གྲོས་ཚོགས་ཚོགས་དུས་བདུན་པ།

སྐབས་བཞི་བཅུ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་བདུན་པ་སྟེ། སྔོན་རྩིས་གྲོས་ཚོགས་དེ་ད་ལོ་དམིགས་བསལ་གྱིས་དུས་ཡུན་རིང་དུ་བཏང་ཡོད་པ་དང༌། དེ་ནི་གཙོ་བོ་དམིགས་བསལ་ཚོགས་ཆེན་སྐབས་ཀྱི་གནད་དོན་ཁག་དང༌། ༢༠༠༨ ལོའི་ཕྱི་ཟླ་༣ པ་ནས་བོད་ནང་དུ་ཞི་རྒོལ་ཤུགས་ཆེན་བྱུང་བར་རྒྱ་ནག་གཞུང་གིས་དྲག་གནོན་ཚད་མེད་ བཏང་བར་བརྟེན།

Read more

ྋགོང་ས་མཆོག་ལ་བརྟན་བཞུགས་འབུལ་འཆར།

བོད་རྒྱ་འོག་ཏུ་ཤོར་བ་དང༌། རྒྱ་གར་དུ་བཙན་བྱོལ་བོད་གཞུང་བཙུགས་ནས་ལོ་ལྔ་བཅུ་འཁོར་བའི་དུས་དྲན་དང་སྟབས་བསྟུན། བོད་གཞུང་མང་གཉིས་ནས་ྋགོང་ས་མཆོག་སྐུ་ཚེ་བརྟན་པ་དང༌། མཛད་པ་འཕྲིན་ལས་རྒྱས་ཆེད་བརྟན་བཞུགས་རིམ་པ་གཉིས་ཕུལ་འཆར་ཡོད་འདུག ལྔ་བཅུའི་དུས་དྲན་དེ་༢༠༠༩ ལོའི་ཕྱི་ཟླ་༣ ཚེས་༩ ཉིན་ལ་དབུ་འཛུགས་གནང་གི་ཡོད་པ་དང༌།

Read more

དགའ་ལྡན་ལྔ་མཆོད་ཆེན་མོ།

དགའ་ལྡན་ལྔ་མཆོད་ཆེན་མོ་ནི་རྗེ་ཙོང་ཁ་པ་ཆེན་པོ་དགོངས་རྫོགས་ཀྱི་དུས་མཆོད་ཀྱི་ཉིན་མོ་ཡིན་པ་དང༌། དེའང་རབ་བྱུང་བདུན་པའི་ས་ཕག་ཕྱི་ལོ་༡༤༡༩ ལོའི་སྟོན་དུས་ཙོང་ཁ་པ་ཆེན་པོས་སྟོད་ལུང་དང༌། འབྲས་སྤུངས། ལྷ་ས། སེ་ར་སོགས་སུ་ཕེབས་ནས་ཆོས་མང་དུ་གསུངས་ཤིང༌། དེ་རྗེས་དགའ་ལྡན་དུ་ཕྱིར་ཕེབས་ཀྱིས་ཐུབ་དབང་ཚུལ་ཁྲིམས་མའི་སྐུ་མདུན་དུ་མཆོད་འབུལ་དང་བསྔོ་བ་སྨོན་ལམ་རྒྱ་ཆེར་མཛད། སྐུ་བེར་དང་དབུ་ཞྭ་སྲས་ཀྱི་ཐུ་བོ་དར་མ་རིན་ཆེན་ལ་གནང་སྟེ་རྒྱལ་ཚབ་ཏུ་བསྐོ་བཞག་མཛད་ནས་བོད་ཟླ་༡༠ ཚེས་༢༥ ཉིན་གཟིམ་ཁང་འོད་གསལ་སྦུག་ཏུ་སྐུ་གཤེགས་པའི་ཚུལ་བསྟན་པ་ནས། ལོ་ལྟར་དུས་ཆེན་དེ་ཉིད་རྩི་སྲུང་ཞུ་བཞིན་ཡོད་པ་དང༌།

Read more

མྱ་ངན་དྲན་གསོའི་ཆེད་ལོ་གསར་མི་གཏོང་བའི་ལས་འགུལ།

ཟླ་འདིའི་ཚེས་༢༡ བྷེལ་ཀོབ་ས་གནས་གཞོན་ནུ་དང་བུད་མེད། གངས་ལྗོངས་རང་བདེན་རྩོད་ལེན་མཐུན་གྱི་ཚོགས་གཙོ་རྣམ་པ་དང༌། ས་གནས་གཞོན་ནུའི་སློབ་སྟོན་པ་རྒན་བློ་བཟང་རྡོ་རྗེ་སོགས་ས་གནས་གནད་ཡོད་མི་སྣ་ཁག་བཅོ་ལྔ་ཙམ་བོད་ཀྱི་བང་ཆེན་ས་གནས་གསར་འགོད་པའི་སྡོད་གནས་སུ་འདུ་འཛོམས་ཀྱིས་ད་ལོ་བོད་གཞིས་བྱེས་གཉིས་སུ་གྱེས་ནས་ལོ་འཁོར་ལྔ་བཅུ་འཁོར་བ་དང༌། བོད་ནང་ཛ་དྲག་དོན་རྐྱེན་བྱུང་བའི་རྒྱུ་མཚན་གྱིས་ལོ་གསར་དུས་སྟོན་བྱེད་རྒྱུའི་དུས་ཚོད་མིན་པས་མྱ་ངན་དྲན་གསོ་ཞེས་པའི་ལས་འགུལ་ཞིག་སྤེལ་དགོས་པའི་སྐོར་བགྲོ་གླེང་དང་ཐག་ཆོད་བྱས་པ་སོང༌། དེ་ཡང་བྷེལ་ཀོབ་གཅིག་པུ་ཙམ་མིན་པར་འཛམ་གླིང་གང་ས་ན་ཡོད་པའི་བོད་མི་ཡོད་དོ་ཅོག་གིས་དེ་ལ་མཉམ་ཞུགས་དགོས་པའི་འབོད་སྐུལ་ཡང་ཞུ་བཞིན་འདུག ལས་འགུལ་གཙོ་བོ་ནི་ཁང་པར་དཀར་རྩི་མི་གཏོང་བ་དང་མི་མང་མཉམ་འཛོམས་ཀྱིས་གླུ་དང་ཞབས་བྲོ་མི་བྱེད་པ་སོགས་གཙོ་བོ་རེད་འདུག དེ་ཡང་ཁོང་རྣམས་པས་ལས་འགུལ་སྐོར་ཀྱི་གསར་འགོད་གསལ་བསྒྲགས་བྱས་དོན།

Read more

ཁལ་མིག་སྲིད་བློན་སོགས་བཞུགས་སྒར་དུ་ཕེབས་པ།

ཨུ་རུ་སུའི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་ཁལ་མིག་སྲིད་བློན་སོགས་ཀྱིས་བཞུགས་སྒར་དུ་གཟིགས་སྐོར།
ཉེ་བའི་ལོ་ཤས་སྔོན་ནས་ཨུ་རུ་སུ་མཉམ་འབྲེལ་གྱི་ཁོངས་གཏོགས་ཁལ་མིག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དང་གྲོས་ཚོགས་ཀྱི་འཐུས་མི་སོགས་བཞུགས་སྒར་ཁུལ་དུ་ཐེངས་སྔ་ཕྱི་རིམ་པ་ཕེབས་ཡོད་པ་མ་ཟད། ཡུལ་དེའི་གཟེངས་རྟགས་ཆེ་ཤོས་པདྨ་དཀར་པོ་ཞེས་པ་དེ་ཡང་ྋགོང་ས་མཆོག་ལ་ཕུལ་ཡོད་པ་དང༌།

Read more

རྒྱལ་ཚོགས་ཀྱི་དྲུང་ཆེས་བོད་དོན་གླེང་བར་དགའ་བསུ།

བཙན་བྱོལ་བོད་གཞུང་བཀའ་ཤག་གིས་ཟླ་འདིའི་ཚེས་༡༨ ཉིན་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང༌། ཉེ་ཆར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བྷན་ཀི་མོན་མཆོག་གིས་རྒྱ་ནག་ལ་ྋགོང་ས་མཆོག་དང་ལྷན་དུ་མུ་མཐུད་ནས་ཞི་འགྲིག་ཡོང་ཐབས་དང༌། རྒྱ་ནག་གཞུང་གིས་བོད་རྒྱའི་གནད་དོན་དེ་ཞི་མོལ་གྱི་ལམ་ནས་སེལ་ཐབས་དགོས་པའི་སྐུལ་མ་གནང་བ་དེར་དགའ་བསུ་ཞུས་ཡོད་པ་རེད།

Read more

མོན་གྷོ་གཏན་སློབ་ཀྱི་སློབ་མའི་རྩེད་འགྲན།

ཟླ་འདིའི་ཚེས་༡༧ ཉིན་ལྷོ་ཕྱོགས་མོན་གྷོ་གཏན་སློབ་ཀྱི་གོ་སྒྲིག་འོག་སློབ་ཕྲུག་རྣམས་ཀྱིས་རྩེད་ཐང་དུ་རུ་བསྒྲིགས་དང་གླིང་བུ་རོལ་མོའི་སྒྲ་དབྱངས་དང་བཅས་རྩེད་འགྲན་དབུ་འཛུགས་གནང་སོང༌། བོད་དང་རྒྱ་གར་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་བཏང་སྟེ་སློབ་ཕྲུག་ཆུང་བའི་སྡེ་ཚན་ནས་རྩེད་མོའི་བསྟོད་དབྱངས་ཀྱི་མཉམ་གཞས་བཏང་བ་དང༌། དེ་རྗེས་སློབ་གྲྭའི་ཁང་ཚན། ཁྲི་སྲོང༌། པདྨ།

Read more

ྋགོང་ས་མཆོག་ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་སུ་ཆིབས་བསྒྱུར།

    འདི་ཟླའི་ཚེས་༡༧ ཉིན་གྱི་སྔ་དྲོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱིས་གདན་ཞུས་ལྟར་ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་སུ་ཆིབས་བསྒྱུར་གནང་ཡོད་པ་དང༌། དེར་གསར་འགོད་པ་ཚོར་བཀའ་གནང་དོན། ཧི་མ་ཅལ་གཙོ་བྱས་པའི་རྒྱ་གར་གྱི་མང་གཙོའི་རིང་ལུགས་དེ་ཚགས་ཚུད་པོ་ཡོད། བོད་གཞུང་གིས་ཀྱང་མང་གཙོའི་ལམ་ཡང་དག་པ་ཞིག་བསྐྱོད་རྒྱུར་འབད་བརྩོན་ཞུ་བཞིན་ཡོད། རྒྱ་གར་གྱི་སྔོན་མའི་རིག་གཞུང་དེ་འཚེ་བ་མེད་པའི་ལྟ་བར་གཞི་བཅོལ་བ་ཡིན་སྟབས། དེའི་ཐོག་ནས་རྒྱ་གར་ནང་ལོགས་ཀྱི་སྲོལ་རྒྱུན་གྱི་ཆོས་ལུགས་དང་ཕྱི་ནས་དར་བའི་ཆོས་ལུགས་སོགས་ཆོས་ལུགས་ཕན་ཚུན་བར་བཟོད་སྒོམ་དང་འཆམ་མཐུན་བྱས་ཏེ་འཛམ་གླིང་ལ་ཁྱབ་ཐུབ་པ་གནང་དགོས། རྒྱ་གར་གྱི་འཚེ་མེད་ཞི་བའི་ལྟ་གྲུབ་དེ་གནས་སྟངས་ཤིག་གི་འོག་ནས་གསར་གཏོད་གནང་བ་མ་ཡིན་པར། ལོ་ངོ་སྟོང་ཕྲག་མང་པོའི་རིག་གཞུང་གཞི་ལ་བཞག་ཡོད་སྟབས། དེ་ནི་འགྲོ་བ་མིའི་རིགས་ལ་གལ་ཆེན་དང་རྩ་ཆེན་པོ་ཆགས་ཡོད་ཅེས་སོགས་གསུངས་ཡོད་པ་རེད།
   

Read more

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་གསར་རྙིང་བརྗེ་ལེན།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་ཀརྨ་ཆོས་འཕེལ་མཆོག་གི་ལས་རྒྱུན་རྫོགས་པ་དང༌། ཟླ་འདི་ཚེས་༡༦ ཉིན་ཚོགས་གཙོ་གསར་པ་སྤེན་པ་ཚེ་རིང་མཆོག་གིས་སྤྱི་འཐུས་ཚོགས་གཙོའི་དམ་འབུལ་གནང་བ་དང༌། ཚོགས་གཙོའི་ལས་དོན་དབུ་འཛུགས་གནང་ཡོད་པ་རེད། ཚོགས་གཙོ་གསར་པ་སྤེན་པ་ཚེ་རིང་མཆོག་ལ་དེ་སྔོན་སྤྱི་འཐུས་ནང་དུ་འཐུས་ཤོར་འདི་ཕྱིན་འདུག་བསམ་པའི་དགོངས་ཚུལ་ཡོད་མེད་སྐོར་བཅར་འདྲི་ཞུས་པར།

Read more

འབྲེལ་མོལ་གྱི་རིམ་པ་གཅིག་ཚུལ་མཐུན་མཐའ་བསྡོམས་བྱས་ཡོད།

ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ལམ་སྟོན་དང༌། དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཤུགས་ཆེ་ཐོབ་ཡོད་པ་བཅས་ལ་བརྟེན། ད་ཆ་བཙན་བྱོལ་གཞུང་གིས་གདེང་ཚོད་ཆེན་པོས་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་འཁྱོང་དམ་འཛིན་ཐུབ་རྒྱུ་མ་ཟད། རྒྱལ་སྤྱིའི་ནང་སྒྲུབ་ཕྱོགས་ཀྱི་ལས་འགུལ་ཤུགས་ཆེ་རུ་གཏོང་རྒྱུ་དང༌། ཁྱད་པར་རྒྱ་ནག་མང་ཚོགས་དང་འབྲེལ་མོལ་གོང་མཐོར་སྤེལ་དགོས་པའི་གོ་སྐབས་སུ་སླེབས་ཡོད། དེ་བཞིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་ཚོས་ང་ཚོའི་བསམ་འཆར་ཡིག་ཆའི་ཐོག་གྲོས་མོལ་རྒྱུན་སྐྱོང་གནང་འདོད་ཡོད་ཚེ་ང་ཚོའི་ངོས་ནས་གྲོས་མོལ་གྱི་སྒོ་མོ་རྒྱུན་དུ་ཕྱེ་ཡོད་ཅེས་བཀའ་བློན་ཁྲི་པ་མཆོག་གིས་གསུངས་ཡོད་པ་རེད།

Read more
Page 392 of 398« First...390391392393394...Last »