ཤེས་རིག་ཚོགས་ཆེན་མཇུག་བསྒྲིལ་ཡོད་པ་རེད།

end of the conferenceཤེས་རིག་ཚོགས་ཆེན་ཐེངས་ལྔ་པའི་ཐོག་“བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་ཆ་ཚང་བ་བོད་མིའི་སློབ་གྲྭ་ཡོངས་ནས་ལག་བསྟར་ཡོང་བར་འབོད་སྐུལ་ཤུགས་ཆེན་ཞུ་རྒྱུ་དང། སྲིད་བྱུས་ནང་གསལ་དགེ་རྒན་གྱི་ལས་འགན་དང་བྱེད་སྒོ་ཁག་སློབ་དགེ་སོ་སོས་གོ་རྟོགས་དང་ལག་ལེན་འཐུས་གཙང་ཡོང་སླད། སློབ་ཁག་སོ་སོའི་ནང་ཤེས་ཡོན་སྲིད་བྱུས་སློབ་སྦྱོང་དང། བགྲོ་གླེང་གི་ལས་རིམ་གང་མང་སྤེལ་རྒྱུ།

Read more

༧གོང་ས་མཆོག་ལ་བརྟན་བཞུགས་དང་པཎ་ཆེན་རྗེས་དྲན།

hh 30 december1ཕྱི་ཟླ་༡༢ པའི་ཚེས་༣༠ ཉིན་བཞུགས་སྒར་དྷ་རམ་ས་ལར་བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོའི་བླ་སྤྱི་དང། པཎ་ཆེན་ཨིར་ཏི་ནི་ཞབས་ཞུ་ལས་དོན་ལྟེ་གནས་ཁང་གཉིས་ཀྱི་གོ་སྒྲིག་འོག པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་མཆོག་དགོངས་པ་གཞན་དོན་དུ་གཤེགས་ནས་མི་ལོ་ཧྲིལ་པོ་ཉི་ཤུ་འཁོར་བའི་དུས་དྲན་གྱི་མཛད་སྒོ་འཚོགས་པ་དང་སྟབས་བསྟུན། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་གསོལ་འདེབས་ཟབ་རྒྱས་ཤིག་ཕུལ་ཡོད་པ་རེད།

Read more

ཤེས་ཡོན་ལས་བསྡོམས་སྙན་ཐོ།

ཟླ་འདིའི་ཚེས་༢༧ ཉིན་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་གཡུ་ཐོག་ཀརྨ་དགེ་ལེགས་ལགས་ཀྱིས་ཤེས་ཡོན་ལས་བསྡོམས་ཀྱི་སྙན་ཐོ་སྒྲོག་སྦྱངས་གནང་དོན་དུ། བཙན་བྱོལ་བོད་མིའི་ཤེས་རིག་ཚོགས་ཆེན་ལྔ་པའི་དབུ་འབྱེད་མཛད་སྒོའི་ཚོགས་མགོན་དུ་ྋཞབས་ཀྱི་པད་མོ་མངོན་པར་བཀོད་པ། ལྷར་བཅས་སྲིད་ཞིའི་གཙུག་རྒྱན། འཇིག་རྟེན་ཞི་བདེའི་དེད་དཔོན།

Read more

གྲུབ་འབྲས་ཡོང་མིན་ནི་ལག་བསྟར་ཐུབ་མིན་ལ་རག་ལུས་ཡོད།

ཤེས་ཡོན་སྲིད་བྱུས་འདི་ནི་ཆོས་ལུགས་ཁག་ནས་བསྟན་པའི་ནང་དོན་རིག་པའི་རྨང་གཞིའི་ཐོག ྋགོང་ས་ྋསྐྱབས་མགོན་ཆེན་པོའི་འདས་པའི་ལོ་ངོ་བཅུ་ཕྲག་བཞི་ལྷག་རིང་འཇིག་རྟེན་སྤྱི་དང༌། ཁྱད་པར་བོད་མིའི་ཤེས་ཡོན་སྐོར་བཀའ་སློབ་སྔ་རྗེས་སུ་ཕེབས་པ་རྣམས་སྙིང་དོན་དུ་བཟུང༌ཡོད་ཅེས་བཀའ་ཁྲི་མཆོག་གིས་གསུངས་སོང།

Read more

གནས་སྟངས་ལ་གཞིགས་ཏེ་མཐུན་རྐྱེན་སྦྱར་དགོས།

ྋགོང་ས་མཆོག་གི་དགོངས་གཞི་ལྟར་སྤྱི་ཚོགས་ཀྱི་དགོས་མཁོ་བསྒྲུབ་ཐུབ་པའི་འགྱུར་བ་དང༌། འཛམ་གླིང་སྤྱི་དང་ལྷག་པར་དུ་བོད་དོན་བདེན་མཐའ་གསལ་ཐབས་ལ་སྨན་པའི་བྱ་གཞག་ཆེན་པོ་སྒྲུབ་པའི་ཆ་རྐྱེན་དུ་འགྱུར་བའི་རེ་བ་ཞུ་བཞིན་ཡོད་ཅེས་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གསུངས་ཡོད་པ་རེད།

Read more

བཙན་བྱོལ་བོད་མིའི་ཤེས་རིག་ཚོགས་ཆེན་ཐེངས་ལྔ་པ།

sherig tsokchen_1ཟླ་འདིའི་ཚེས་༢༧ ཉིན་ནས་ཉིན་གསུམ་རིང། བཙན་བྱོལ་བོད་མིའི་ཤེས་ཡོན་ཚོགས་ཆེན་ཐེངས་ལྔ་པ་དེ་དྷ་ཤོད་བོད་ཁྱིམ་དུ་འཚོག་བཞིན་ཡོད་པ་དང། ཉིན་དང་པོའི་ཚོགས་མགོན་དུ་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་གནང་བ་དང། དེ་ནས་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་གཙོས་བཀའ་བློན་རྣམ་པ་དང།

Read more

སོ་སོར་ཡི་གེ་ཡོད་བསམ་པའི་སྤོབས་པ་སྐྱེ་ཡོང་གི་འདུག

shirig 27 decem1“དུས་རབས་གསར་པ་འདིའི་ནང་ཡར་རྒྱས་ཕྱིན་པའི་སློབ་སྦྱོང་གསར་པ་མང་པོ་ཞིག་རྙེད་བསྡད་པ་དེ་ཡང་བོད་ཡིག་ནང་ལ་བསྒྲུབ་མི་ཐུབ་པ་དང། སྒྱུར་མི་ཐུབ་པ་ཞིག་ཡོང་གི་མ་རེད་བསམས་ནས། དེ་གཏན་ཁེལ་བ་ཞིག་རེད། བོད་མི་རིགས་ཀྱི་སངས་རྒྱས་པའི་ཆོས་དང་བོད་ཡིག་དེ་དངོས་ནས་སྤོབས་པ་སྐྱེ་གཞི་ཞིག་ཆགས་འདུག་”ཅེས་༧གོང་ས་མཆོག་གིས་བཀའ་སློབ་གནང་སོང།

Read more

སྐུ་གོང་མའི་ཞལ་ཆེམས་ལ་འགན་འཁྱེར་གྱི་ཡོད།

1karma pa dordenབོད་མི་ཡོངས་ཀྱི་དབུ་བླ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། སྐུ་གོང་མའི་ཞལ་ཆེམས། དེ་བཞིན་བོད་ཀྱི་སྐྱེས་ཆེན་དམ་པ་མང་པོས། ང་ཀརྨ་པ་སྐུ་ཕྲེང་༡༦ པའི་ཡང་སྲིད་རེད་ཅེས་ངོས་འཛིན་གནང་བ་དེར་ངས་འགན་འཁྱེར་གྱི་ཡོད་ཅེས། དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་གསར་འགོད་པའི་དྲི་བར་ལན་འདེབས་གནང་སོང་།

Read more

དགུང་སྐེག་ཞི་ཆེད་སྨན་སྦྱིན་དང་ཟས་སྦྱིན་ཆེན་མོ།

karma ba sisterདཔལ་རྒྱལ་བ་ཀརྨ་པ་མཆོག་དགུང་ལོ་ཉེར་ལྔར་ཕེབས་པའི་དགུང་སྐེག་ཞི་བའི་ཆེད་དུ། ཁོང་གི་ལྕམ་སྲིང་མ་དངོས་གྲུབ་དཔལ་འཛོམས་ལགས་ཀྱིས་འགན་གཙོ་བོར་བཞེས་ནས། མ་ལེ་ཤི་ཡ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་ནས་ཕེབས་པའི་དང་བླང་ཞབས་ཞུ་བ་ཚོས། ལོ་འདིའི་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་༢༧ དབུ་འཛུགས་གནང་བ་དང་བསྟུན་ནས། སྨོན་ལམ་གྱི་དུས་ཡུན་ཉིན་བརྒྱད་རིང་ཡུལ་མི་གཙོ་བོར་གྱུར་པའི་ཆོས་ཞུ་བ་ཡོངས་རྫོགས་ལ་རིན་མེད་སྨན་སྦྱིན་དང་། ཡུལ་མི་དབུལ་པོ་རྣམས་ལ་ཟས་སྦྱིན་ཆེན་མོ་ཞེས་པའི་ལས་འགུལ་ཞིག་སྤེལ་སོང་།

Read more

བཀའ་བརྒྱུད་སྨོན་ལམ་ཆེན་མོ་དབུ་འཛུགས།

 

བཀའ་བརྒྱུད་པའི་སྨོན་ལམ་ཆེན་མོ་དེ་ཟླ་འདིའི་ཕྱི་ཚེས་༢༤ ཉིན་དབུ་འཛུགས་ཀྱིས་དཔལ་རྒྱལ་བ་༧ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་དབུ་བཞུགས་ཐོག སྐྱབས་རྗེ་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་དང་། སྐྱབས་རྗེ་གོ་ཤིར་རྒྱལ་ཚབ་རིན་པོ་ཆེ། སྐྱབས་རྗེ་མཁན་ཆེན་ཁྲ་འགུ་རིན་པོ་ཆེ། སྐྱབས་རྗེ་དགར་དབང་རིན་པོ་ཆེ་སོགས་གནས་མཆོག་རྡོ་རྗེ་གདན་དུ་ཆེད་ཕེབས་གནང་སྟེ་བཀའ་བརྒྱུད་སྨོན་ལམ་ཆེན་མོ་དབུ་འཛུགས་གནང་སོང་ལ།

Read more
Page 331 of 384« First...329330331332333...Last »