རིགས་གཅིག་རྐང་འཛིན་པ་འཚོལ་བ།

བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་རིག་གཅིག་རྐང་འཛིན་གྱི་མཁས་དབང་ག་ཚོད་ཡོད་མེད་གྲངས་ཐོ་ལེན་བཞིན་ཡོད་པ་དང༌། དེའི་སྐོར་ཤེས་རིག་དྲུང་འཕར་དངོས་གྲུབ་རྡོ་རྗེ་ལགས་སུ་བཅར་འདྲི་བྱས་པར། ཁོང་གིས་དེ་སྔོན་སློབ་མ་ཚོར་འཛིན་གྲྭ་༡༢ བར་ཤེས་ཡོན་སྤྲད་པ་དང༌། དེ་རྗེས་མཐོ་སློབ་ཀྱི་སློབ་ཡོན་འཚོལ་སྒྲུབ་སོགས་བྱེད་ཀྱི་ཡོད་པ་རེད་མོད།

Read more

བཀའ་བརྒྱུད་སྨོན་ལམ་ཆེན་མོ།

ཟླ་འདིའི་ཚེས་༡༢ ནས་ཉིན་བརྒྱད་རིང་དཔལ་ཉམས་མེད་འགྲོ་མགོན་བཀའ་བརྒྱུད་པའི་སང་གྷ་སྨོན་ལམ་ཆེན་པོ་ཐེངས་༢༦ པ་དེ་གནས་མཆོག་རྡོ་རྗེ་གདན་དུ་འཚོགས་ཡོད་པ་དང༌། དེའི་སྐོར་བཀའ་བརྒྱུད་སྤྱི་འཐུས་བསོད་ནམས་དགྲ་འདུལ་ལགས་སུ་བཅར་འདྲི་ཞུས་པར། ཁོང་གིས་སྨོན་ལམ་གྱི་ཚོགས་མགོན་དུ་དཔལ་རྒྱལ་དབང་ཀརྨ་པ་མཆོག་གིས་དབུས་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཁག་ནས་གཙོ་བོ་ཀརྨ་བཀའ་བརྒྱུད་དང༌། བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་ཀྱི་དགོན་སྡེ་ཁག་ནས་བླ་སྤྲུལ་༤༠ ཙམ་དང༌། གྲྭ་པ་དང་བཙུན་མ་༤༠༠༠ ཙམ་ཕེབས་ཡོད་པ་རེད། ཉིན་དང་པོར་རྒྱལ་དབང་ཀརྨ་པ་མཆོག་གིས་གསོ་སྦྱོང་གནང་བ་དང༌། རིམ་པས་མི་ལའི་འགུར་འབུམ་གྱི་གསུང་ཆོས། དེ་བཞིན་རྗེ་བཙུན་སྒྲོལ་དཀར་གྱི་ཚེ་དབང་དང༌། བླང་དོར་བཀའ་སློབ་གནང་བ་སོགས་སྨོན་ལམ་ལེགས་གྲུབ་བྱུང་སོང༌། དམིགས་བསལ་གྱིས་ཁོར་ཡུག་འཕྲོད་བསྟེན་གྱི་སྐོར་ལ་བཀའ་སློབ་གནང་བ་དང༌། ཁོར་ཡུག་གི་སྐོར་སྔོན་མ་ལས་ཡག་ཏུ་སོང་ཡོད་སྐོར་གྱི་ལམ་སྟོན་བཀའ་སློབ་གནང་སོང་ཞེས་འགྲེལ་བརྗོད་གནང་སོང༌།

Read more

བསླབ་གཞིའི་རྩ་འཛིན་གྱི་གཞི་རྩའི་ལམ་སྟོན་རགས་ཟིན།

ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བཞིན་གཞི་རིམ་བར་མའི་བསླབ་གཞིའི་རྩ་འཛིན་གྱི་གཞི་རྩའི་ལམ་སྟོན་རགས་ཟིན་བཟོ་འགོད་ཚོགས་ཆུང་བསྐོ་འཛུགས།

    བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བཞིན་གཞི་རིམ་བར་མའི་བསླབ་གཞིའི་རྩ་འཛིན་གྱི་གཞི་རྩའི་ལམ་སྟོན་རགས་ཟིན་བཟོ་འགོད་ཚོགས་ཆུང་བསྐོ་འཛུགས་གནང་ཡོད་པ་དང༌། སྔོན་འགྲོ་ནས་གཞི་རིམ་འོག་མ་བར་གྱི་སློབ་ཚན་ཚང་མའི་བསླབ་གཞིའི་རྩ་འཛིན་གཏན་འབེབས་ཟིན་ཏེ། གཏན་སློབ་དང་ཉིན་མོའི་སློབ་གྲྭ་ཡོངས་སུ་རྩ་འཛིན་དེ་ལག་བསྟར་དགོས་པའི་བཀོད་ཁྱབ་གནང་ཡོད་པ་རེད།

Read more

དངུལ་ཁང་ཧ་ལོག་པའི་དཀྲོགས་གཏམ་ཐད་ལ་གསལ་བཤད།

ཉེ་ཆར་རྒྱ་གར་དངུལ་ཁང་Anara District Central Co-cp BANK.  ཞེས་དངུལ་ཁང་དེ་ཧ་ལོག་ཡོད་སྐོར་རྒྱ་གར་གསར་ཤོག་རེ་ཟུང་ཐོག་གསལ་ཡོད་འདུག དེར་བརྟེན་གོང་གསལ་དངུལ་ཁང་དེའི་ཡན་ལག་མོན་གྷོ་གཞིས་གྲོང་གསུམ་པར་ཡོད་པ་དེའི་ནང་དངུལ་བཅོལ་ལེན་བྱེད་མཁན་གཙོ་བོ་ས་གནས་བོད་ཀྱི་ཆོས་སྡེ་ཁག་ཅིག་དང༌། བོད་མིའི་མཉམ་འབྲེལ་ལས་ཁུངས། གྲོང་པའི་མི་མང་དཀྱུས་མ་སོགས་ཡིན་འདུག་པ་དང་གསར་ཤོག་ནང་གི་སྐད་ཆ་དེ་ཁྱབ་མ་ཐག་ནས་དངུལ་བཅོལ་མཁན་མང་དག་ཅིག་གིས་འབྲེལ་ཡོད་དངུལ་ཁང་གི་ལས་བྱེད་ཚོར་གནས་ཚུལ་དེ་བདེན་པ་ཡིན་མིན་སྐོར་ལ་སྐད་ཆ་འདྲི་རྩད་བྱས་ཡོད་འདུག

Read more

གཞིས་ཆགས་སུ་འཕྲུལ་བཟོ་ཡར་རྒྱས་གཏོང་ཕྱོགས་ཀྱི་བགྲོ་གླེང༌།

དམིགས་བསལ་ཚོགས་ཆེན་སྐབས་དང་པོའི་རྗེས་ལ་ྋགོང་ས་མཆོག་གི་ང་ཚོ་བཙན་བྱོལ་བ་ཆགས་ནས་ལོ་ལྔ་བཅུ་སོང་བའི་ནང་གྲུབ་འབྲས་དང་འཐུས་ཤོར་གང་ཕྱིན་པའི་སྐོར་གྱི་བཀའ་སློབ་ཅིག་གིས་གཉིད་ལ་ཡོད་པའི་བོད་མི་རྣམས་ཐེངས་གཅིག་སད་བཅུག་པ་བཞིན། སྐྱབས་བཅོལ་གྱི་སྤྱི་ཚོགས་གང་སར་འཛིན་སྐྱོང་དང་སྒྲིག་འཛུགས་ཀྱི་ཐོག་ལ་བསྐྱར་ཞིབ་ལྟ་བུའི་གླེང་གཞི་ཞིག་ཆགས་ཡོད་པ་རེད། དེ་བཞིན་བཙན་བྱོལ་གྱི་གཞིས་ཆགས་སྔ་ཤོས་དང་ཆེ་ཤོས་བྷེལ་ཀོབ་ལུགས་ཟུང་བསམ་གྲུབ་གླིང་དུ་ཡང་གླེང་སློང་གང་མང་འབྱུང་བཞིན་པ་ལྟར། ལུགས་བསམ་མཉམ་འབྲེལ་གྱི་འཕྲུལ་བཟོ་ཡར་རྒྱས་གཏོང་ཕྱོགས་སུ་གོ་བསྡུར་དང་ཞིབ་འཇུག་བྱས་དང་བྱེད་བཞིན་ཡོད་པ་རེད།

Read more

སློབ་མའི་རྩོམ་ཡིག་འགྲན་སྡུར།

བོད་གཞུང་གི་དྲ་གནས་སུ་ཟླ་འདིའི་ཚེས་༡༧ ཉིན་གནས་ཚུལ་སྤེལ་བའི་ནང་འཁོད་དོན། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཏུ་བོད་ཀྱི་སྐད་ཡིག་རྩོམ་འབྲིའི་ནུས་རྩལ་ཡར་རྒྱས་གཏོང་ཆེད། ཤེས་རིག་ལས་ཁུངས་ནས་རྒྱལ་ཡོངས་འབྲིང་རིམ་སློབ་མའི་ཕུལ་བྱུང་རྩོམ་ཡིག་འདེམས་སྒྲུག་གི་ལས་གཞི་སྤེལ་ཏེ། ཕྱི་ལོ་ ༢༠༠༨ ཟླ ༡༠ ཚེས་ ༣༡ ཉིན་གཏན་ཉིན་སློབ་གྲྭ་ཡོངས་ཀྱི་འཛིན་གྲྭ་དྲུག་པ་ཡན་གྱི་སློབ་མ་རྣམས་ཀྱི་ནང་ནས་རྩོམ་ཡིག་རྩེ་ཕུད་གསུམ་རེ་འདེམས་སྒྲུག་གིས་ཤེས་ལས་སུ་ཕུལ་ཡོད།

Read more

འབའ་ཐང་གི་ལོ་རྒྱུས་སྲིད་པ་རྒན་པོའི་ངག་སྒྲོས་སེམས་ཀྱི་ཉི་ཟླ།

    རིགས་ལམ་སློབ་གཉེར་ཁང་དུ་སློབ་སྦྱོང་བྱེད་བཞིན་པའི་གྲྭ་འབའ་བ་ཡེ་ཤེས་དགའ་བ་ལགས་ཀྱིས་བརྩམས་པའི་འབའ་ཐང་གི་ལོ་རྒྱུས་སྲིད་པ་རྒན་པོའི་ངག་སྒྲོས་སེམས་ཀྱི་ཉི་ཟླ་ཞེས་པ་དེ་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གི་དེབ་ཕྲེང་གསུམ་པའི་ངོ་བོར་པར་བསྐྲུན་བྱས་པ་དང༌། ཟླ་འདིའི་ཚེས་༡༧ ཉིན་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་གིས་དབུ་འབྱེད་གནང་ཡོད་པ་རེད། དེབ་དེ་ནི་རྩོམ་པ་པོས་ལོ་རྒྱུས་ཡིག་ཆ་མང་པོར་ཞིབ་འཇུག་དང༌། མི་རབས་རྒན་པ་རྣམས་ལ་བཅར་འདྲི་བྱས་ཏེ་ཡིག་ཐོག་ཏུ་ཕབ་པ་སོགས་ལོ་ངོ་བདུན་རིང་ལ་འབད་བརྩོན་བྱས་པའི་གྲུབ་འབྲས་ཤིག་ཆགས་ཡོད་པ་རེད།

Read more

རིགས་གཏེར་དགུན་ཆོས་སྐབས་བརྒྱད་པ་ཚོགས་བཞིན་པ།

འབྲེལ་ཡོད་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་དོན་ལྟར་ན། རིགས་གཏེར་དགུན་ཆོས་སྐབས་བརྒྱད་པ་དེ་ད་ལྟ་འཚོག་བཞིན་ཡོད་པ་དང༌། དེ་ཡང་ཀུན་མཁྱེན་རོང་སྟོན་ཆེན་པོ་དང༌། ཀུན་མཁྱེན་བསོད་ནམས་སེང་གེ། པཎ་ཆེན་ཤཱཀྱ་སོགས་ཀྱི་སྐབས་ནས་དབྱར་ཆོས་དང༌། དགུན་ཆེན་ཆེན་མོ་ཞེས་ཚད་མ་རིགས་གཏེར་སོགས་གཞུང་ཆེན་ཁག་ལ་བརྒལ་བརྟག་བགྲོ་གླེང་གནང་སྲོལ་ཡོད་པ་བཞིན།

Read more

ལྷག་པ་ཤེས་རབ་ཀྱིས་སླར་ཡང་རྒྱ་གར་གཞུང་ལ་ཁྲིམས་གཏུགས་བྱས་པ།

བྷེལ་ཀོབ་བདེ་སྐྱིད་སླར་གསོའི་མཉམ་འབྲེལ་ལ་རྩིས་ཀྱི་རྙོག་གྲ་ཞིག་ཡོད་པ་དེ་ད་ལྟའང་གླེང་བཞིན་ཡོད་པ་རེད། དེ་ཡང་ཕྱི་ལོ་༢༠༠༦ ཕྱི་ཟླ་༥ པའི་ནང་བྷེལ་ཀོབ་བདེ་སྐྱིད་སླར་གསོའི་མཉམ་འབྲེལ་གྱི་ཚོད་ལྟའི་དྲུང་ཆེ་ལྷག་པ་ཤེས་རབ་ལ་མཉམ་འབྲེལ་ཀྱི་མ་རྩ་ཁུངས་སྐྱེལ་གྱི་རྩིས་ལེན་རྩིས་སྤྲོད་སྐབས་སྒོར་མོ་འབུམ་༩༧ ཚང་ཡོད་མེད་ཀྱི་གླེང་སློང་བྱུང༌། མཉམ་འབྲེལ་འགན་འཛིན་ལྷན་ཚོགས་ནས་རྩིས་ནོར་ཡིན་པའི་རྩོད་པ་མཐའ་སྐྱེལ་བྱས་པ་དང༌། ལྷག་པ་ཤེས་རབ་ཀྱིས་སྤྱི་དངུལ་སྒེར་ཟོས་བྱས་པ་ཡིན་སྐོར་གྱི་རྩོད་རྙོག་རྒྱུན་སྐྱོང་བྱས། སྤྱི་དངུལ་ཚང་མིན་གྱི་གནད་དོན་རྩིས་ཁྲའི་སྐོར་བདེ་སླར་མཉམ་འབྲེལ་ཚོགས་གཙོ་བློ་བཟང་ནོར་བུ་ལགས་ལ་བཅར་འདྲི་བྱས་པར། ཁོང་གིས་“བོད་གཞུང་ནང་སྲིད་ལ་དེའི་སྐོར་ཞིབ་འཇུག་བྱེད་རོགས་ཟེར་ནས་རེ་སྐུལ་ཞུ་དུས། བོད་གཞུང་གིས་ལྷོ་སྤྱིའི་སྐུ་ངོ་འཕྲིན་ལས་རྒྱ་མཚོ་དང་ཧོང་སུར་གྱི་དཀོན་མཆོག་ལགས། རྩིས་ཞིབ་ནས་ཆོས་གྲགས་ལགས་གསུམ་གྱིས་ཚོགས་ཆུང་བཙུགས་ཏེ་ཞིབ་འཇུག་གནང་ནས་སྙན་ཐོ་ནང་སྲིད་ལ་ཕུལ་བ་རེད། ནང་སྲིད་ནས་ཞིབ་འཇུག་གི་བཅད་ཁྲ་བཏང་ཡོང་དུས་༢༠༠༦ ཕྱི་ཟླ་༥ ཚེས་༢༥ ཉིན་མི་མང་ལ་དམིགས་བསལ་ཚོགས་ཆེན་བསྐོངས་ནས་སྤྱི་དངུལ་ལྐོག་ཟོས་བྱས་པ་རེད་ཟེར་བ་ཁུངས་སྐྱེལ་མི་འདུག་ཟེར་ནས་བཅད་ཁྲ་བཀླགས་པ་རེད།”ཅེས་འགྲེལ་བཤད་གནང་སོང༌།

Read more

ཁོར་ཡུག་ལ་དོ་སྣང་བྱེད་དགོས་པ་གལ་ཆེན་པོ་འདུག

ཟླ་འདིའི་ཚེས་༡༤ ཉིན་ཝ་ར་ཎ་སིར་ྋགོང་ས་མཆོག་གི་གསུང་ཆོས་ཉིན་མཐའ་མའི་སྐབས་བོད་ཀྱི་གཞོན་ནུ་ཚོགས་པ་དང༌། གསུང་ཆོས་གོ་སྒྲིག་ཚོགས་པ་བཅས་ནས་ྋགོང་ས་མཆོག་སྐུ་ཚེ་བརྟན་པའི་བརྟན་བཞུགས་ཕུལ་ཡོད་པ་དང༌། དེ་བཞིན་ཉིན་དེར་མགོན་པོ་གང་ཉིད་ཀྱིས་དད་ལྡན་ཆོས་ཞུ་བ་རྣམས་ལ་ཐུགས་རྗེ་ཆེན་པོའི་བཀའ་དབང་གནང་བ་དང༌། ཁོར་ཡུག་སྲུང་སྐྱོབ་དགོས་སྐོར་ལ་ལམ་སྟོན་བཀའ་སློབ་གནང་ཡོད་པ་རེད། བོད་ནས་མར་ཡོང་བའི་གཙང་པོའི་རིགས། གཏེར་ཁ་རྩ་མེད་བཟོས་པ་དེས་སྐབས་གཅིག་ལ་ཆུ་ཡར་འཕེལ་བ་དང༌། རིམ་པས་རིམ་པས་ཆུ་མར་སྐམ་རྒྱུའི་ཉེན་ཁ་ཡོད་པ་རེད་ཅེས་བཤད་ཀྱི་འདུག ལ་དྭགས་ནས་མར་ཡོང་བའི་གཙང་པོ་དེ་ལོ་བཅོ་ལྔ་ཉི་ཤུའི་ནང་ལ་སྐམ་རྒྱུའི་ཉེན་ཁ་ཡོད་པ་རེད་ཅེས་བཤད་ཀྱི་འདུག

Read more
Page 388 of 398« First...386387388389390...Last »