ཁོར་ཡུག་སྐོར་གྱི་ཚོགས་འདུ་ལེགས་གྲུབ་བྱུང་བ།

ཟླ་འདིའི་ཚེས་༨ ཉིན་དཔལ་༸རྒྱལ་བ་ཀརྨ་པ་མཆོག་གིས་དབུ་ཁྲིད་པའི་བཀའ་བརྒྱུད་པའི་དགོན་སྡེ་རྣམས་ཀྱིས་ཁོར་ཡུག་སྲུང་སྐྱོབས་ཀྱི་ཚོགས་ཆེན་ལེགས་གྲུབ་ཀྱིས་མཇུག་བསྡོམས་གནང་སོང། ཉིན་དྲུག་རིང་དགོན་པ་སོ་སོའི་སྐུ་ཚབ་རྣམས་དང། དམིགས་བསལ་ཁོར་ཡུག་དང་འབྲེལ་བ་ཡོད་པའི་ཚོགས་པ་གངས་དཀར་ཏེ་སེ་ཁོར་ཡུག་གོ་རྟོགས་ལས་འགུལ་ཁང་དང། བཙན་བྱོལ་བོད་གཞུང་གི་ཁོར་ཡུག་སྡེ་ཚན་སོགས་ཀྱི་འབྲེལ་ཡོད་མི་སྣ་རྣམས་དང་ལྷན་དུ་སོ་སོའི་ཉམས་མྱོང་བརྒྱུད་སྤྲོད་དང་།

Read more

བགྲང་བྱ་བཞི་ལ་སོན་པའི་དཔེ་སྟོན་སློབ་གྲྭ།

ཟླ་འདིའི་ཚེས་༩ ཉིན་དྷ་རམ་ས་ལར་ཡོད་པའི་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་དབུ་བརྙེས་ནས་ལོ་ངོ་བཞི་འཁོར་བ་དང་སྦྲགས། བོད་མི་རྣམས་སྐྱབས་བཅོལ་དུ་འབྱོར་ནས་མི་ལོ་༥༠ འཁོར་བར་རྒྱ་གར་གཞུང་མང་ལ་བཀའ་དྲིན་རྗེས་དྲན་བྱེད་པའི་མཛད་སྒོ་ཞིག་དཔེ་སྟོན་སློབ་གྲྭར་འཚོགས་སོང་། མཛད་སྒོ་དེའི་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ཕེབས་ནས་གསུང་བཤད་གནང་བ་དང།

Read more

མོན་གྷོ་ས་གནས་སུ་གཞོན་ལྷན་གྱི་དུས་ཆེན།

ཟླ་འདིའི་ཚེས་༧ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ཏེ་མི་ལོ་ཧྲིལ་པོ་༤༠ འཁོར་བའི་དུས་དྲན་སྲུང་བརྩི་བྱས་ཡོད་པ་དང། དུས་དྲན་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ས་འཐུས་གུ་རུ་རྒྱལ་མཚན་དང། སློབ་གྲྭ་དབུ་མའི་སློབ་སྤྱི་ཕུན་རབ་ཆོས་བཟང། ས་གནས་མཉམ་འབྲེལ་ཚོགས་གཙོ་དང་དྲུང་ཆེ། དེ་བཞིན་གཞིས་གྲོང་དང་གྲྭ་ཚང་ཁག་གི་སྤྱི་མི་དང། ཕྱག་མཛོད་རྣམ་པ་སོགས་ཕེབས་ཡོད་པ་རེད།

Read more

གཞུང་ཞབས་འདེམས་ལྷན་དང་འོས་བསྡུའི་འགན་འཛིན་གསར་པ།

ཟླ་འདིའི་ཚེས་༥ ཉིན་བཙན་བྱོལ་བོད་གཞུང་བཀའ་ཤག་གི་ཡང་སྟེང་ཚོགས་ཁང་དུ་བདེ་སྲུང་འཛིན་སྐྱོང་དྲུང་ཆེ་འཇམ་དཔལ་ཆོས་བཟང་ལགས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་༡༠༡ དང་༩༧ དགོངས་དོན་གཞིར་བཟུང་དམིགས་འཛུགས་ཚོགས་ཆུང་གིས་འཆར་འབུལ་ཕྱག་རྟགས་དགོངས་དོན་ལྟར་གཞུང་ཞབས་འདེམས་བསྐོ་ལྷན་ཁང་གི་འགན་འཛིན་དང། འོས་བསྡུའི་སྤྱི་ཁྱབ་འགན་འཛིན་གཅིག་ལྕོགས་སུ་བསྐོ་གཞག་བསྩལ་བའི་མཛད་སྒོ་ཞིག་འཚོགས་ཡོད་པ་དང། ལྷན་ཁང་ཁག་གི་དྲུང་ཆེ་སོགས་ཀྱིས་བཀྲ་ཤིས་རྟེན་འབྲེལ་མཚོན་བྱེད་དུ་ཁ་བཏགས་བསྒྲོན་པ་སོགས་གནང་ཡོད་པ་རེད།།

Read more

ཨ་རིའི་རྒྱལ་ས་རུ་༧གོང་ས་མཆོག་གི་མཛད་འཕྲིན།

༸གོང་ས་མཆོག་ཁེ་ན་ཌའི་ཡུལ་གྱི་མཛད་འཕྲིན་གྲུབ་རྗེས་ཕྱིར་ཨ་རིའི་ནིའུ་ཡོག་ཏུ་ཕེབས་ནས། ཕྱི་ཚེས་༤ ཉིན་ནིའུ་ཡོག་ཏུ་མི་མང་སྟོང་ཕྲག་བརྒལ་བར་བྱང་ཆུབ་སེམས་འགྲེལ་གྱི་གསུང་ཆོས་བསྩལ་གནང་བ་དང། ཕྱི་ཚེས་༥ ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཏྲོན་དུ་ཕེབས་ནས་ཉིན་དྲུག་གི་མཛད་འཆར་ཡོད་པ་དང་། དེའི་ཁོངས་ནས་བོད་དོན་ཐོག་རྒྱབ་སྐྱོར་གནང་མྱོང་མཁན། ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་གཤེགས་ཚར་བ་སྐུ་ཞབས་ཊོམ་ལན་ཏྲི་སིའི་དྲན་རྟེན་ཆེད་གསར་འཛུགས་བྱས་པའི་དྲང་བདེན་དང་འགྲོ་བ་མིའི་ཐོང་ཐང་གི་ཚོགས་པ་ཞིག་གིས་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་ཤིག་༸གོང་ས་མཆོག་ལ་འབུལ་རྒྱུ་ཡིན་པ་རེད།

Read more

གྷན་དྷིའི་འཁྲུངས་སྐར་སྲུང་བརྩི་དང་སློབ་མའི་བགྲོ་གླེང།

ཟླ་འདིའི་ཚེས་༢ ཉིན་རྒྱ་གར་ལྷོ་ཕྱོགས་དགའ་བྱང་ཕྱག་མཛོད་ཁང་གི་གོ་སྒྲིག་འོག་བདག་ཉིད་ཆེན་པོ་གྷན་དྷི་ཡི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུས་ཡོད་པ་དང། དུས་ཆེན་གྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དགའ་བྱང་མཁན་རིན་པོ་ཆེ་ཆོས་འཕེལ་མཆོག་དང། མོན་གྷོ་ས་གནས་འགོ་འཛིན་དང། ས་འཐུས་ཚོགས་གཙོ་ཚོགས་གཞོན། རྒྱ་གར་ས་གནས་དཔོན་རིགས་ཁག་ཅིག་སོགས་ཕེབས་ཡོད་པ་རེད།

Read more

བཀའ་བརྒྱུད་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཚོགས་ཆེན།

ཟླ་འདིའི་ཚེས་༣ ནས་བཟུང་ཉིན་དྲུག་རིང་བཀའ་བརྒྱུད་པའི་དགོན་སྡེ་ཁག་དང་ཆོས་ཚོགས་མང་ཚོགས་བཅས་ཀྱི་ཁོར་ཡུག་སྲུང་སྐྱོབས་ཚོགས་ཆེན་ཐེངས་གཉིས་པ་དྷ་སའི་ཉེ་འགྲམ་རྒྱུད་སྟོད་ར་མོ་ཆེའི་དགོན་པར་འཚོག་ཡོད་པ་དང་། ཕྱི་ཚེས་༣ ཉིན་ཚོགས་ཆེན་གྱི་མཛད་སྒོའི་ཐོག་༸དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་འགྲོ་འདུལ་འཕྲིན་ལས་རྡོ་རྗེ་མཆོག་དང་། རྒྱུད་སྟོད་དགོན་པའི་མཁན་རིན་པོ་ཆེ། བོད་གཞུང་་འཕྲོད་བསྟེན་བཀའ་བློན་དཔལ་འབྱོར་ཚེ་རིང་མཆོག བཀའ་བརྒྱུད་པའི་སྤྱི་འཐུས་བསོད་ནམས་དགྲ་འདུལ་བཅས་ཀྱིས་གཙོས་པའི་རྒྱལ་བལ་འབྲུག་གསུམ་གྱི་བཀའ་བརྒྱུད་པའི་དགོན་པ་༣༣ གྱི་སྐུ་ཚབ་དང་།

 

Read more

བོད་ནང་རྒྱ་རིགས་སྡོད་མི་ཐུབ་པའི་ཆེད་དུ་འབད་བརྩོན་བྱེད་ཀྱི་ཡོད་པ་རེད།

རྒྱ་ནག་གུང་ཁྲན་ཏང་ལོ་དྲུག་ཅུའི་དགའ་སྟོན་ལ་ངོ་རྒོལ་སྐབས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གི་གསུང་བཤད།

60year 5ཟླ་འདིའི་ཚེས་༡ ཉིན་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཅེས་པ་འགོ་བཙུགས་ནས་ལོ་དྲུག་ཅུ་འཁོར་བའི་དགའ་སྟོན་ལ། བོད་མི་ཚོས་ངོས་ལེན་མེད་པའི་ངོ་རྒོལ་ཁྲོམ་སྐོར་དྷ་སར་བྱེད་སྐབས། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་རྒྱ་ནག་གི་གནས་བབས་སྐོར་ལ་གསུང་བཤད་གནང་ཡོད་པ་རེད། ཁོང་གིས་གསུང་དོན། ང་ཚོ་བོད་པ་ཚོས་མཁྱེན་དགོས་པ་གཙོ་བོ་དེ་རིང་པེ་ཅིང་གནམ་བདེ་སྒོ་མོའི་ཆེའི་ཐང་དུ་རྒྱ་ནག་གི་དམག་མི་ས་ཡ་གཉིས་ལྷག་དང། མི་མང་འདུ་འཛོམས་ཆེན་པོའི་ཐོག་དུས་དྲན་སྲུང་བརྩི་བྱེད་ཀྱི་ཡོད་པ་རེད།

Read more

འབད་བརྩོན་ཉུང་དྲགས་པས་རེད།

བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ནས་རྒྱ་ནག་དམར་ཤོག་ཚོགས་པས་སྲིད་དབང་བཟུང་ནས་ལོ་དྲུག་ཅུ་བར་དུ་གནས་ཐུབ་པ་དེ་ནི་འགྲོ་བ་མི་རིགས་སྤྱི་ཡོངས་ཀྱི་བསོད་ནམས་མེད་པ་དང་འབད་བརྩོན་ཉུང་དྲགས་པའི་གནས་བབ་ལ་བརྟེན་ནས་བྱུང་བ་རེད། ཡིན་ན་ཡང་མ་འོངས་པར་ད་ལྟ་ནང་བཞིན་གཅིག་བསྡུས་ཀྱི་བཙན་དབང་དེ་རྒྱུན་རིང་པོ་ཞིག་གནས་ཐུབ་ཀྱི་མེད་པར་ང་ཚོས་ངོས་འཛིན་དང་ཡིད་ཆེས་གསལ་པོ་བྱེད་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད།

Read more

དུག་གི་ས་བོན་བོད་ལ་བཏབ་པའི་ཉིན་མོ་ཡིན།

60year 2རྒྱ་ནག་གིས་བོད་ས་ཡོངས་སུ་བཙན་བཟུང་བྱས་ནས་ལོ་༥༠ འཁོར་བ་དང། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཅེས་པ་བཙུགས་ནས་ལོ་༦༠ འཁོར་ཡོད་པ་དང། ཟླ་འདིའི་ཚེས་༡ ཉིན་རྒྱ་ནག་གིས་ལོ་༦༠ འཁོར་བའི་རྒྱལ་སྟོན་དུས་ཆེན་འགོ་འཛུགས་བྱས་ཏེ། ད་ལྟ་རྒྱ་ནག་གི་འོག་ཏུ་ཡོད་པའི་གྲངས་ཉུང་མི་རིགས་ཁག་དང། སྒོས་སུ་བོད་ཀྱི་གནས་བབས་ཡར་རྒྱས་ཕྱིན་ཡོད་པའི་ཁྱབ་བསྒྲགས་ཀྱང་ཤུགས་ཆེན་བྱེད་བཞིན་ཡོད་པ་རེད། ཉིན་དེ་དང་བསྟུན་ནས་དྷ་སར་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བཞིའི་གོ་སྒྲིག་འོག།མི་མང་གིས་རྒྱ་ནག་ལ་ངོ་རྒོལ་གྱི་རྔམ་སྟོན་ཁྲོམ་སྐོར་དང། ངག་བཅད་ངོ་རྒོལ་སོགས་ཀྱི་ལས་འགུལ་སྤེལ་ཡོད་པ་རེད།

Read more
Page 344 of 387« First...342343344345346...Last »