འགྲོ་བ་མིའི་མཛའ་བརྩེ་གོང་འཕེལ་གཏོང་ཆེད་ཡིན།

ྋགོང་ས་མཆོག་ཟླ་འདིའི་ཚེས་༨ ཉིན་རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་ནང་ཆིབས་བསྒྱུར་ཐེངས་ལྔ་པ་དེ་གནང་ཡོད་པ་དང༌། སྐབས་དེར་ཁོང་གིས།  “ངོས་གང་དུ་སོང་ནའང་རྒྱ་ནག་གིས་ངོ་རྒོལ་བྱེད་རྒྱུ་དེ་ནི་རྒྱུན་ལྡན་རེད་ལ། རྒྱ་ནག་གཞུང་གིས་ངོས་ལ་ཁ་བྲལ་གྱི་ལས་འགུལ་སྤེལ་གྱི་ཡོད་རེད་ཟེར་བ་ནི། གཞི་རྩ་གཏན་ནས་མེད་པའི་རྒྱ་ནག་དམར་ཕྱོགས་ཚོགས་པའི་སྐད་ཆ་ཞིག་རེད་”ཅེས་གསར་འགོད་པ་ཚོར་འགྲེལ་བརྗོད་གནང་ཡོད་པ་རེད།

Read more

བདེ་ཆེན་སྤེན་པ་བོད་དང་རྒྱ་ནག་ཏུ་བསྐྱོད་པའི་མྱོང་ཚོར།

ཟླ་འདིའི་ཚེས་༦ ཉིན་གྱི་ཕྱི་དྲོ་ཆུ་ཚོད་༥།༣༠ ཐོག་བོད་རང་དབང་སློབ་ཕྲུག་ཚོགས་པ་དང། བོད་སྨྱུག་གཉིས་ཀྱིས་དབྱིན་ཡུལ་དུ་གནས་སྡོད་བདེ་ཆེན་སྤེན་པ་ལགས་པེ་ཅིང་དུ་བསྐྱོད་པའི་མྱོང་ཚོར་སྐོར་གྱི་གཏམ་བཤད་ཅིག་གོ་སྒྲིག་བྱས་ཡོད་པ་དང། ཕྱི་དྲོ་དེར་གངས་སྐྱིད་ལྷག་པ་ཚེ་རིང་ཚོགས་ཁང་དུ་བདེ་ཆེན་སྤེན་པ་ལགས་ཀྱིས་ཁོང་པེ་ཅིང་མི་རིགས་སློབ་གྲྭའི་ནང་དུ་ལོ་གཉིས་རིང་སློབ་སྦྱོང་བྱས་པའི་བརྒྱུད་རིམ་དང་། བོད་དུ་བསྐྱོད་པའི་སྐབས་བོད་མིའི་གནས་སྟངས་མཐོང་ཚུལ་གྱི་སྐོར་ལ་འདྲ་པར་བརྙན་འཕྲིན་བརྒྱུད་ནས་བསྟན་པ་དང་སྦྲགས་མི་མང་ལ་ངོ་སྤྲོད་གསུང་བཤད་གནང་ཡོད་པ་རེད།

Read more

སློབ་ཁྲིད་བྱེད་སྟངས་ལ་ཉམས་མྱོང་སྤེལ་རེས།

བོད་གཞུང་གི་དྲ་གནས་ཐོག་གནས་ཚུལ་སྤེལ་བ་ལྟར་ན། བོད་གཞུང་ཤེས་རིག་ལས་ཁུངས་དང༌། ཁེ་ཎ་ཌའི་ཝན་ཁུ་བར་གྲོང་ཁྱེར་གྱི་སཱར་མན་ཕེ་ར་ཛ་གཙུག་ལག་སློབ་གྲྭའི་དབར་གཉིས་མོས་གྲོས་མཐུན་བཞག་ཡོད་པ་ལྟར། ཕྱི་ཟླ་ ༡༠ དང་ ༡༡ ནང་གོང་གསལ་ཁེ་ཎ་ཌའི་གཙུག་ལག་སློབ་ཁང་གི་དགེ་རྒན་འོས་སྦྱོང་པ་ཕོ་མོ་གྲངས། ༡༦ དང༌། སློབ་སྟོན་པ་གཉིས་བཅས་རྒྱ་གར་དུ་ཉམས་མྱོང་སྤེལ་རེས་ཆེད་སླེབས་ཡོད་པ་དང༌། དགེ་རྒན་འོས་སྦྱོང་པ་རྣམས་ཅོན་ཏ་ར་སློབ་གྲྭ་དང༌། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ ཤེས་རབ་དགའ་ཚལ་སློབ་གླིང་བཅས་སོ་སོར་ཆ་བགོས་བཅའ་སྡོད་ཀྱིས་སློབ་གྲྭ་དེ་ཚོའི་དགེ་རྒན་དང་མཉམ་དུ་ཉམས་མྱོང་སྤེལ་རེས་ཀྱི་སྦྱོང་བརྡར་གནང་ཡོད་པ་རེད། སྦྱོང་བརྡར་གྱི་བར་མཚམས་སུ་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་ཁེ་ཎ་ཌའི་དགེ་རྒན་འོས་སྦྱོང་པ་དང་གོང་གསལ་བོད་མིའི་སློབ་གྲྭ་ཁག་གི་འབྲེལ་ཡོད་དགེ་རྒན་དབར་ཐེངས་གཉིས་ཙམ་འདུ་འཛོམས་ཀྱིས་དུས་ཐུང་རིང་སློབ་ཁྲིད་ཐབས་ལམ་དང་འབྲེལ་བའི་ཟབ་སྦྱོང་གནང་ཡོད་པ་དང༌། ཟབ་སྦྱོང་རིང་ཁེ་ཎ་ཌ་ནས་ཕེབས་པའི་སློབ་ཁྲིད་ཆེད་ལས་མཁས་པ་ལྕམ་སྐུ་མཱ་ཏི་དང། སྐུ་ཞབས་ཇིམ་སེ་ཨོག་རྣམ་གཉིས་ཀྱིས་སློབ་ཁྲིད་གནང་བ་དང། དེ་བཞིན་སཾ་བྷོ་ཊ་བོད་སློབ་སྤྱི་ཁྱབ་ཡིག་ཚང་གི་འགན་འཛིན་ཀརྨ་ཆུང་བདག་དང༌། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་སོགས་ཀྱིས་སློབ་ཁྲིད་གནང་ནས་ཉམས་མྱོང་སྤེལ་རེས་ཀྱི་དུས་ཡུན་རིང་སྦྱོང་བརྡར་བ་རྣམས་བོད་གཞུང་ལས་ཁུངས་ཁག་དང༌། བོད་གཞུང་ཟློས་གར་ཚོགས་པ།

Read more

རང་སྲིད་རང་སྐྱོང་སྐོར་ལ་དགག་སྒྲུབ་བགྲོ་གླེང།

ཟླ་༡༠ ཚེས་༣༡ ཉིན་གྱི་ཞོགས་པ་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱི་གོ་སྒྲིག་འོག་རྒྱ་གར་ལྷོ་ཕྱོགས་བྷེལ་ཀོབ་བོད་ཁྱིམ་བདེ་སྐྱིད་ཚེ་རིང་ཚོགས་ཁང་དུ། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆས་གཙོས་དབུ་མའི་ལམ་གྱི་གལ་ཆེའི་རྩ་འཛིན་ཡིག་ཆ་ཁག་ལ་དགག་སྒྲུབ་ཀྱི་བགྲོ་གླེང་ཞིག་འཚོགས་ཡོད་པ་རེད།

Read more

GENERAL APPEAL

His Holiness The Dalai Lama, in his address at the anniversary function of Tibetan Children’s Village, Dharamsala  on 25th October 2008, spoke at length on the state of Tibetan education in general and particularly focused on the lack of satisfactory achievements in the fields of research and specialization in exile. He said that mere certificates of class XII or B.A / B.Sc or M.A/M.Sc was not enough but through Research and Specialization, one must be able to think, plan and execute on one’s own. Again,

Read more

སྤྱི་ཡོངས་རེ་སྐུལ།

༄༅། །སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་ལོ་ ༢༠༠༨ ཟླ་ ༡༠ ཚེས་ ༢༥ ཉིན་རྡ་ས་བོད་ཁྱིམ་མཛད་སྒོའི་ཐོག་བསྩལ་བའི་བཀའ་སློབ་ནང་ཤེས་ཡོན་སྐོར་སྤྱི་དང༌། ལྷག་པར་རིགས་གཅིག་རྐང་འཛིན་ཐད་ཕེབས་དོན།

Read more

བོད་དོན་དང་འབྲེལ་བའི་འགྲེམས་སྟོན་བཀག་འགོག

ཕྱི་ཟླ་༡༡ ཚེས་༡ ཉིན་བྷང་ལ་དྷེ་ཤི་རུ་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང། བྷང་ལ་དྷེ་ཤིའི་ཌི་རཱིག་ཞེས་པའི་དྲ་རྒྱ་ཚོགས་པའི་གོ་སྒྲིག་འོག ཕྱི་ལོ་༡༩༤༩ ནས་༢༠༠༩ བར་བཙན་བྱོལ་དུ་བོད་ཀྱི་འགྲུལ་སྐྱོད་ཅེས་པའི་འདྲ་པར་གྱི་འགྲེམས་སྟོན་ཞིག་བྱས་ཡོད་པ་དང༌། དེའི་ནང་ྋགོང་ས་མཆོག་དང་བོད་མི་རྣམས་ཐོག་མར་བཙན་བྱོལ་ལ་འབྱོར་བའི་སྐབས་ཀྱི་འདྲ་པར་རིགས་ཡོད་པར་བརྟེན། བྷང་ལ་དྷེ་ཤིར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་ནས་གནོན་ཤུགས་སྤྲད་ནས་འགྲེམས་སྟོན་དེ་ཆུ་ཚོད་གཅིག་རྗེས་མཚམས་འཇོག་བྱེད་དགོས་བྱུང་ཡོད་འདུག

Read more

མི་མང་ལ་སྨན་སྦྱིན་རོགས་རམ།

ཟླ་སྔོན་མའི་ཚེས་༢༧ ནས་ཉིན་གསུམ་རིང་འབྲས་བློ་གླིང་སྨན་ཁང་གི་གོ་སྒྲིག་འོག་མོན་གྷོ་ས་གནས་རྒྱ་གར་ཡུལ་མི་དང་བོད་མི་ཡོངས་ལ་རིན་མེད་ཐོག་སྨན་བཅོས་གནང་ཡོད་པ་དང། འབྲས་བློ་གླིང་གི་རོགས་སྐྱོར་འོག་སྨན་སྦྱིན་གྱིས་སྤྱི་ཚོགས་ཞབས་ཞུ་ཐེངས་མང་ཞུ་ཡི་ཡོད་པ་ལྟར། ད་ཐེངས་ཀྱི་སྨན་སྦྱིན་དེའི་སྐོར་འབྲས་བློ་གླིང་སྨན་ཁང་གི་འགན་འཛིན་རྒན་བསྟན་འཛིན་ལམ་བཟང་ལགས་ཀྱིས་འགྲེལ་བརྗོད་གནང་དོན། ཐེ་ཝན་གྱི་སྨན་པའི་རོགས་ཚོགས་ཤིག་ཕྱི་ལོ་༢༠༠༡ དང་༢༠༠༣ བཅས་སུ་བློ་གླིང་སྨན་ཁང་གིས་གདན་ཞུས་བཞིན་འདིར་ཕེབས་ནས་སྨན་བཅོས་བྱས་པའི་ཕན་འབྲས་བྱུང་ཡོད་པ་རེད། དེར་བརྟེན་ད་ལོ་ཡང་ཁོང་ཚོ་གདན་ཞུ་བྱས་པ་ཡིན། ཁོ་ཚོས་ནད་བརྟག་དཔྱད་བྱས་པ་གཞིར་བཟུང་གིས་སྨན་སྤྲོད་ཀྱི་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་སོང༌།།  མོན་གྷོ་གསར་འགོད་པས།

Read more

འཕྲུལ་ཆས་དང་གསར་འགོད་ལས་རིགས་སྐོར་གྱི་ཟབ་སྦྱོང།

ཟླ་འདིའི་ཚེས་༣ ཉིན་དྷ་སྟེང་བོད་ཁྱིམ་དུ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་གོ་སྒྲིག་འོག་དུས་རྒྱུན་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ལས་ཀ་བྱེད་མཁན་དང། དེ་དང་འབྲེལ་ཡོད་ཀྱི་མི་སྣ་༣༠ ཙམ་ལ་དེང་རབས་འཕྲུལ་ཆས་གློག་ཀླད་དང། མིས་བཟོས་སྲུང་སྐར། པར་ཆས་སོགས་ལ་བརྟེན་ནས་བོད་དོན་ལས་འགུལ་སྤེལ་ཐུབ་གང་ཡོད་དང། དེ་ལ་ནུས་པ་གང་ཡོད། དེ་དང་འབྲེལ་བའི་བོད་ནང་དུ་ཉེན་ཁ་མེད་པ་དང། ཉེན་ཁ་ཡོད་པ་ཁག་ལ་གདོང་ལེན་བྱེད་སྟངས་ག་འདྲ་དགོས་མིན་སོགས་ཀྱི་ཐད་ལ་ཉིན་བཞིའི་རིང་ཟབ་སྦྱོང་ཞིག་འཚོག་བཞིན་པ་ཡོད་པ་རེད།།

Read more

དབྱིན་ཡིག་གསར་ཤོག་ཧིན་དྷུ་ཞེས་པར་ངོ་རྒོལ།

ཟླ་འདིའི་ཚེས་༡ ཉིན་རྒྱ་གར་ལྷོ་ཕྱོགས་ཅེ་ནལ་གྲོང་ཁྱེར་དུ་རྒྱ་གར་ཏ་མལ་དང་བོད་མི་མཐོ་རིམ་སློབ་མ་ཚོ་མཉམ་འབྲེལ་གྱིས་རྒྱ་གར་གྱི་དབྱིན་ཡིག་གསར་ཤོག་ཧིན་དྷུ་ཞེས་པའི་ནང་བོད་དོན་དང། རྒྱ་གར་ཏ་མལ་གྱི་གནས་ཚུལ་འཁྱོག་བཤད་བྱས་པར་ངོ་རྒོལ་གྱི་ཚོགས་འདུ་ཞིག་འཚོགས་ཡོད་པ་རེད།

Read more
Page 334 of 381« First...332333334335336...Last »