ལྷ་སའི་ཚོང་ཁང་ཆེན་པོ་ཁག་རྒྱ་མིས་བཟུང་འདུག

urub1ཟླ་འདིའི་ཚེས་༡༤ ཉིན་ཡུ་རོབ་མཉམ་འབྲེལ་གྱི་སྤྱི་ཚོགས་དང་དཔལ་འབྱོར་ལས་དོན་ལྷན་ཚོགས་ཀྱི་འཐུས་མི་ཁག་གཅིག་དྷ་སར་གཟིགས་སྐོར་དུ་ཕེབས་པ་དང། ཁོང་རྣམས་ཟླ་བ་སྔོན་མའི་ནང་བོད་ཀྱི་རྒྱལ་ས་ལྷ་སར་ཕྱིན་ནས་དངོས་ཡོད་གནས་ཚུལ་གང་མཐོང་བའི་སྐོར་གྱི་གསལ་འགོད་གསལ་བསྒྲགས་ཤིག་གནང་སོང༌།

Read more

རིན་མེད་སྨན་སྦྱིན་གྱི་སྤྱི་ཚོགས་ཞབས་ཞུ།

ཟླ་འདིའི་ཚེས་༦ ནས་༡༠ བར་གདན་ས་ཆེན་མོ་འབྲས་སྤུངས་བློ་གསལ་གླིང་ཀུན་ཕན་སྨན་བཅོས་ལྷན་ཚོགས་ཀྱིས་མོན་གྷོ་ས་གནས་རྒྱ་གར་ཡུལ་མི་དང་བོད་མི་ཡོངས་ལ་རིན་མེད་སྨན་སྦྱིན་གནང་ཡོད་པ་དང། བློ་གླིང་སྨན་ཞབས་ཟླ་བ་རྒྱལ་མཚན་ལགས་ཀྱིས་འགྲེལ་བརྗོད་གནང་དོན། ཨ་རིའི་MedicalCare Internationalཞེས་སྨན་པའི་རོགས་ཚོགས་ནས་ལོ་རྟག་པར་བློ་གླིང་སྨན་ཁང་གི་གོ་སྒྲིག་འོག་ས་གནས་འདིར་ཕེབས་ཀྱི་ཡོད་པ་དང། ཁོང་ཚོའི་ནང་སྨན་པ་བཞི་དང་སྨན་ཞབས་གཉིས། དང་བླངས་པ་གཉིས་བཅས་ཁྱོན་མི་བརྒྱད་ཕེབས་ཀྱི་ཡོད་པ་རེད། ཁོང་རྣམས་ནས་ས་གནས་རྒྱ་གར་ཡུལ་མི་དང་བོད་མི་ཡོངས་ཀྱི་ནད་བརྟག་དཔྱད་བྱས་པ་གཞིར་བཟུང་གིས་སྨན་དང་མིག་ཤེལ་སོགས་རིན་མེད་ཐོག་ཉིན་རེར་མི་གྲངས་༡༥༠ ཡས་མས་ལ་གནང་གི་ཡོད་སྐོར་འགྲེལ་བརྗོད་གནང་སོང༌།། མོན་གྷོ་གསར་འགོད་པས།

Read more

སྤྱི་འཐུས་ནང་ཁུལ་གྱི་ལྷན་ཚོགས།

ཟླ་འདིའི་ཕྱི་ཚེས་༡༢ ནས་བཟུང་ཉིན་ལྔའི་རིང་དྷ་ཤོད་ཉེ་འགྲམ་གྱི་ཀན་ནི་ཡ་ར་ལམ་ཆེན་རྒྱུད་དུ་ཡོད་པའི་ Snow Hermitage Resort Dhramsala ཞེས་པའི་གསོལ་མགྲོན་ཁང་དུ་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག་ཆབ་སྲིད་ཐབས་བྱུས་ཀྱི་སྐོར་སྤྱི་འཐུས་ནང་ཁུལ་གྱི་ལྷན་ཚོགས་ཤིག་འཚོག་བཞིན་ཡོད་པ་དང༌། སྐབས་འདིར་སྤྱི་འཐུས་རྒྱུན་ལས་ཡོངས་རྫོགས་དང༌། དེའི་ཐོག་ཆོལ་ཁ་རེ་ནས་སྤྱི་འཐུས་གསུམ་རེ་བཅས་འཛོམས་ཡོད་པ་རེད།

Read more

༸གོང་ས་མཆོག་གིས་ཨོ་བྷ་མ་ལ་གསུང་འཕྲིན་བསྩལ་བ།

བཙན་བྱོལ་བོད་གཞུང་དྲ་གནས་སུ་གནས་ཚུལ་བཀོད་པ་ལྟར་ན། ཕྱི་ལོ་༢༠༠༩ ཟླ་༡༠ ཚེས་༡༠ ཉིན་ྋགོང་ས་མཆོག་གིས་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་ལ་འདི་ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་པར་འཚམས་འདྲིའི་གསུང་འཕྲིན་ཞིག་བསྩལ་ཡོད་པ་རེད། གསུང་འཕྲིན་དེའི་ནང་འཁོད་དོན།  སྐུ་ཉིད་ཀྱིས་རྒྱལ་སྤྱིའི་རྩོད་རྙོག་དེ་དག་རྣམ་དཔྱོད་དང་གྲོས་མོལ་གྱི་ལམ་ནས་སེལ་རྒྱུའི་འབད་བརྩོན་གནང་བར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཚོགས་ཆུང་གིས་ངོས་འཛིན་གནང་བ་དེར་ངོས་ནས་དགའ་ཚོར་ཆེན་པོའི་ཐོག་འཚམས་འདྲི་ཞུ་རྒྱུ་ཡིན།

Read more

བདེན་པའི་འོད་སྣང་གི་གཟེངས་རྟགས།

ཟླ་འདིའི་ཚེས་༧ ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གོ་སྒྲིག་འོག་བདེན་པའི་འོད་སྣང་གི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་དེ་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་སི་ནི་ཧར་ཞེས་པའི་ཚོགས་ཁང་དུ། ༸གོང་ས་མཆོག་དང། ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ནན་སིའི་ཕུ་ལོ་སི། གྲགས་ཅན་གློག་བརྙན་འཁྲབ་སྟོན་པ་རིས་ཆར་ཌི་གྷིར་སོགས་ཆེད་ཕེབས་གནང་ཡོད་པ་རེད།

Read more

བོད་ཀྱི་རོལ་མོའི་གཟེངས་རྟགས།

བློ་བཟང་དབང་རྒྱལ་གྱིས་གོ་སྒྲིག་བྱས་པའི་ལྷ་མོ་དབྱངས་ཅན་མའི་སྐུ་བརྙན་གྱི་བོད་ཀྱི་རོལ་མོའི་གཟེངས་རྟགས་སྤྲོད་པའི་མཛད་སྒོ་ཐེངས་བཞི་པ་དེ་ཟླ་འདིའི་ཚེས་༡༠ ཉིན་དྷ་ས་ཟློས་གར་དུ་འཚོགས་ཡོད་པ་དང། རོལ་མོའི་གཟེངས་རྟགས་དེའི་ནང་ཕྱི་ལོ་༢༠༠༧ གྱི་རོལ་མོའི་གཟེངས་རྟགས་སྤྲད་པའི་རྗེས་ནས་ད་བར་གྱི་ལོ་གཉིས་ཙམ་གྱི་དུས་ཚོད་རིང་ལ། གླུ་གཞས་ཀྱི་འོད་སྡེར་གསར་པ་དང། སྲོལ་རྒྱུན་གྱི་གླུ་གཞས་མཁས་པ།

Read more

ཞིང་པ་ཚོས་སེམས་འཚབ་བྱེད་བཞིན་ཡོད་པ་རེད།

intervow_farmer2འདི་ལོར་རྒྱ་གར་ལྷོ་ཕྱོགས་མོན་གྷོ་བོད་མིའི་གཞིས་ཆགས་སུ་ཆར་པ་འབབ་ཡུན་རིང་བས། ལོ་ཐོག་བསྡུ་རྒྱུར་ཞིང་པ་ཚོར་དཀའ་ངལ་འཕྲད་བཞིན་ཡོད་པ་རེད། དེའི་སྐོར་ཞིང་པ་ལྷན་གྲུབ་དར་རྒྱས་ལགས་སུ་བཅར་འདྲི་ཞུས་པ་ཡིན།

Read more

ཁོར་ཡུག་སྐོར་གྱི་ཚོགས་འདུ་ལེགས་གྲུབ་བྱུང་བ།

ཟླ་འདིའི་ཚེས་༨ ཉིན་དཔལ་༸རྒྱལ་བ་ཀརྨ་པ་མཆོག་གིས་དབུ་ཁྲིད་པའི་བཀའ་བརྒྱུད་པའི་དགོན་སྡེ་རྣམས་ཀྱིས་ཁོར་ཡུག་སྲུང་སྐྱོབས་ཀྱི་ཚོགས་ཆེན་ལེགས་གྲུབ་ཀྱིས་མཇུག་བསྡོམས་གནང་སོང། ཉིན་དྲུག་རིང་དགོན་པ་སོ་སོའི་སྐུ་ཚབ་རྣམས་དང། དམིགས་བསལ་ཁོར་ཡུག་དང་འབྲེལ་བ་ཡོད་པའི་ཚོགས་པ་གངས་དཀར་ཏེ་སེ་ཁོར་ཡུག་གོ་རྟོགས་ལས་འགུལ་ཁང་དང། བཙན་བྱོལ་བོད་གཞུང་གི་ཁོར་ཡུག་སྡེ་ཚན་སོགས་ཀྱི་འབྲེལ་ཡོད་མི་སྣ་རྣམས་དང་ལྷན་དུ་སོ་སོའི་ཉམས་མྱོང་བརྒྱུད་སྤྲོད་དང་།

Read more

བགྲང་བྱ་བཞི་ལ་སོན་པའི་དཔེ་སྟོན་སློབ་གྲྭ།

ཟླ་འདིའི་ཚེས་༩ ཉིན་དྷ་རམ་ས་ལར་ཡོད་པའི་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་དབུ་བརྙེས་ནས་ལོ་ངོ་བཞི་འཁོར་བ་དང་སྦྲགས། བོད་མི་རྣམས་སྐྱབས་བཅོལ་དུ་འབྱོར་ནས་མི་ལོ་༥༠ འཁོར་བར་རྒྱ་གར་གཞུང་མང་ལ་བཀའ་དྲིན་རྗེས་དྲན་བྱེད་པའི་མཛད་སྒོ་ཞིག་དཔེ་སྟོན་སློབ་གྲྭར་འཚོགས་སོང་། མཛད་སྒོ་དེའི་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ཕེབས་ནས་གསུང་བཤད་གནང་བ་དང།

Read more

མོན་གྷོ་ས་གནས་སུ་གཞོན་ལྷན་གྱི་དུས་ཆེན།

ཟླ་འདིའི་ཚེས་༧ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ཏེ་མི་ལོ་ཧྲིལ་པོ་༤༠ འཁོར་བའི་དུས་དྲན་སྲུང་བརྩི་བྱས་ཡོད་པ་དང། དུས་དྲན་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ས་འཐུས་གུ་རུ་རྒྱལ་མཚན་དང། སློབ་གྲྭ་དབུ་མའི་སློབ་སྤྱི་ཕུན་རབ་ཆོས་བཟང། ས་གནས་མཉམ་འབྲེལ་ཚོགས་གཙོ་དང་དྲུང་ཆེ། དེ་བཞིན་གཞིས་གྲོང་དང་གྲྭ་ཚང་ཁག་གི་སྤྱི་མི་དང། ཕྱག་མཛོད་རྣམ་པ་སོགས་ཕེབས་ཡོད་པ་རེད།

Read more
Page 350 of 393« First...348349350351352...Last »