བཀའ་ཁྲི་དགོངས་ཞུའི་སྐོར་དེ་བདེན་པ་མ་རེད།

ཟླ་འདིའི་ཚེས་༩ ཉིན་གྱི་རྒྱ་གར་གྱི་དུས་བབས་ཚགས་ཤོག་སྟེང་བཀའ་བློན་ཁྲི་པ་མཆོག་ལས་གནས་ནས་དགོངས་པ་ཞུ་རྒྱུ་ཡིན་པའི་སྙན་སེང་ྋགོང་ས་མཆོག་ལ་ཕུལ་ཡོད་ནའང། ྋགོང་ས་མཆོག་གིས་བཀའ་ཁྲོལ་གནང་མེད་སྐོར་འཁོད་ཡོད་པ་རེད། དེའི་སྐོར་འདི་ག་གསར་ཁང་གིས་བོད་གཞུང་གི་མགྲིན་ཚབ་པ་དྲིལ་བསྒྲགས་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་ལགས་སུ་བཅར་འདྲི་ཞུས་པར། ཁོང་གིས། ཟླ་འདིའི་ཚེས་༦ ཉིན་ནམ་རྒྱུན་གྱི་ལས་བྱེད་ཀྱི་ཚོགས་འདུ་ཞིག་འཚོགས་པ་རེད། དེའི་སྐབས་བཀའ་བློན་ཁྲི་པ་མཆོག་གིས་བཀའ་ཁྲི་དགོངས་པ་ཞུ་ཡི་རེད་ཅེས་པའི་གནས་ཚུལ་ཞིག་ཁྱབ་འདུག དེ་བདེན་པ་མ་རེད་ཅེས་གསུངས་སོང་ཞེས་འགྲེལ་བརྗོད་གནང་སོང།

Read more

གནས་མདོ་བཀྲ་ཤིས་ཆོས་གླིང་གི་སྒོ་འབྱེད།

ས་ག་ཟླ་བའི་ཚེས་༡༥ ཉིན་བལ་ཡུལ་ཡང་ལེ་ཤོད་དུ་གནས་མདོ་བཀྲ་ཤིས་ཆོས་གླིང་རྟེན་དང་བརྟེན་པ་དང་བཅས་ལེགས་གྲུབ་ཀྱི་སྒོ་འབྱེད་གནང་ཡོད་པ་དང། ཉིན་དེར་སྐུ་མགྲོན་གྱི་གཙོ་བོ་བལ་ཡུལ་ཕྱི་སྲིད་བློན་ཆེན་ལྕང་སུ་ཇཱ་ཏཱ་ཀོ་རེ་ལ་མཆོག་དང༌། རྒྱ་བལ་བོད་སོགས་ནས་དགོན་སྡེ་ཁག་དང་ཚོགས་པ་ཁག་གི་སྐུ་ཚབ་དང་དད་ལྡན་སློབ་མ་རྣམ་པ། ཕྱི་རྒྱལ་ཡུལ་གྲུ་གང་ས་ནས་ཕེབས་པའི་སྐུ་མགྲོན་རྣམ་པ་བཅས་ཁྱོན་མི་གྲང་སྟོང་ཚོར་ཉེ་བ་ཞིག་འདུ་འཛོམས་བྱུང་ཡོད་པ་རེད།

Read more

ས་ག་ཟླ་བར་མི་མང་ལ་ནང་ཆོས་ངོ་སྤྲོད།

ཟླ་འདིའི་ཚེས་༧ ཉིན་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་ཕྱགས་མཛོད་ཁང་གི་གོ་སྒྲིག་འོག་མོན་གྷོ་གཞིས་གྲོང་ཁག་དགུ་ལ་ས་ག་ཟླ་བའི་ཚེས་བཅོ་ལྔའི་དགོང་གྲོ་ཆུ་ཚོད་དྲུག་ནས་བདུན་བར་ནང་ཆོས་ངོ་སྤྲོད་གནང་བ་དང། བློ་གླིང་ཕྱག་མཛོད་དགེ་བཤེས་གྲགས་པ་ཤེས་རབ་ལགས་ཀྱིས་གསུང་དོན། ནང་ཆོས་ངོ་སྤྲོད་བྱེད་མཁན་རྣམས་པ་ནི་ལོ་འདིའི་ནང་གི་དགེ་བཤེས་ལྷ་རམས་པ་རྣམས་རེད།  ནང་ཆོས་ངོ་སྤྲོད་འདི་ད་ལོ་གཅིག་པུ་མ་ཡིན་པར། ལོ་རྟག་པར་ས་ག་ཟླ་བའི་ཚེས་བཅོ་ལྔ་ལ་ལོ་དེའི་དགེ་བཤེས་ལྷ་རམས་པ་རྣམ་པ་གཏོང་གི་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་སོང༌།

Read more

དྷ་སའི་ཁོར་ཡུག་དྭངས་བླངས་ཐོག་གཙང་བཟོ།

དྷ་སར་རྟེན་གཞི་བྱས་པའི་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་གོ་སྒྲིག་འོག་ཕྱི་ཟླ་༦ པའི་ཚེས་༥ ཉིན་དྷ་སའི་ཁོར་ཡུག་གཙང་བཟོའི་ལས་འགུལ་སྤེལ་ཏེ་རྒྱལ་སྤྱིའི་ཁོར་ཡུག་ཉིན་མོ་སྲུང་བརྩི་བྱས་ཡོད་པ་རེད།
    ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་འགན་འཛིན་ངག་དབང་རབ་རྒྱས་ལགས་ཀྱིས་གསུང་དོན། འཛམ་གླིང་ཁོར་ཡུག་ཉམས་རྒུད་ཀྱིས་འགྱུར་ལྡོག་རིམ་བཞིན་ཇེ་མྱུར་འགྲོ་བཞིན་ཡོད་པ་དང། འགྲོ་བ་མི་རིགས་དང༌།

Read more

རྩེད་འགྲན་སྐབས་འཁྲུག་རྩོད།

རྒྱལ་ཡུམ་ཆེན་མོའི་རྐང་རྩེད་སྤོ་ལོའི་འགྲན་སྡུར་བྱས་ནས་ཉིན་བརྒྱད་འགྲོ་ཡི་ཡོད་པ་དང། གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཟླ་འདིའི་ཚེས་༦ ཉིན་ཟློས་གར་རུ་ཁག་དང། ཅོང་ད་ར་རུ་ཁག་གཉིས་རྩེད་འགྲན་བྱེད་སྐབས། ཟློས་གར་རུ་ཁག་གིས་སྤོ་ལོ་༦ བླུགས་པའི་མཚམས་དེར་རྩེད་འགྲན་པའི་བར་འཁྲུག་རྩོད་ཤོར་ཡོད་འདུག རྩེད་འགྲན་པ་འཁྲུག་རྩོད་ཤོར་མ་ཐག་མང་ཚོགས་ནང་རྒྱབ་རྩར་ལངས་རེས་བྱས་ཏེ། རྡོ་གཞུ་རེས་བྱས་པ་དང། རྒྱ་གར་ཉེན་རྟོག་པ་བཅུ་གྲངས་ཤིག་ལས་མེད་པས། བར་འདུམ་མ་ཐུབ་པར་ཕན་ཚུན་རྨས་སྐྱོན་ཡང་བྱུང་ཡོད་འདུག བར་འདུམ་བྱེད་མཁན་གྱི་ཉེན་རྟོག་པ་བུད་མེད་ཅིག་གི་མགོར་ཡང་རྡོ་ཕོག་ནས་སྨན་ཁང་དུ་བསྐྱོད་དགོས་བྱུང་ཡོད་འདུག །

Read more

ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ།

ཟླ་འདིའི་ཚེས་༥་ཉིན་བྷེལ་ཀོབ་ས་གནས་བུད་མེད་ཀྱིས་འཛམ་གླིང་ཁོར་ཡུག་ཉིན་མོ་སྲུང་བརྩི་བྱས་པ་དང་སྟབས་བསྟུན་ནས་སྐྱེས་ཤིང་འདེབས་འཛུགས་བྱས་ཡོད་པ་རེད།
    དེ་ཡང་རེས་གཟའ་པ་སང་གི་ཞོགས་པའི་ཆུ་ཚོད་༩ པའི་ཐོག་ས་གནས་བུད་མེད་རྒྱུན་ལས་དང་རི་དཔོན་རྣམས་འདུ་འཛོམས་ཐོག་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་ལགས་ཀྱིས་འཛམ་གླིང་ཁོར་ཡུག་ཉིན་མོ་སྲུང་བརྩི་དགོས་པའི་གཏམ་བཤད་བྱས་པ་དང།

Read more

དྲུག་བཞིའི་དོན་རྐྱེན་ལ་གདུང་སེམས་མཉམ་བསྐྱེད།

ཟླ་འདིའི་ཚེས་༤ ཉིན་བྷེལ་ཀོབ་ས་གནས་གཞོན་ནུ་དང། བུད་མེད། གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་བཅས་ཀྱི་གོ་སྒྲིག་འོག་པེ་ཅེན་དུ་མང་གཙོ་དོན་གཉེར་བའི་སློབ་མའི་ཡར་ལངས་ལ་རྒྱ་གཞུང་གིས་དྲག་གནོན་བྱས་ནས་ལོ་༢༠ འཁོར་བར་གདུང་སེམས་མཉམ་བསྐྱེད་ཀྱི་སྔོ་སྨོན་དང་མར་མེའི་ཁྲོམ་སྐོར་བྱས་ཡོད་པ་རེད།

Read more

རིན་མེད་ཀྱི་སྨན་བཅོས།

ཕྱི་ཟླ་༥ ཚེས་༣༡ ནས་ཟླ་འདིའི་ཚེས་༧ བར་གཟའ་འཁོར་གཅིག་རིང་གདན་ས་འབྲས་སྤུངས་བློ་གསལ་གླིང་སྨན་ཁང་གིས་མོན་གྷོ་ས་གནས་རྒྱ་གར་ཡུལ་མི་ཡོངས་ལ་རིན་མེད་ཐོག་སྨན་གྱི་སྦྱིན་པ་གནང་གི་ཡོད་པ་དང། བློ་གསལ་གླིང་སྨན་ཁང་གིས་རྒན་ཟླ་བ་རྒྱལ་མཚན་ལགས་ཀྱིས་འགྲེལ་བརྗོད་གནང་དོན། ད་ལོའི་ཕྱི་ཟླ་༣ པའི་ཚེས་༣༡ ཉིན་སྨན་གྱི་སྦྱིན་པ་འདི་གོ་སྒྲྀག་བྱས་ཡོད་ཀྱང༌། ནད་བརྟག་དཔྱད་བྱེད་མཁན་གྱི་སྨན་པ་གདན་འདྲེན་ཞུ་རྒྱུ་མ་རག་པས་དུས་ཚོད་ཕྱིར་འགྱང་བྱེད་དགོས་བྱུང་བ་རེད།

Read more

ྋགོང་ས་མཆོག་གི་དྲུག་བཞིའི་དོན་རྐྱེན་ལ་གསུང་འཕྲིན།

བོད་གཞུང་གི་དྲ་གནས་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ྋགོང་ས་མཆོག་གིས་པེ་ཅིང་དུ་སློབ་མའི་མང་གཙོའི་ཡར་ལངས་བྱས་ནས་ལོ་༢༠ འཁོར་བའི་དུས་དྲན་ཐོག་གསུང་འཕྲིན་ཞིག་གནང་ཡོད་པ་རེད། གསུང་འཕྲིན་དེའི་ནང་འཁོད་དོན། པེ་ཅིང་གནམ་བདེ་སྒོ་མོའི་ཐང་དུ་དྲུག་བཞིའི་མང་གཙོའི་ལས་འགུལ་བྱུང་ནས་ལོ་ཉི་ཤུ་འཁོར་བའི་སྐབས་འདིར།ངོས་ནས་རྒྱ་ནག་ལ་སེམས་ཁུར་བྱེད་མཁན་ཡོངས་དང་ལྷན་དུ།མང་ཚོགས་ཀྱི་བསམ་འདུན་མཚོན་པར་བྱས་ནས་རྒྱ་ནག་གཞུང་ལ་རང་གི་མི་མང་གི་ཆེད་དུ་འགན་ཁུར་ལེན་དགོས་པའི་རེ་འདུན་བཏོན་པའི་ལས་འགུལ་ནང་ལུས་སྲོག་ཤོར་བ་རྣམས་ལ་རྗེས་དྲན་བྱེད་བཞིན་ཡོད།

Read more

བོད་པའི་གསར་འགོད་པར་གཟེངས་རྟགས།

ཕྱི་ཟླ་དྲུག་པའི་ཚེས་གསུམ་རེས་གཟའ་ལྷག་པའི་ཉིན་ཨ་མེ་རི་ཀའི་དབུས་གཞུང་གི་རྒྱང་སྲིང་ལས་ཁང་གི་ལོ་རེའི་ཕུལ་བྱུང་གསར་འགོད་པའི་གཟེངས་རྟགས་དེ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་གསར་འགོད་པ་དང་གཏམ་གླེང་ཞལ་པར་གྱི་ལས་རིམ་གཙོ་སྐྱོང་བ་སྒྲོལ་དཀར་ལགས་སུ་གནང་བའི་གནས་ཚུལ་དུ།།

Read more
Page 390 of 418« First...388389390391392...Last »