སྤྱི་ཡོངས་རེ་སྐུལ།

༄༅། །སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་ལོ་ ༢༠༠༨ ཟླ་ ༡༠ ཚེས་ ༢༥ ཉིན་རྡ་ས་བོད་ཁྱིམ་མཛད་སྒོའི་ཐོག་བསྩལ་བའི་བཀའ་སློབ་ནང་ཤེས་ཡོན་སྐོར་སྤྱི་དང༌། ལྷག་པར་རིགས་གཅིག་རྐང་འཛིན་ཐད་ཕེབས་དོན།

Read more

བོད་དོན་དང་འབྲེལ་བའི་འགྲེམས་སྟོན་བཀག་འགོག

ཕྱི་ཟླ་༡༡ ཚེས་༡ ཉིན་བྷང་ལ་དྷེ་ཤི་རུ་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང། བྷང་ལ་དྷེ་ཤིའི་ཌི་རཱིག་ཞེས་པའི་དྲ་རྒྱ་ཚོགས་པའི་གོ་སྒྲིག་འོག ཕྱི་ལོ་༡༩༤༩ ནས་༢༠༠༩ བར་བཙན་བྱོལ་དུ་བོད་ཀྱི་འགྲུལ་སྐྱོད་ཅེས་པའི་འདྲ་པར་གྱི་འགྲེམས་སྟོན་ཞིག་བྱས་ཡོད་པ་དང༌། དེའི་ནང་ྋགོང་ས་མཆོག་དང་བོད་མི་རྣམས་ཐོག་མར་བཙན་བྱོལ་ལ་འབྱོར་བའི་སྐབས་ཀྱི་འདྲ་པར་རིགས་ཡོད་པར་བརྟེན། བྷང་ལ་དྷེ་ཤིར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་ནས་གནོན་ཤུགས་སྤྲད་ནས་འགྲེམས་སྟོན་དེ་ཆུ་ཚོད་གཅིག་རྗེས་མཚམས་འཇོག་བྱེད་དགོས་བྱུང་ཡོད་འདུག

Read more

མི་མང་ལ་སྨན་སྦྱིན་རོགས་རམ།

ཟླ་སྔོན་མའི་ཚེས་༢༧ ནས་ཉིན་གསུམ་རིང་འབྲས་བློ་གླིང་སྨན་ཁང་གི་གོ་སྒྲིག་འོག་མོན་གྷོ་ས་གནས་རྒྱ་གར་ཡུལ་མི་དང་བོད་མི་ཡོངས་ལ་རིན་མེད་ཐོག་སྨན་བཅོས་གནང་ཡོད་པ་དང། འབྲས་བློ་གླིང་གི་རོགས་སྐྱོར་འོག་སྨན་སྦྱིན་གྱིས་སྤྱི་ཚོགས་ཞབས་ཞུ་ཐེངས་མང་ཞུ་ཡི་ཡོད་པ་ལྟར། ད་ཐེངས་ཀྱི་སྨན་སྦྱིན་དེའི་སྐོར་འབྲས་བློ་གླིང་སྨན་ཁང་གི་འགན་འཛིན་རྒན་བསྟན་འཛིན་ལམ་བཟང་ལགས་ཀྱིས་འགྲེལ་བརྗོད་གནང་དོན། ཐེ་ཝན་གྱི་སྨན་པའི་རོགས་ཚོགས་ཤིག་ཕྱི་ལོ་༢༠༠༡ དང་༢༠༠༣ བཅས་སུ་བློ་གླིང་སྨན་ཁང་གིས་གདན་ཞུས་བཞིན་འདིར་ཕེབས་ནས་སྨན་བཅོས་བྱས་པའི་ཕན་འབྲས་བྱུང་ཡོད་པ་རེད། དེར་བརྟེན་ད་ལོ་ཡང་ཁོང་ཚོ་གདན་ཞུ་བྱས་པ་ཡིན། ཁོ་ཚོས་ནད་བརྟག་དཔྱད་བྱས་པ་གཞིར་བཟུང་གིས་སྨན་སྤྲོད་ཀྱི་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་སོང༌།།  མོན་གྷོ་གསར་འགོད་པས།

Read more

འཕྲུལ་ཆས་དང་གསར་འགོད་ལས་རིགས་སྐོར་གྱི་ཟབ་སྦྱོང།

ཟླ་འདིའི་ཚེས་༣ ཉིན་དྷ་སྟེང་བོད་ཁྱིམ་དུ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་གོ་སྒྲིག་འོག་དུས་རྒྱུན་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ལས་ཀ་བྱེད་མཁན་དང། དེ་དང་འབྲེལ་ཡོད་ཀྱི་མི་སྣ་༣༠ ཙམ་ལ་དེང་རབས་འཕྲུལ་ཆས་གློག་ཀླད་དང། མིས་བཟོས་སྲུང་སྐར། པར་ཆས་སོགས་ལ་བརྟེན་ནས་བོད་དོན་ལས་འགུལ་སྤེལ་ཐུབ་གང་ཡོད་དང། དེ་ལ་ནུས་པ་གང་ཡོད། དེ་དང་འབྲེལ་བའི་བོད་ནང་དུ་ཉེན་ཁ་མེད་པ་དང། ཉེན་ཁ་ཡོད་པ་ཁག་ལ་གདོང་ལེན་བྱེད་སྟངས་ག་འདྲ་དགོས་མིན་སོགས་ཀྱི་ཐད་ལ་ཉིན་བཞིའི་རིང་ཟབ་སྦྱོང་ཞིག་འཚོག་བཞིན་པ་ཡོད་པ་རེད།།

Read more

དབྱིན་ཡིག་གསར་ཤོག་ཧིན་དྷུ་ཞེས་པར་ངོ་རྒོལ།

ཟླ་འདིའི་ཚེས་༡ ཉིན་རྒྱ་གར་ལྷོ་ཕྱོགས་ཅེ་ནལ་གྲོང་ཁྱེར་དུ་རྒྱ་གར་ཏ་མལ་དང་བོད་མི་མཐོ་རིམ་སློབ་མ་ཚོ་མཉམ་འབྲེལ་གྱིས་རྒྱ་གར་གྱི་དབྱིན་ཡིག་གསར་ཤོག་ཧིན་དྷུ་ཞེས་པའི་ནང་བོད་དོན་དང། རྒྱ་གར་ཏ་མལ་གྱི་གནས་ཚུལ་འཁྱོག་བཤད་བྱས་པར་ངོ་རྒོལ་གྱི་ཚོགས་འདུ་ཞིག་འཚོགས་ཡོད་པ་རེད།

Read more

རྒྱ་ནག་གིས་བཤད་པར་བདེན་པ་རྙེད་ན་དགོངས་སེལ་ཞུ་ཆོག

hh at  nyihongྋགོང་ས་མཆོག་ཟླ་བ་སྔོན་མའི་ཚེས་༣༠ ཉིན་ཉི་ཧོང་དུ་ཆིབས་སྒྱུར་ཐེངས་བཅུ་གཉིས་པ་དེ་བསྐྱངས་ཡོད་པ་དང༌། ཉིང་ཧོང་དུ་ཆིབས་སྒྱུར་ཉིན་གཉིས་པའི་སྐབས། ཡུལ་དེར་ཡོད་པའི་ཕྱི་རྒྱལ་གྱི་གསར་འགོད་གསལ་བསྒྲགས་ཐོག་“གལ་སྲིད་ཁྱེད་རྣམ་པས་རྒྱ་གཞུང་གིས་བོད་ཀྱི་གནད་དོན་སྐོར་གང་བཤད་པ་དེར་བདེན་པ་ངེས་བརྙེད་བྱུང་ན། ངོས་ནས་བོད་ཀྱི་གནད་དོན་ཐད་ཀྱི་ལས་འགུལ་མཚམས་འཇོག་བྱེད་རྒྱུ་ཡིན་ལ། རྒྱ་ནག་གི་དཔོན་རིགས་ཚོར་ངོས་ནས་དགོངས་སེལ་ཞུ་རྒྱུ་ཡིན་”ཞེས་གསར་འགོད་པའི་དྲི་བར་ལན་འདེབས་གནང་ཡོད་པ་རེད།

Read more

དངུལ་ཆུ་དྷརྨ་བྷ་དྲ་སྐུ་ཕྲེང་བཞི་པ་སྐུ་གཤེགས་པ།

ngulchu_rinpoche1དངུལ་ཆུ་དྷརྨབྷ་དྲ་སྐུ་ཕྲེང་བཞི་པ་རྗེ་བཙུན་བསྟན་འཛིན་མཁྱེན་རབ་མཆོག་ཨ་རིའི་མངའ་སྡེ་ཨར་གྷན་པའོ་ལེན་ཌ་ས་གནས་སུ་གློ་བུར་དུ་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད་པ་རེད།

Read more

བཀའ་ཁྲི་སྐྱ་སེར་སུ་དགོས་མིན་སྐོར་ལ་སློབ་མའི་བགྲོ་གླེང།

ཟླ་འདིའི་ཚེས་༢༨་ཉིན་འབྲས་བློ་གླིང་ཆོས་འཛིན་སྐྱོང་སློབ་གྲྭའི་གོ་སྒྲིག་འོག་འབྱུང་འགྱུར་གྱི་བཀའ་བློན་ཁྲི་པ་དེ་སེར་སྐྱ་སུས་བྱས་ན་ལེགས་ཞེས་པའི་བརྗོད་གཞིའི་ཐོག འཛིན་གྲྭ་ནང་ཁུལ་གྱིས་བགྲོ་གླེང་འགྲན་སྡུར་ཞིག་འཚོགས་ཡོད་པ་དང༌། ཚོགས་ཐོག་ཏུ་བློ་གླིང་ཕྱག་མཛོད་བསྟན་འཛིན་བློ་བཟང་དང་སློབ་སྤྱི་བསྟན་འཛིན་བློ་ལྡན་གཙོས་དགེ་ལས་སློབ་མ་ཡོངས་མཉམ་ཞུགས་གནང་ཡོད་པ་རེད།

Read more

རང་སྲིད་རང་སྐྱོང་སྐོར་ལ་དགག་སྒྲུབ་བགྲོ་གླེང།

ཟླ་༡༠ ཚེས་༣༡ ཉིན་གྱི་ཞོགས་པ་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱི་གོ་སྒྲིག་འོག་རྒྱ་གར་ལྷོ་ཕྱོགས་བྷེལ་ཀོབ་བོད་ཁྱིམ་བདེ་སྐྱིད་ཚེ་རིང་ཚོགས་ཁང་དུ། བོད་རིགས་ཡོངས་ལ་མིང་དོན་མཚུངས་བའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆའི་གཙོས་དབུ་མའི་ལམ་གྱི་གལ་ཆེའི་རྩ་འཛིན་ཡིག་ཆ་ཁག་ལ་དགག་སྒྲུབ་ཀྱི་བགྲོ་གླེང་ཞིག་འཚོགས་ཡོད་པ་རེད།

Read more

བཞུགས་སྒར་དུ་བསྔོ་སྨོན་མཆོད་འབུལ།

གཞིས་སྡོད་བོད་རིགས་སྤུན་ཟླ་རྣམས་ཀྱིས་སོ་སོའི་མི་རིགས་དང། ཆོས་དང་རིག་གཞུང་སྲུང་སྐྱོབ་ཀྱི་ཆེད་དུ་ཞུམ་པ་མེད་པའི་འབད་བརྩོན་དང། རྒྱ་ནག་གཞུང་གིས་ཐལ་དྲགས་པའི་གཉའ་གནོན་གྱི་བྱ་སྤྱོད་ལ་མི་འདོད་པའི་རྣམ་འགྱུར་ཙམ་བསྟན་པར། བཙན་རྒྱལ་རྒྱ་དམར་གཞུང་གིས་མི་རིགས་ཤིག་གི་བདེ་སྡུག་དང་མངོན་འདོད་ལ་གདེང་འཇོག་སྤུ་ཙམ་མེད་པར། བཙན་གནོན་དང་དྲག་ཤུལ་གྱི་ལམ་ནས་ཉམ་ཆུང་ནུས་མེད་ཀྱི་བོད་འབངས་དཀྱུས་མ་གྲངས་མེད་ཅིག་བཙོན་འཇུག་དང། དམར་གསོད་བྱས་དང་བྱེད་བཞིན་པ་རེད་ཅེས་དྷ་སར་ཡོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བཅུས་རྒྱ་གཞུང་ལ་སྐྱོན་བརྗོད་བྱས་ཡོད་པ་རེད།

Read more
Page 337 of 383« First...335336337338339...Last »