ཁྲིམས་ཞིབ་པ་རྣམས་ལ་འགན་གཙོ་བོ་གཉིས་ཡོད།

krimshib pa chewaཟླ་འདིའི་ཚེས་༡༨ ཉིན་ནས་ཉིན་གསུམ་རིང་བཙན་བྱོལ་བོད་གཞུང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གོ་སྒྲིག་འོག་དྷ་ས་གངས་སྐྱིད་དུ་ཟུར་འཛུགས་ས་གནས་ཁྲིམས་ཞིབ་པ་དང། ཁྲིམས་དྲུང། གཅིག་ལྕོགས་ས་གནས་ཁྲིམས་ཞིབ་པ་དང། ལས་དྲུང་བཅས་ལ་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་སྐོར་ཟབ་སྦྱོང་ཞིག་འཚོག་བཞིན་པ་དང། ཟབ་ཁྲིད་གནང་མཁན་ཁྲིམས་ཞིབ་པ་ཆུ་སྟེང་ངག་དབང་ཐུབ་བསྟན་དང།

Read more

དམིགས་བསལ་སྐུ་ཚབ་མཆོག་གི་བསྒྲགས་གཏམ།

ྋགོང་ས་མཆོག་གིས་མུ་མཐུད་ནས་གྲོལ་མོལ་གྱི་བརྒྱུད་ལམ་འདི་འཛིན་དགོས་པའི་དགོངས་ཚུལ་གནང་གི་ཡོད་པ་དང། ང་ཚོས་ཕྱོགས་གང་ཐད་ནས་གྲོས་མོལ་མུ་མཐུད་རྒྱུའི་ཐད་ལ་གྲ་སྒྲིག་ཨང་གསར་ཡོད་ཅེས་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས་གསུངས་འདུག

Read more

མངའ་སྡེའི་ཁ་བྲལ་འཐབ་རྩོད་ཀྱིས་བོད་མིར་གྱོང་གུད་ཕོག་འདུག

འདི་ལོ་བོད་པའི་བལ་གོས་ཚོང་པ་ཚོའི་ཚོང་ཟོག་བྲིན་པོ་བྱུང་ཡོད་པས། རྒྱ་གར་གྱི་ས་གནས་གང་སར་བོད་པའི་བལ་གོས་ཚོང་པ་མང་པོ་སླེབས་ཡོད་པ་རེད། སྟབས་མ་ལེགས་པ་ཞིག་ལ་བལ་གོས་ཚོང་པ་མང་པོ་ཡོད་ས། རྒྱ་གར་ལྷོ་ཕྱོགས་ཀྱི་ཨིན་ཌི་ར་མངའ་སྡེའི་ཡུལ་མི་ཁག་གཅིག་གིས། མངའ་སྡེ་གཞུང་ལ་ཊི་ལན་གྷ་ན་(Telangana) མངའ་སྡེ་ཟེར་བ་ལོགས་སུ་དགོས་ཀྱི་ཡོད་པའི་ངོ་རྒོལ་གྱི་ལས་འགུལ་ས་གནས་གང་སར་སྤེལ་བཞིན་ཡོད་པས། ངོ་རྒོལ་བ་ཚོས་ཚོང་ཁང་དང་བལ་གོས་ཚོང་པ་སོགས་ལ་ཚོང་རྒྱག་མི་ཆོག་པའི་ཉེན་བརྡ་བཏང་ཡོད་པས། ཉིན་གྲངས་ངེས་མེད་ཐོག་ཚོང་ལས་མཚམས་འཇོག་ཐེངས་མང་བྱེད་དགོས་བྱུང་བས། བོད་མི་ཚོང་པ་ཚོར་ཧིན་སྒོར་ཁྲི་ཕྲག་མང་པོའི་གྱོང་གུད་ཕོག་ཡོད་འདུག

Read more

ཞི་བདེའི་གཟེངས་རྟགས་དུས་དྲན་ཐོག་༧གོང་ས་མཆོག་ཆིབས་བསྒྱུར།

ཟླ་འདིའི་ཚེས་༡༠ཉིན་ྋགོང་ས་མཆོག་གི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་ནས་ལོ་༢༠ འཁོར་བའི་དུས་ཆེན་མཛད་སྒོ་ཞིག་ཨོ་སི་ཊོ་ལི་ཡའི་རྒྱ་བོད་མཛའ་འབྲེལ་ཚོགས་པ་ཞེས་པས་གོ་སྒྲིག་བྱས་ཏེ། ༧གོང་ས་མཆོག་གདན་འདྲེན་ཞུས་ཡོད་པ་དང། བོད་ཀྱི་དཀའ་ངལ་སེལ་རྒྱུའི་འགན་གཙོ་བོ་དེ་བོད་རིགས་དང་རྒྱ་རིགས་གཉིས་ཀར་ཡོད་པ་དང། དེ་བཞིན་བོད་རྒྱ་མི་རིགས་དབར་གྱི་མཐུན་སྒྲིལ་གོང་འཕེལ་གཏོང་རྒྱུར་འབད་བརྩོན་སྔར་ལས་ལྷག་བྱེད་དགོས་པའི་སྐོར་ལ་བཀའ་སློབ་ཕེབས་ཡོད་པ་རེད།

Read more

གསར་བརྗེ་ཞེས་པའི་དཔེ་དེབ་བོད་བསྒྱུར།

ཚེ་རིང་འོད་ཟེར་ལགས་ཀྱིས་རྒྱ་ཡིག་ཐོག་བརྩམས་པའི་<<གསར་བརྗེ་>>ཞེས་པའི་དེབ་དེ་སྒྲོལ་དཀར་ལགས་ཀྱིས་བོད་བསྒྱུར་བྱས་ཏེ། ཟླ་འདིའི་ཚེས་༡༠ ཉིན་ཉིན་རྒྱལ་སྤྱིའི་འགྲོ་བ་མི་ཐོབ་ཐང་གི་ཉིན་མོ་སྲུང་བརྩི་སྐབས་བོད་གཞུང་གི་གཞུང་འབྲེལ་མཛད་སྒོའི་ཐོག་དབུ་འབྱེད་གནང་བ་དང། དེབ་དེའི་ནང་རིག་གསར་སྐབས་ཀྱི་འདྲ་པར་དང་མི་སྣ་༧༠ ལྷག་ལ་བཅར་འདྲི་བྱས་ཡོད་པ་རེད། “རྒྱལ་རབས་ལོ་རྒྱུས་ཐོག་གི་མུན་ནག་དང་སྡུག་བསྔལ། གོད་ཆག་ཆེ་ཤོས་ཀྱི་ལོ་བཅུའི་རིང་གི་བོད་ཀྱི་རིག་གནས་གསར་བརྗེ་འདི་བཞིན་བསྐྱར་དུ་སྦས་གསང་བྱས་ཏེ་རྩ་བ་ནས་གླེང་གི་མེད་པ་རེད་”ཅེས་བོད་བསྒྱུར་བྱས་པའི་དེབ་ཀྱི་སྔོན་གླེང་དུ་རྩོམ་པ་པོས་བྲིས་ཡོད་པ་རེད།

Read more

རྒྱ་གཞུང་གིས་མནར་གཅོད་བཏང་བའི་སྐོར་གྱི་གཏམ་བརྗོད།

tamgyud1ཟླ་འདིའི་ཚེས་༡༠ ཉིན་ཏེ་༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་ནས་མི་ལོ་༢༠ འཁོར་བའི་དུས་ཆེན་དང། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་བོད་གཞུང་ཟློས་གར་ཚོགས་ཁང་དུ། ༢༠༠༨ ལོའི་ཞི་རྒོལ་ཆེན་མོའི་ནང་ཞུགས་ནས་རྒྱ་གར་དུ་བཙན་བྱོལ་ལ་འབྱོར་བ་སྔོ་རིང་ཚང་ཚེ་རིང་རྡོ་རྗེ་དང། མ་འདུས་ཚང་མགོན་པོ་གཉིས་ཀྱིས་འགན་ཁུར་ནས་བོད་མིའི་སྐྱིད་སྡུག་མཉམ་མྱོང་ཞེས་པའི་གཏམ་བརྗོད་འཁྲབ་སྟོན་ཞིག་བྱས་ཡོད་པ་རེད།

Read more

བྷེལ་ཀོབ་ཏུ་ཞི་བདེའི་གཟེངས་རྟགས་དུས་དྲན་སྲུང་བརྩི།

བྷེལ་ཀོབ་ཏུ་ཞི་བདེའི་གཟེངས་རྟགས་དུས་དྲན་སྲུང་བརྩི།

ཟླ་འདིའི་ཚེས་༡༠ ཉིན་སྤེལ་ཀོབ་རྒྱལ་བའི་ཕོ་བྲང་དུ་༧གོང་ས་མཆོག་གིས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བདག་གིར་བཞེས་ནས་ལོ་འཁོར་ཉི་ཤུ་ཧྲིལ་པོ་འཁོར་བའི་དུས་དྲན་སྲུང་བརྩི་བྱས་ཡོད་པ་རེད། ཞོགས་པའི་ཆུ་ཚོད་༩ བའི་ཐོག་སློབ་གྲྭ་ཁག་གི་སློབ་མ་དང་དེ་མིན་དགེ་འདུན་པ་ཁག་ཅིག མི་མང་རེ་འགའ་བཅས་འདུ་འཛོམས་བྱུང་བའི་ཐོག རྒྱུན་སྲོལ་ལྟར་གྱི་དུས་དྲན་མཛད་སྒོའི་བྱ་བཞག་རྣམས་གྲུབ་རྗེས་སེར་སྨད་བློ་དགའ་ལགས་ཀྱིས་མདོ་ཁམས་ཉག་ཆུའི་ས་ཁུལ་ཀྱི་བོད་མིར་འཕྲད་བཞིན་པའི་ཛ་དྲག་གནས་ཚུལ་སྐོར་གསར་འགོད་གསལ་བསྒྲགས་བྱས་དོན།

Read more

ཞི་བདེའི་གཟེངས་རྟགས་མཛད་སྒོའི་ཐོག་བཀའ་ཤག་གི་གཏམ་བཤད།

སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ཉི་ཤུ་འཁོར་བའི་དུས་དྲན་མཛད་སྒོའི་ཐོག་བཀའ་ཤག་གི་གཏམ་བཤད།

human rihgt day 5ཁམས་གསུམ་སྐྱེ་འགྲོ་སྤྱི་དང༌། ཁྱད་པར་གངས་ཅན་པ་རྣམས་ཀྱི་མགོན་སྐྱབས་དཔུང་གཉེན་ཉག་གཅིག་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་དེ་རིང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་ལོ་ཉི་ཤུ་འཁོར་བའི་དུས་ཆེན་དང༌།

Read more

ནོ་སྦེལ་ཞི་བདེའི་གཟེངས་རྟགས་དུས་དྲན།

human rihgt day 1ཟླ་འདིའི་ཚེས་༡༠ ཉིན་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དང། བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་༧གོང་ས་མཆོག་ལ་འཛམ་གླིང་ནོ་སྦེལ་ཞི་བདེའི་གཟེངས་ཕུལ་ནས་ལོ་༢༠ འཁོར་བའི་དུས་ཆེན་དེ་བོད་གཞུང་མང་གཉིས་ནས་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྲུང་བརྩི་བྱས་ཡོད་པ་རེད།

Read more

ཁྲོམ་ར་ལས་འགྲོ་བ་མིའི་ཐོབ་ཐང་གལ་ཆེན་དུ་བརྩི་ཡི་མི་འདུག།

ཟླ་འདིའི་ཚེས་༦ ཉིན་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་ཨོ་སི་ཁྲུ་ལི་ཡའི་གྲོང་ཁྱེར་མེལ་བྷོན་ནང་ཕེབས་པ་དང། ཕྱི་ཚེས་༩ ཉིན་རྒྱལ་སྤྱིའི་ཆོས་ལུགས་མཐུན་སྒྲིལ་གྱི་ཚོགས་འདུའི་ཐོག་ནང་པའི་བྱམས་བརྩེའི་ལྟ་ཕྱོགས་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་རྒྱུ་ཡིན་འདུག ཚེས་༡༠ ཉིན་བཀའ་ཁྲི་མཆོག་གྲོང་ཁྱེར་མེལ་བྷོན་དུ་ྋགོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་བསྐྱངས་ནས་ལོ་ངོ་༢༠ ཧྲིལ་པོ་འཁོར་བའི་རྟེན་འབྲེལ་གྱི་མཛད་སྒོའི་ཐོག་ཕེབས་ཀྱི་ཡོད་པ་རེད།

Read more
Page 345 of 396« First...343344345346347...Last »