༸གོང་ས་མཆོག་གྷུ་ཇུ་ར་ཏི་མངའ་སྡེར་ཕེབས་འཆར།

བཙན་བྱོལ་བོད་གཞུང་དྲ་གནས་སུ་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ལོ་༢༠༡༠ ཟླ་༡ ཚེས་༡༥ ཉིན་གྷུ་ཇུ་ར་ཏི་མངའ་སྡེ་བྷ་རོ་ཌ་ཁུལ་དུ་ཡོད་པའི་(Maharaja Sayaji Rao University)གཙུག་ལག་མཐོ་སློབ་ཏུ་ཆིབས་བསྒྱུར་དང་འབྲེལ། ཁུལ་དེར་གོ་སྒྲིག་གནང་བའི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱང་རྒྱུ་ཡིན་པ་དང༌།

Read more

རྗེས་དྲན་གུས་འདུད།

ང་ཕོད་ངག་དབང་འཇིགས་མེད་མཆོག་ཟླ་འདིའི་ཚེས་༢༣ ཉིན་སྐུ་གྲོངས་པ་དང། བཙན་བྱོལ་བོད་གཞུང་བཀའ་ཤག་གིས་ཁོང་གི་མཛད་སྤྱོད་ལ་རྗེས་དྲན་དང། མྱ་ངན་གུས་འདུད་ཀྱི་གསལ་བསྒྲགས་ཤིག་སྤེལ་ཡོད་པ་རེད། གསལ་བསྒྲགས་དེའི་ནང་འཁོད་དོན། བོད་གཞུང་བཀའ་ཟུར་ང་ཕོད་ངག་དབང་འཇིགས་མེད་མཆོག་སྐུ་ཚེའི་འཕེནཔ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ལ་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་དམ་པ་དེ་ཉིད་ཀྱི་སྐུ་ཚེའི་མཛད་སྤྱོད་ལ་རྗེས་དྲན་དང་འབྲེལ་མྱ་ངན་གུས་འདུད་ཞུ་རྒྱུ་ཡིན།

Read more

མདོ་སྨད་དྲ་རྒྱ་གསར་པ།

མདོ་སྨད་ཆོལ་ཁའི་དབུས་རྒྱུན་ལས་ནས་www.dhomay.net ཞེས་པའི་དྲ་རྒྱ་གསར་བཟོ་བྱས་ཏེ། ཟླ་འདིའི་ཚེས་༢༣ ཉིན་གངས་སྐྱིད་སྤྱི་ཐབ་ཚོགས་ཁང་དུ་དྲ་རྒྱ་དབུ་འབྱེད་ཀྱི་མཛད་སྒོ་ཞིག་འཚོགས་ཡོད་པ་རེད།

Read more

བོད་མི་འགས་རྒྱ་གཞུང་གི་མི་སྣར་སྣེ་ལེན་བྱས་པ།

ཉེ་ཆར་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གི་ལས་བྱེད་པ་བོད་མི་དྲུག་ཡུ་རོབ་ཁུལ་དུ་འབྱོར་སྐབས། ས་གནས་དེར་གནས་སྡོད་བོད་མི་ཁག་ཅིག་གིས་ཐུག་འཕྲད་དང་སྣེ་ལེན་བྱས་ཡོད་འདུག གནས་ཚུལ་དེའི་ཐད་ཟླ་འདིའི་ཚེས་༢༡ ཉིན་ཡུ་རོབ་ཏུ་གནས་བཞུགས་༸གོང་ས་མཆོག་གི་སྐུ་ཚབ་སྐལ་བཟང་རྒྱལ་མཚན་མཆོག་གིས་སྐྱོན་བརྗོད་གནང་ཡོད་པ་རེད། ཁོང་གིས་གསུང་དོན། རྒྱ་ནག་གཞུང་གིས་ད་ལྟ་བར་དུ་བོད་ཐོག་ལ་འཛིན་པའི་སྲིད་བྱུས་དང།

Read more

འགྱིག་ཤོག་རིགས་གཙང་བཟོ།

ཟླ་འདིའི་ཚེས་༢༡ ཉིན་རྒྱ་གར་ཧི་མ་ཅལ་མངའ་སྡེའི་ཀང་ར་རྫོང་ཁོངས་སུ་རྒྱ་གར་གཞུང་གིས་འགྱིག་ཤོག་གི་རིགས་བསྡུ་རུག་དང། ཁོར་ཡུག་གཙང་མ་བཟོ་བའི་ལས་འགུལ་ཞིག་སྤེལ་ཡོད་པ་དང། ལས་འགུལ་དེའི་ཁྲོད་བོད་གཞུང་འཕྲོད་བསྟེན་ལས་ཁུངས་དང། དྷ་ས་ས་གནས་འགོ་འཛིན་ལས་ཁུངས། བོད་ཁྱིམ་སློབ་གྲྭ་གཙོས་པའི་ས་གནས་བོད་མི་སེར་སྐྱ་རྣམས་མཉམ་ཞུགས་བྱས་ཡོད་པ་རེད། ཤེས་རྟོགས་བྱུང་བ་ལྟར་ན།

Read more

༸གོང་ས་མཆོག་བཞུགས་སྒར་དུ་ཞབས་སོར་འཁོད་པ།

ཟླ་འདིའི་ཚེས་༢༡ ཉིན་༸གོང་ས་སྐྱབས་མགོན་པོ་ཆེན་པོ་མཆོག་རྒྱ་གར་བྱང་ཕྱོགས་ཨུ་ཏར་པར་དྷེ་ཤི་དང། རྒྱ་གར་ལྷོ་ཕྱོགས་ཨན་དྷར་པར་དྷེ་ཤི་མངའ་སྡེ། དེ་བཞིན་རྒྱ་གར་ལྷོ་ཕྱོགས་ཀ་ན་ཊ་ཀ་མངའ་སྡེའི་གྷུལ་པར་ས་གནས་སོགས་ཀྱི་མཛད་འཕྲིན་ལེགས་པར་གྲུབ་ནས་ཕྱིར་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་ཡོད་པ་རེད།

Read more

བོད་དེ་བོད་མི་རང་གི་ཡིན་པར་འདོད་ཀྱི་ཡོད།

samdong rinpochen and indian scholarsབོད་ནང་གི་ཉེན་ཁ་དེ་རྒྱ་གར་གྱི་ཉེན་ཁ་ཞིག་ཡིན་པ་དང། སྤྱིར་བོད་དང་རྒྱ་ནག་གཉིས་ཀྱི་གནད་དོན་གྲོས་མོལ་གྱི་ལམ་ནས་སེལ་དགོས་པ་ལས། དེ་མིན་བོད་ཀྱིས་དྲང་བདེན་བེད་སྤྱོད་དང། རྒྱ་ནག་གིས་དྲག་ཤུགས་བེད་སྤྱོད་བྱེད་ཀྱི་ཡོད་པས་དཀའ་གནད་དེ་སེལ་ཁག་པོ་རེད་ཅེས་རྒྱ་གར་གྱི་སློབ་དཔོན་སཱ་ཝ་མི་བྷུ་དྷན་དྷི་མཆོག་གིས་གསུངས་སོང།

Read more

༧གོང་ས་མཆོག་གི་ཆིབས་བསྒྱུར།

hh in india 1ཟླ་འདིའི་ཚེས་༡༧ ཉིན་ྋགོང་ས་མཆོག་རྒྱ་གར་གྱི་མངའ་སྡེ་ལག་ནོ་ལ་འབྱོར་བ་དང༌། གསར་འགོད་པ་དག་ལ་བོད་ཀྱི་གནད་དོན་མདེན་མཐའ་གསལ་ཐབས་སུ་རྒྱ་དཀར་ནག་གཉིས་ཀྱི་མཐུན་ལམ་དང་བརྟན་ལྷིང་གལ་ཆེན་རེད་ཅེས་གསུངས་ཡོད་པ་རེད།

Read more

སྙན་ངག་གྱེར་འདོན་དང་དེའི་སྐོར་གྱི་ཚོར་ཤུགས།

ཟླ་འདིའི་ཚེས་༡༠ ཉིན་ནོར་གླིང་མཐོང་སློབ་ཏུ་སྙན་ངག་གྱེར་འདོན་དང། དེའི་སྐོར་ལ་བགྲོ་གླིང་ཞིག་འཚོགས་ཡོད་པ་དང། གཉན་པོ་དང་བོན་རྒྱ་གཉིས་ཀྱིས་འདི་གར་གནས་ཚུལ་བཏང་བའི་ནང་འཁོད་དོན། རྒན་རབས་སྙན་ངག་པ་བེ་རི་འཇིགས་མེད་ལགས་ཀྱིས་ཚོར་བ་ཁ་ཐུག་ཚ་བོ་ཚ་རྐྱང་ཆགས་དུས་སླ་ང་ནང་གི་འོ་མ་འཕྱུར་བ་བཞིན་སྙན་ངག་ཡོང་བ་ཞིག་ཡོད་པ་རེད་ཅེས་གསུངས་ཡོད་པ་རེད།

Read more

ཁྲིམས་ཞིབ་པ་རྣམས་ལ་འགན་གཙོ་བོ་གཉིས་ཡོད།

krimshib pa chewaཟླ་འདིའི་ཚེས་༡༨ ཉིན་ནས་ཉིན་གསུམ་རིང་བཙན་བྱོལ་བོད་གཞུང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གོ་སྒྲིག་འོག་དྷ་ས་གངས་སྐྱིད་དུ་ཟུར་འཛུགས་ས་གནས་ཁྲིམས་ཞིབ་པ་དང། ཁྲིམས་དྲུང། གཅིག་ལྕོགས་ས་གནས་ཁྲིམས་ཞིབ་པ་དང། ལས་དྲུང་བཅས་ལ་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་སྐོར་ཟབ་སྦྱོང་ཞིག་འཚོག་བཞིན་པ་དང། ཟབ་ཁྲིད་གནང་མཁན་ཁྲིམས་ཞིབ་པ་ཆུ་སྟེང་ངག་དབང་ཐུབ་བསྟན་དང།

Read more
Page 339 of 391« First...337338339340341...Last »