམས་དང༌།

Bangchen admin· · 0 མཆན་འགྲེལ། ·
མཐར་ཐུག་གི་དམིགས་ཡུལ་མེད་ན་ཕན་ཐོགས་ཡོད་མ་རེད།

མཐར་ཐུག་གི་དམིགས་ཡུལ་མེད་ན་ཕན་ཐོགས་ཡོད་མ་རེད།

སོ་སོར་ངེས་པ་མེད་པར་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་ལབ་པ་ཡིན་ན། རྨོངས་དད་ཟེར་བ་དེ་རེད། ྋརྒྱལ་བ་རིན་པོ་ཆེས་གསུངས་པ་རེད་ཅེས་དེའི་རྗེས་སུ་ཕྱིན་པ་ཡིན་ན་རྨོངས་དད་ཆགས་པ་རེད། རྨོངས་དད་ཀྱིས་ཆབ་སྲིད་ཀྱི་ལངས་ཕྱོགས་ལ་ཕན་ཐོགས་གང་ཡང་ཡོད་མ་རེད། ཆོས་ལ་རྨོངས་དད་ཀྱིས་ཕན་ཐོགས་ཡོད་མ་རེད་དེ། སྐབས་རེ་རྨོངས་དད་རང་གི་ཐོག་ནས་དད་པ་ཙམ་འགྲུབ་རྒྱུ་ཡོད་རེད། ཆབ་སྲིད་ཀྱི་ཐོག་ལ་རྨོངས་དད་ཀྱིས་བསྒྲུབ་བྱ་འགྲུབ་རྒྱུ་གང་ཡང་ཡོད་མ་རེད་ཅེས་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུངས་སོང།

Bangchen admin· · 0 མཆན་འགྲེལ། ·

འཛམ་གླིང་འཕྲོད་བསྟེན་ཉིན་མོ་སྲུང་བརྩི།

ཟླ་འདིའི་ཚེས་༧ ཉིན་འཛམ་གླིང་ས་ཕྱོགས་གང་སར་འཛམ་གླིང་འཕྲོད་བསྟེན་ཉིན་མོ་སྲུང་བརྩི་གནང་བཞིན་ཡོད་པ་ལྟར། འདི་ག་མོན་གྷོ་བོད་མིའི་གཞིས་སྒར་དུའང་དགའ་ཤར་འཕྲོད་བསྟེན་སྨན་ཁང་གིས་གོ་སྒྲིག་འོག་མོན་གྷོ་གཞིས་སྤྱིའི་ཚོགས་ཁང་དུ་ཐོག་མར་འབྲེལ་ཡོད་ས་གནས་ལས་བྱེད་རྣམས་ཀྱིས་ྋགོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་ཕུལ་བ་དང་ས་གནས་འགོ་འཛིན་གྱིས་རང་གཞུང་འཕྲོད་བསྟེན་བཀའ་བློན་མཆོག་གི་གསུང་བཤད་སྒྲོགས་སྦྱང་གནང་བ་དང༌། ས་འཐུས་ཚོགས་གཙོས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་ཡོད་པ་རེད།

Bangchen admin· · 0 མཆན་འགྲེལ། ·

ས་གནས་སྤྱི་མི་གསར་པ་ཚོར་ཟབ་སྦྱོང༌།

ཟླ་འདིའི་ཚེས་༦ ཉིན་བྷེལ་ཀོབ་ལུགས་བསམ་མཉམ་སྤྲེལ་ཚོགས་ཁང་དུ་གཞིས་གྲོང་ཁག་གི་སྤྱི་མི་གསར་པ་རྣམས་ལ་ལས་དོན་བྱེད་ཕྱོགས་ཀྱི་ཟབ་སྦྱོང་ཞིག་སྤྲད་ཡོད་པ་རེད། དེ་ནི་བྷེལ་ཀོབ་བདེ་སླར་ཚེ་རིང་ལྷུན་གྲུབ་དང་བཀྲིས་བདེ་ལེགས་གཉིས་སྒེར་ཀྱིས་གོ་སྒྲིག་བྱས་པ་དང༌། ཞོགས་པའི་ཆུ་ཚོད་དགུ་བའི་ཐོགས་སྤྱི་མི་རྣམས་ལུགས་བསམ་མཉམ་སྤྲེལ་ཚོགས་ཁང་དུ་འདུ་འཛོམས་ཀྱིས་སྔ་འགྱུར་བསྟན་པའི་དབུ་འཛིན་ཟུར་པ་གྲུབ་དབང་པདྨ་ནོར་བུ་མཆོག་དགོངས་པ་ཆོས་དབྱིངས་སུ་གཤེགས་པར་ངག་བཅད་མྱ་ནང་གུས་འདུད་ཞུས་རྗེས།

Bangchen admin· · Comments are Disabled ·

ཞིང་ལས་མི་བྱེད་པའི་ལས་འགུལ་མཚམས་འཇོག་རོགས།

བོད་ནང་གི་ས་གནས་གང་སར་གཅིག་རྗེས་གཉིས་མཐུད་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་མཁན་བྱུང་དང་འབྱུང་བཞིན་ཡོད་པ་དང༌། དཀར་མཛེས་ཁུལ་གཙོས་ས་གནས་ཁག་ཅིག་ཏུ་ཞིང་ལས་མི་བྱེད་པའི་ངོ་རྒོལ་ལས་འགུལ་སྤེལ་བཞིན་ཡོད་པ་རེད། ཟླ་འདིའི་ཚེས་༦ ཉིན་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་བརྒྱུད་ནས་གསུང་དོན། སྤྱིར་བཏང་ས་ཞིང་མི་འདེབས་རྒྱུ་དེ་ཞི་བའི་ཐོག་ནས་རྣམ་འགྱུར་བསྟན་པ་དང༌། བདེན་པའི་ཨུ་ཚུགས་ཀྱི་ལས་འགུལ་ཡང་དག་པ་ཞིག་ཆགས་ཀྱི་ཡོད་པ་རེད་མོད། ང་རང་ཚོས་ཞིང་ལས་མ་བྱས་ན་ཕུགས་ལ་བོད་མི་རང་གི་འཚོ་བར་དཀའ་ངལ་འཕྲད་རྒྱུ་དང༌། ལྷག་པར་དུ་ས་ཞིང་བདག་པོ་ཚོས་ས་ཞིང་མ་བཏབ་ནས་སྟོན་ཐོག་གི་མཐུན་རྐྱེན་མ་བྱུང་ན། མ་འོངས་པར་འཚོ་བའི་དཀའ་ངལ་འཕྲད་རྒྱུའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་པས། ས་ཞིང་འདེབས་ཐུབ་ན་ཡག་པོ་ཡོད་པ་རེད་ཅེས་གསུངས་ཡོད་པ་རེད།

Bangchen admin· · 0 མཆན་འགྲེལ། ·

ནང་ཆོས་དང་ཚན་རིག་བར་གྱི་བགྲོ་གླེང༌།

སངས་རྒྱུས་ཀྱི་ལྟ་གྲུབ་ཀྱི་ཐོག་ནས་བཤད་བསྡད་པ་དེ་ཚན་རིག་གི་ཐོག་བཙལ་ཏེ། ཟུང་འབྲེལ་གྱི་ཐོག་ནས་ཤེས་བྱ་རྒྱ་ཆེ་རུ་གཏོང་རྒྱུ་དང༌། ཤེས་བྱ་རྒྱ་ཆེ་རུ་བཏང་བའི་གྲུབ་དོན་དེ་མི་ལ་བདེ་སྐྱིད་ཡོད་དགོས་པ་ཞིག་རེད་ཅེས་དང༌། ཚན་རིག་པ་དང་མཉམ་དུ་ཐུག ཆོས་ལ་དད་པ་མེད་མཁན་དང༌། ཆོས་ལ་སྐྱོན་བརྗོད་བྱེད་མཁན་ཚོ་ཡིན་ནའང་ཐུག་ནས་སྐད་ཆ་བཤད་ན་ལེགས་པའི་ཆ་རེད་ཅེས་ྋགོང་ས་མཆོག་གིས་ཆོས་ཚན་བར་གྱི་ཚོགས་འདུ་ཐེངས་བརྒྱད་པའི་ཐོག་གསུངས་ཡོད་པ་རེད།
    ཟླ་འདིའི་ཚེས་༦ ཉིན་དྷ་ས་བཞུགས་སྒར་ཕོ་བྲང་དུ་ནང་ཆོས་དང་ཚན་རིག་བར་གྱི་བགྲོ་གླེང་ཐེངས་༡༨ པ་དེ་འཚོགས་ཡོད་པ་དང༌། ཉིན་དང་པོར་ྋགོང་ས་མཆོག་དབུ་བཞུགས་ཐོག་དཔལ་རྒྱལ་དབང་ཀརྨ་པ་མཆོག་གིས་དབུས་བླ་ཆེན་ཁག་ཅིག་དང༌།

Bangchen admin· · 0 མཆན་འགྲེལ། ·

རྒྱ་གར་གྱི་འཛམ་གླིང་ཞི་བདེ་ཆེད་གཟིགས་སྟངས།

ཟླ་འདི་ཚེས་༥ ཉིན་དྷ་ས་ཐེག་ཆེན་ཆོས་གླེང་གཙུག་ལག་ཁང་དུ་རྒྱ་གར་གྱི་འཛམ་གླིང་ཞི་བདེ་ཆེད་གཟིགས་སྟངས་ཞེས་པའི་ཚོགས་ཆེན་ཐེངས་གཉིས་པ་དེ་འཚོགས་ཡོད་པ་དང༌། དེའི་ཐོག་ྋགོང་མཆོག་གིས་དབུས་རྒྱ་གར་གྱི་བླ་ཆེན་ཁག་ཅིག་ཆིབས་བསྒྱུར་གནང་ཡོད་པ་རེད། རྒྱ་གར་བླ་ཆེན་རྣམ་པས་ྋགོང་མཆོག་གིས་རྒྱ་གར་གྱི་མི་སེལ་གྱི་ཕྱག་འཁྱེར་བཞེས་དགོས་སྐོར་དང༌། འཛམ་གླེང་གི་བཞི་བདེའི་དབུ་ཁྲིད་གནང་དགོས་པ་རེད། དེ་བཞིན་ྋགོང་ས་མཆོག་གིས་བོད་ཀྱི་གནད་དོན་ཐོག་མུ་མཐུད་ཐུགས་འགན་བཞེས་དགོས་པ་མ་ཟད། རྒྱ་གར་བླ་ཆེན་ཆེན་ཚོའི་ངོས་ནས་ཀྱང་རྒྱབ་སྐྱོར་གནང་རྒྱུ་ཡིན་སྐོར་གསུངས་ཡོད་པ་རེད།

Bangchen admin· · Comments are Disabled ·

རིགས་སློབ་རྒན་དམ་པ་བློ་བཟང་རྒྱ་མཚོའི་ཡང་སྲིད་ཁྲི་འདོན།

ཟླ་འདིའི་ཚེས་༦ ཉིན་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རིགས་ལམ་སློབ་གཉེར་ཁང་ངམ་མཚན་ཉིད་གྲྭ་ཚང་གི་དབུ་དགེ་གཅིག་ལྕོགས་ཞིང་གཤེགས་དམ་པ་རྒན་བློ་བཟང་རྒྱ་མཚོ་མཆོག་གི་ཡང་སྲིད་བསྟན་འཛིན་ཚེ་བརྟན་རིན་པོ་ཆེའི་ཁྲི་འདོན་མཛད་སྒོ་ཞིག་འཚོགས་ཡོད་པ་དང༌། མཛད་སྒོ་དེར་མཚན་ཉིད་གྲྭ་ཚང་གཙོ་བོར་གྱུར་པའི་དགོན་སྡེ་ཁག་གི་སྐུ་ཚབ་རྣམ་པ་དང༌། བཙན་བྱོལ་བོད་གཞུང་གི་ཁྲིམས་ཞིབ་པ་ཆེ་བ། བཀའ་བློན་རྣམ་པ། སྤྱི་འཐུས་ཚོགས་གཙོ་གཙོས་སྤྱི་འཐུས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ། ཡང་སྲིད་རིན་པོ་ཆེའི་ཡབ་ཡུམ་གྱིས་གཙོས་པས་སེར་སྐྱ་མི་མང་བརྒྱ་ཕྲག་མང་པོ་འདུ་འཛོམས་བྱུང་ཡོད་པ་རེད།

Bangchen admin· · 0 མཆན་འགྲེལ། ·

གསང་མི་ཐུབ་པའི་གསང་བ་ཞེས་པའི་དཔེ་དེབ།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་སྤོ་ཆུང་ཚང་དོན་གྲུབ་ལྷ་དར་ལགས་ཀྱིས་བརྩམས་པའི་<<གསང་མི་ཐུབ་པའི་གསང་བ་>>ཞེས་པའི་དཔེ་དེབ་དེ་ཟླ་འདིའི་ཚེས་༤ ཉིན་དབུ་འབྱེད་གནང་ཡོད་པ་དང༌། དེབ་དེ་ནི་རྒྱ་ནག་གིས་བོད་ཞི་བས་བཅིངས་འགྲོལ་ཟེར་བའི་བསྒྲགས་གཏམ་འོག་མི་ལོ་ལྔ་བཅུའི་མུན་ནག་གི་བདེན་དཔང་ཆེད་དུ་པར་སྐྲུན་བྱས་པ་ཞིག་རེད།
    དེབ་དེའི་ནང་དུ་རྒྱ་ནག་གཞུང་གིས་བོད་ཡུལ་ཡོངས་སུ་རྫོགས་པར་ཁོང་ཚོའི་རོགས་རམ་འོག བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་དེ་ཉིད་རྩ་མེད་དུ་བཏང་ནས་ཉམ་ཆུང་མི་མང་རྣམས་ལ་བཅིངས་འགྲོལ་བཏང་བ་དང༌། ད་ལྟའི་ཆར་གནམ་ས་བླ་འོག་བསྒྱུར་བ་ལྟ་བུ་དང༌། བྱ་འཕུར་བ་ལྟ་བུའི་ཡར་རྒྱས་སུ་འགྲོ་བཞིན་ཡོད་པ།

Bangchen admin· · 0 མཆན་འགྲེལ། ·
ས་ཡོམ་སྐབས་ཀྱི་ཉེན་འགོག་སྦྱོང་བརྡར།

ས་ཡོམ་སྐབས་ཀྱི་ཉེན་འགོག་སྦྱོང་བརྡར།

ཟླ་འདིའི་ཚེས་༤ ཉིན་ས་ཡོམ་བྱུང་སྐབས་སུ་ས་ལ་མར་སྒུར་བ་དང༌། ཅོག་ཙེའི་འོག་ཏུ་སྡོད་པ། ས་ཡོམ་མ་ཚར་བར་ཅོག་ཙེ་ལ་དམ་པོར་འཇུ་བ། ས་ཡོམ་ཚར་རྗེས་ཕྱི་ལ་ཐོན་དགོས་པ་སོགས་ས་ཡོམ་ཉེན་འགོག་བྱེད་ཐབས་སྐོར་ལ་སྦྱོང་བརྡར་ཞིག་དྷ་སྟེང་བོད་ཁྱིམ་དུ་སྤྲད་ཡོད་པ་དང༌། ཧི་མ་ཅལ་མངའ་སྡེའི་ནང་དུ་ཡོད་པའི་བོད་པའི་སློབ་གྲྭ་ཁག་༡༨ ལ་ཉིན་དེར་གཅིག་མཚུངས་ཀྱིས་སྦྱོང་བརྡར་སྤྲད་ཡོད་པ་རེད། སྦྱོང་བརྡར་བྱེད་དགོས་པའི་རྒྱུ་མཚན་ག་རེ་ཡིན་མིན་སྐོར་ས་ཡོམ་ཉེན་སྐྱོབ་སྦྱོང་བརྡར་གྱི་འབྲེལ་མཐུད་པ་ཚེ་རིང་དོན་གྲུབ་ལགས་སུ་དྲིས་པར། ཁོང་གིས་གསུང་དོན། ཧི་མ་ཅལ་མངའ་སྡེ་འདི་ནི་རྒྱ་གར་གྱི་ས་ཡོམ་གྱི་ཉེན་ཁ་ཆེ་བའི་ས་ཁུལ་ལྔའི་ནང་ནས་ཉེན་ཁ་ཆེ་ཤོས་ཀྱི་ས་གནས་སུ་ཁེལ་ཡོད་པ་དང༌། འདས་པའི་ལོ་རྒྱུས་ནང་ལ་ས་གནས་འདིར་ས་ཡོམ་ཚབས་ཆེན་བྱུང་བའི་ལོ་རྒྱུས་ཡོད་པ་རེད། ཚན་རིག་པ་མང་པོས་མ་འོངས་པར་ས་གནས་འདིར་ས་ཡོམ་རྒྱག་རྒྱུ་ཡིན་པའི་སྐོར་མང་པོ་གསུངས་ཡོད་རེད།

Bangchen admin· · Comments are Disabled ·