འབྲས་བློ་གླིང་གྲྭ་ཚང་གི་བརྟན་བཞུགས།

ཟླ་འདིའི་ཚེས་༦ ཉིན་གྱི་སྔ་དྲོ་ཆུ་ཚོད་༧ ཐོག་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་གོ་སྒྲིག་འོག་བློ་གླིང་གཙུག་ལག་ཁང་དུ་དགའ་ལྡན་ཁྲི་ཐོག་བརྒྱ་དང་གཉིས་པ་རི་རྫོང་སྲས་སྤྲུལ་རྗེ་བཙུན་ཐུབ་བསྟན་ཉི་མ་རིན་པོ་ཆེ་དང༌། ཤར་པ་ཆོས་རྗེ་རྗེ་བཙུན་བློ་བཟང་བསྟན་འཛིན། རྣམ་གྲྭ་མཁན་ཟུར་འདན་མ་བློ་ཆོས་རིན་པོ་ཆེ་མཆོག་རྣམ་གསུམ་གྱི་སྐུ་ཚེ་བརྟན་ཆེད་གྲྭ་ཚང་མཁན་རིན་པོ་ཆེ་རྟོགས་ལྡན་སྤྲུལ་སྐུ་དབུ་བཞུགས་ཐོག་བརྟན་བཞུགས་འབུལ་བཞེས་གནང་ཡོད་པ་རེད།

Read more

བཀའ་ཁྲི་མཆོག་ཨོ་སི་ཁྲུ་ལི་ཡར་ཕེབས་པ།

གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ལོ་༢༠༠༩ ཟླ་༡༢ ཚེས་༦ ཉིན་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་སློན་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ཨོ་སི་ཁྲུ་ལི་ཡའི་གྲོང་ཁྱེར་མེལ་བྷོན་ནང་ཕེབས་ཡོད་པ་དང། དེར་ཕྱི་ཚེས་༩ ཉིན་བཀའ་ཁྲི་མཆོག་རྒྱལ་སྤྱིའི་ཆོས་ལུགས་མཐུན་སྒྲིལ་གྱི་ཚོགས་འདུའི་ཐོག་ཞུགས་གནང་རྒྱུ་ཡིན་པ་དང། ནང་པའི་བྱམས་བརྩེའི་ལྟ་ཕྱོགས། ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་རྒྱུ་ཡིན་འདུག ཚོགས་འདུ་དེ་ཕྱི་ཟླ་༡༢ ཚེས་༣ ནས་༡༡ བར་ཚོགས་བཞིན་ཡོད་པ་རེད།

Read more

ནིའུ་ཛི་ལན་ཌིར་༸གོང་ས་མཆོག་གི་མཛད་འཕྲིན།

གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ལོ་༢༠༠༩ ཟླ་༡༢ ཚེས་༤ ཉིན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཨོ་སི་ཁྲུ་ལི་ཡ་ནས་ནིའུ་ཛི་ལན་ཌི་རྒྱལ་ཁབ་ཀྱི་གྲོང་ཁྱེར་ཨོག་ལན་དུ་ཕེབས་ཡོད་པ་དང། དེར་ྋགོང་ས་མཆོག་གིས་མང་ཚོགས་ལ་ཉིན་གྲངས་གཉིས་རིང་བྱང་ཆུབ་སེམས་འགྲེལ་གྱི་བཀའ་ཆོས་དང༌། སེམས་ཀྱི་ཞི་བདེ་(Peaceful Mind) ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བཀའ་དྲིན་བསྩལ་ནས་ཆོས་ཞུ་བ་སོགས་མི་མང་༡༠༠༠ བརྒལ་བ་འདུ་འཛོམས་བྱུང་ཡོད་པ་རེད།

Read more

བོད་གཞུང་ཟློས་གར་གྱི་དུས་དྲན།

tipaཟློས་གར་ཚོགས་པའི་འགོ་ལས་ཚོགས་མི་བཅས་ནས་ད་ཡོད་ཀྱི་ཡར་རྒྱས་ལ་ཆོག་ཤེས་མིན་པར་བློ་སེམས་གཅིག་བསྒྲིལ་གྱིས་མུ་མཐུད་ཡར་རྒྱས་ཡོང་ཐབས་དང། དུས་རབས་འཕེལ་རྒྱས་ཀྱི་རྗེས་སུ་མཐུན་པའི་ལེགས་ཆ་ལེན་འོས་བླངས་ཏེ་བོད་ཀྱི་བདེན་དོན་འཐབ་རྩོད་དྲིལ་བསྒྲགས་བྱེད་སྒོའི་ནང་གདོང་ལེན་གྱི་ནུས་པ་སྔར་ལྷག་འདོན་སྤེལ་བྱེད་གལ་ཡིན་འཇགས་བྱེད་ཅེས་༧གོང་ས་མཆོག་གིས་གསུང་འཕྲིན་ཞིག་ཟློས་གར་ཚོགས་པའི་དུ་དྲན་ཐོག་གནང་ཡོད་པ་རེད།

Read more

བྱམས་བརྩེ་ལྡན་པའི་རིག་གནས་གསར་བརྗེ་ཞིག་དགོས།

hh australia1ཟླ་འདིའི་ཚེས་༢ ཉིན་༧གོང་ས་མཆོག་གིས་ཨོ་སི་ཁྲུ་ལི་ཡའི་ནང་གི་རྒྱ་རིགས་སུམ་བརྒྱ་ཙམ་ལ་མཇལ་ཁ་གནང་ཡོད་པ་དང། “ཀྲུང་ཧྭ་རིན་མེན་ཀོང་ཧཱ་གོ་(རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་)ཞེས་པའི་‘ཀོང་ཧཱ་’ཟེར་བ་ལ་ང་དགའ་པོ་ཡོད། ‘ཀོང་ཧཱ་’ཡོང་རྒྱུར་འཆམ་མཐུན་དགོས་པ་རེད། འཆམ་མཐུན་ཡོང་རྒྱུར་ཡིད་ཆེས་དགོས་པ་རེད། ཡིད་ཆེས་ཡོང་རྒྱུར་འདྲ་མཉམ་དགོས་པ་རེད། ད་ལྟའི་དུས་ཚོད་ལ་ལམ་སང་རྒྱ་ནག་ལ་མང་གཙོ་ཟེར་བ་དེ་ཡང་ཁག་པོ་རེད།

Read more

མོན་གྷོ་རུ་ཨེ་ཚི་ན་ཚའི་ཉིན་མོ་སྲུང་བརྩི།

ཟླ་འདིའི་ཚེས་༡ ཉིན་གྱི་ཞོགས་པ་མོན་གྷོ་ས་གནས་འཕྲོད་བསྟེན་སྨན་ཁང་གི་གོ་སྒྲིག་འོག་འཛམ་གླིང་གཉན་ནད་རེག་དུག་གི་ཉིན་མོ་སྲུང་བརྩི་དང་སྟབས་བསྟུན། མོན་གྷོ་འདོད་རྒུ་གླིང་གི་མང་ཚོགས་ལ་གཉན་ནད་རེག་དུག་གི་ནད་གཞིའི་སྐོར་ཤེས་རྟོགས་ཡོང་ཆེད་ཚོགས་འདུ་ཞིག་ས་གནས་གཞོན་ནུའི་ཚོགས་ཁང་དུ་འཚོགས་ཡོད་པ་རེད།

Read more

རི་བོ་དགེ་ལྡན་པའི་འཇང་དགུན་ཆོས་ཆེན་མོ།

ཕྱི་ཟླ་༡༡ པའི་ཚེས་༣༠ དགོང་མོ་སེར་སྨད་འདུ་ཁང་ཆེན་པོའི་མདུན་ཐང་དུ་འཇང་དགུན་ཆོས་ཆེན་མོའི་མཚན་ཕུད་དམ་བཅའ་ཐ་མ་དེ་བཞག་ཡོད་པ་རེད།

Read more

སྟོང་འཁོར་དགོན་གྱི་བོད་དོན་ལས་འགུལ་བ་ཞིག་རྒྱ་གར་དུ་འབྱོར་འདུག

སྟོང་འཁོར་དགོན་གྱི་གྲྭ་རྡོ་རྗེ་རིན་ཆེན་ལགས་ལ་༢༠༠༨ ཕྱི་ཟླ་༤ པའི་ཚེས་༣ ཉིན་བོད་མི་ཚོས་རྒྱ་ནག་ལ་ཞི་རྒོལ་བྱེད་སྐབས། ལས་འགུལ་ཁྲོད་ནས་རྒྱ་དམག་གིས་མེ་མདའ་བརྒྱབ་སྟེ། རྨས་སྐྱོན་ཆེན་པོ་ཕོག་ཡོད་པ་དང། ཉེ་བའི་ཆར་རྒྱ་གར་དུ་བྲོས་བྱོལ་དུ་ཕེབས་ཐུབ་ཡོད་པ་རེད། ཁོང་གིས་ཞི་རྒོལ་སྐབས་ས་གནས་དེའི་མི་༡༤ ཙམ་བསད་པ་དང། ༨༣ ཙམ་ལ་རྨས་སྐྱོན་ཕོག་ཡོད་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད།

Read more

རྒྱན་རྩེད་རིགས་འགོག་ཐབས་དགོས།

ྋགོང་ས་མཆོག་གིས་ཨོ་སི་ཁྲུ་ལི་ཡའི་གྲོང་ཁྱེར་སི་ནིའི་དུ་ཉིན་གཉིས་རིང་གི་གསུང་ཆོས་དབུ་འཛུགས་དང། བོད་མི་དང་སོག་པོ་སོགས་མི་གྲངས་༨༠༠ ཙམ་ལ་དམིགས་བསལ་བཀའ་སློབ་གནང་སྐབས། མ་ཅཱང་དང་རྒྱན་རྩེད་རིགས་རྩེ་མི་ཉན་པ་དང། དེ་ཚོ་བག་མེད་ཀྱི་སྤྱོད་པ་ཡིན་པས་སྤངས་གང་ཐུབ་མ་བྱས་ན་སྤྱི་པའི་ལས་ཀ་འཐུས་ཤོར་གཏོང་བའི་རྐྱེན་ཡིན་པས་ཚང་མས་གཟབ་གཟབ་བྱེད་དགོས་ཀྱི་འདུག སོག་པོ་ཚོས་ཀྱང་སོག་པོའི་མི་རིགས་ཀྱི་ཤེས་ཡོན་གོང་མཐོར་གཏོང་བའི་ཆེད་དུ་ལས་ཀ་བྱེད་དགོས་ཀྱི་རེད་ཅེས་གསུངས་འདུག

Read more

ྋགོང་ས་མཆོག་ཨོ་སི་ཁྲུ་ལི་ཡར་ཆིབས་བསྒྱུར།

༧གོང་ས་མཆོག་ཨོ་སི་ཁྲུ་ལི་ཡའི་ནང་དུ་ཆིབས་བསྒྱུར་ཐེངས་བདུན་པ་དེ་གནང་ཡོད་པ་དང། འཛམ་གླིང་འདིའི་ཐོག་དབུ་ཁྲིད་རྣམ་པས་ལས་དོན་གཙོ་བོ་དེ་རྒྱལ་ཁབ་ཀྱི་དཔལ་འབྱོར་ཡར་རྒྱས་གཙོ་འདོན་བྱེད་ཀྱི་འདུག ཡིན་ནའང་ལས་དོན་གཙོ་བོ་དེ་ཁོར་ཡུག་སྲུང་སྐྱོབ་ལ་འབད་བརྩོན་བྱེད་རྒྱུ་གལ་ཆེན་པོ་ཡིན་སྐོར་གྱི་བཀའ་སློབ་གནང་འདུག

Read more
Page 341 of 391« First...339340341342343...Last »