གསུམ་བཅུའི་དུས་དྲན་ཐེངས་༥༠ པའི་ཐོག་བཀའ་ཤག་གི་གསུང་བཤད།

༄༅།  །དེ་རིང་  ༢༠༠༩  ཕྱི་ཟླ་  ༣  ཚེས་  ༡༠  བོད་མི་རྣམས་ཀྱིས་འཚེ་མེད་ཞི་བའི་ལམ་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཙན་གནོན་དབང་བསྒྱུར་ལ་ངོ་རྒོལ་བྱས་ཏེ་ལོ་ལྔ་བཅུ་ཧྲིལ་པོ་འཁོར་བའི་གལ་ཆེའི་དུས་ཚིགས་འདིའི་ཐོག  བཙན་བྱོལ་བོད་གཞུང་བཀའ་ཤག་གིས་བོད་མི་རིགས་དང་བསྟན་སྲིད་ཀྱི་དོན་དུ་ལུས་སྲོག་དོར་བའི་དཔའ་བོ་དཔའ་མོ་སྤྱི་དང༌།  ཁྱད་པར་སྔ་ལོ་གསུམ་དུས་ནས་བཟུང་ད་བར་ཆོལ་གསུམ་ཡོངས་སུ་ཞི་རྒོལ་གྱི་ནང་ལུས་སྲོག་ཤོར་བ་རྣམས་ལ་རྗེས་དྲན་དང༌།  ད་ལྟ་བཙན་འོག་ཏུ་མནར་གཅོད་མྱོང་བཞིན་པ་རྣམས་ལ་གདུང་སེམས་མཉམ་སྐྱེད།  གཞིས་བྱེས་བོད་མི་ཡོངས་ལ་སེམས་ཚོར་དྲག་པོས་འཚམས་འདྲི་བཅས་ཞུ་རྒྱུ་ཡིན།

Read more

ྋགོང་ས་མཆོག་ལ་བོད་གཞུང་མང་གཉིས་ཀྱི་བརྟན་བཞུགས།

བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ྋགོང་ས་མཆོག་ལ་བོད་ལྗོངས་ལྷ་མི་ཡོངས་ཀྱིས་བརྟན་བཞུགས་ཕུལ་ཡོད་པ་དང༌། ྋགོང་ས་མཆོག་གིས་སྐབས་དེར་སེར་སྐྱ་ལྷ་མི་ཚང་མས་དད་པ་དང་འདུན་པ། དམ་ཚིག་ལྷག་བསམ་གཅིག་ཏུ་བསྒྲིལ་ནས་ཡོང་གི་ཡོད་པས། ངའི་ངོས་ནས་ཀྱང་དེ་བཞིན་ལྷག་བསམ་བསྐྱེད་ནས་འདུན་པ་རིང་པོ་ད་དུང་ཡིན་ནའང་སྨོན་ལམ་རྒྱག་གི་ཡིན། ཁྱེད་རང་ཚོ་ཐུགས་བདེ་བོ་བྱས་ནས་བཞུགས་རོགས་ཞེས་བཀའ་གནང་ཡོད་པ་རེད། དེ་ནི་བོད་མི་བཙན་བྱོལ་དུ་འབྱོར་ནས་ལོ་ལྔ་བཅུ་འཁོར་བའི་དུས་དྲན་གྱི་སྲུང་བརྩི་ཞུ་རྒྱུའི་ལས་རིམ་ཐོག་མ་དེ་ཡིན་པ་རེད།

Read more

ཆོས་ཚོགས་ཐོག་ྋགོང་ས་མཆོག་ཆིབས་བསྒྱུར།

ཟླ་འདིའི་ཚེས་༦ ནས་༨ དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་འཚོགས་པའི་བཙན་བྱོལ་བོད་གཞུང་གི་ཆོས་ཚོགས་ཐེངས་བཅུའི་ཐོག་ཚེས་༨ སྔ་དྲོ་ྋགོང་ས་མཆོག་ཚོགས་མགོན་དུ་ཆིབས་བསྒྱུར་གནང་བ་དང༌། ྋམགོན་པོ་གང་ཉིད་ཀྱིས་ད་ལྟ་ཆོས་བརྒྱུད་ཁག་སྔར་དང་མི་འདྲ་བའི་དམ་ཚིག་འོ་ཆུ་གཅིག་འདྲེས་ཡོད་པས། དེ་ལ་རྗེས་སུ་ཡི་རངས་ཡོད་པའི་སྐོར་དང༌། གོང་བུ་གཅིག་གྱུར་དེ་གལ་ཆེན་པོ་ཡིན་པ། དེང་སྐབས་ས་ཆ་གང་སར་བོད་པའི་བླ་མས་ཞབས་འདྲེན་བྱེད་ཀྱི་འདུག་ཟེར་མཁན་ཡོད་པས། མང་ཚོགས་ནང་ཆོས་ཀྱི་གོ་རྟོགས་གོང་མཐོར་གཏོང་དགོས་ཀྱི་འདུག མང་ཚོགས་ཀྱིས་བརྟག་དཔྱད་བྱེད་རྒྱུ་གལ་ཆེན་པོ་ཡིན་པ་དང༌། ཞབས་འདྲེན་ཞུ་མཁན་ཐེར་འདོན་བྱེད་རྒྱུ་གལ་ཆེན་པོ་རེད། ཚང་མས་འགན་ཁུར་དགོས་སྐོར་གྱི་བླང་དོར་བཀའ་སློབ་ཟབ་རྒྱས་གནང་ཡོད་པ་རེད།

Read more

ལྔ་བཅུའི་དུས་དྲན་སྐབས་ཀྱི་སྨོན་ལམ་མཆོད་འབུལ།

བཙན་བྱོལ་བོད་གཞུང་རྒྱ་གར་དུ་བཙུགས་ནས་ལོ་ལྔ་བཅུ་འཁོར་བའི་དུས་དྲན་དང་སྟབས་བསྟུན། ཟླ་འདིའི་ཚེས་༨ ཉིན་གྱི་སྔ་དྲོ་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ྋགོང་ས་མཆོག་དབུ་བཞུགས་ཐོག་བོད་ཀྱི་ཆོས་བརྒྱུད་ཁག་གི་དབུ་ཁྲིད་རྣམས་ཀྱིས་དབུས་སེར་སྐྱ་མི་མང་འདུ་འཛོམས་ཀྱིས་བོད་དོན་བདེན་མཐའ་མྱུར་ཏུ་གསལ་བ་དང༌། པཎ་ཆེན་ཆུང་སྲིད་རིན་པོ་ཆེས་དབུས་ཆབ་སྲིད་བཙོན་པ་རྣམས་མྱུར་དང་གློད་གྲོལ་ཡོང་ཐབས། རྒྱལ་གཅེས་དཔའ་བོ་རང་སྲོག་ཤོར་བ་རྣམས་ཀྱི་བཀའ་དྲིན་རྗེས་དྲན་སོགས་ཀྱི་ཆེད་སྨོན་ལམ་འཚོགས་ཡོད་པ་རེད།

Read more

བོད་ཀྱི་ཆོས་ཚོགས་ཐེངས་བཅུ་པ་འཚོག་བཞིན་པ།

ཟླ་འདིའི་ཚེས་༦ ཉིན་ནས་ཚེས་༨ བར་ཉིན་གྲངས་གསུམ་རིང་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང༌། གཡུང་དྲུང་བོན་བཅས་ཀྱི་དབུ་ཁྲིད་བླ་ཆེན་རྣམ་པ་དང༌། མཁན་པོ། བླ་སྤྲུལ། སྐུ་ཚབ་བཅས་༦༢ ཙམ་ལྷན་འཛོམས་ཀྱིས་ཆོས་ཚོགས་ཐེངས་བཅུ་པ་དེ་ཐེག་ཆེན་ཆོས་གླིང་ཕོ་བྲང་ཚོམས་ཆེན་དུ་དབུ་འཛུགས་གནང་ཡོད་པ་དང༌། དེའི་ཐོག་གྲོས་གཞི་གཙོ་བོ་བརྒྱད་ཡོད་པའི་ནང་དབང་ལྡན་ཆོས་དོན་ལྷན་ཚོགས་འཛུགས་དགོས་མིན་དང༌། གཞན་ཡང་ཇོ་ནང་སྐོར་དང༌། དགེ་བཤེས་མ་དང་མཁན་མོ་སོགས་ཀྱི་ཐད་བགྲོ་གླེང་གནང་གི་ཡོད་འདུག  ཕྱི་ཚེས་༨ ཉིན་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ཚོགས་མགོན་དུ་ཆིབས་བསྒྱུར་གནང་རྒྱུ་ཡིན་པ་རེད།

Read more

བལ་ཡུལ་དུ་མར་མེའི་ཁྲོམ་སྐོར།

ཕྱི་ཟླ་༢ པའི་ཚེས་༢༤ ཉིན་གྱི་ཕྱི་དྲོ་བལ་ཡུལ་མཆོད་རྟེན་ཁུལ་དུ་མདོ་སྟོད་ཆུ་བཞི་སྒང་དྲུག་ས་གནས་རྒྱུན་ལས་ཁང་གི་གོ་སྒྲིག་འོག་བོད་དོན་ཆེད་མར་མེ་ཁྲོམ་སྐོར་ཞིག་བྱས་ཡོད་པ་དང༌། ཉིན་དེར་སེར་སྐྱ་ཕོ་མོ་སྟོང་ཚོ་གཅིག་ལྷག་འདུ་འཛོམས་བྱུང་ཡོད་པ་རེད། དེ་ནི་བོད་ནང་ད་བར་བོད་དོན་ལས་འགུལ་ཆེད་བོད་མི་རྒྱ་ཕྲག་མང་པོ་དམར་གསོད་དང༌། སྟོང་ཚོ་བརྒལ་བ་འཛིན་བཟུང་བཙོན་འཇུག་བྱས་དང་བྱེད་མུས་སུ་ཡོད་པ་དག་ལ་བྱེས་འབྱོར་བོད་མི་རྣམས་ཀྱིས་གདུང་སེམས་མཉམ་སྐྱེད་མཚོན་བྱེད་དུ་ཡིན་སྐོར་གྱི་གསར་འགོད་གསལ་བསྒྲགས་གནང་ཡོད་པ་རེད།

Read more

ལོ་གསར་སྐབས་བལ་ཡུལ་དུ་བོད་དོན་ལས་འགུལ།

ཕྱི་ཟླ་༢ པའི་ཚེས་༢༥ བོད་ཀྱི་ལོ་གསར་ཚེས་༡ གི་སྡ་དྲོ་ཆུ་ཚོད་༦ པའི་ཐོག་བོད་པའི་གཞོན་སྐྱེས་ཁག་ཅིག་གིས་བལ་ཡུལ་རྒྱ་ནག་གཞུང་ཚབ་ཁང་གི་ལྕགས་རིའི་གྱང་ངོས་སུ་བོད་དུ་མི་གསོད་མཚམས་འཇོག་བྱེད་དགོས་ཞེས་ལྕགས་རྩི་སྔོན་པོས་བྲིས་ཡོད་པ་མ་ཟད། གྱང་ཁར་བོད་ཀྱི་རྒྱལ་དར་ཞིག་བཙུགས་ཡོད་པ་རེད། དེ་གློ་བུར་དུ་བྱུང་བའི་དོན་རྐྱེན་ཞིག་ཡིན་ཕྱིར་ཉེན་རྟོག་པས་འཛིན་བཟུང་བྱེད་ཐུབ་མེད་པ་དང༌། དེ་བཞིན་བོད་ཚེས་༢༩ ཞོགས་པ་སྔ་པོ་རྒྱ་ནག་གཞུང་ཚབ་ཁང་གི་རྒྱ་སྒོའི་མདུན་དུ་ན་ནིང་བོད་བར་གོམ་བགྲོད་གཉིས་པ་འགྲོ་མཁན་ཚོས་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་དང་རང་སྐྱོང་ལྗོངས་ཀྱི་དཔོན་པོ་བྱམས་པ་ཕུན་ཚོགས་གཉིས་ཀྱི་འདྲ་གཟུགས་རེ་བཟོས་ཏེ་དགུ་གླུད་ནང་དུ་བསྐྱལ་ཡོད་པ་རེད། ཉིན་དེའི་དགོང་མོ་སླར་ཡང་གཞོན་སྐྱེས་ཁག་གཅིག་གི་རྒྱ་ནག་གཞུང་ཚབ་ཁང་གི་ལྕགས་རིའི་ནང་དུ་དགུ་གླུད་བཟོས་ཏེ་གཡུགས་ཡོད་པ་རེད།།  བལ་ཡུལ་གསར་འགོད་པས།

Read more

བོད་དོན་དང་འབྲེལ་བའི་རྒྱ་ཡིག་དེབ་ཆུང་ཞིག

ཟླ་འདིའི་ཚེས་༢༨ ཉིན་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་གངས་སྐྱིད་ལྷག་པ་ཚེ་རིང་ཚོགས་ཁང་དུ་རྒྱ་རིགས་བུད་མེད་རྩོམ་པ་པོ་  བརྩམས་པའི་དཔེ་དེབ་དབུ་འབྱེད་ཀྱི་གསར་འགོད་གསར་བསྒྲགས་ཤིག་འཚོགས་པ་དང༌། སྐབས་དེར་བོད་ཀྱི་བུད་མེད་ལྷན་གྱི་ཚོགས་གཙོ་བུ་མོ་ཚེ་རིང་ལགས་ཀྱིས་བུད་མེད་ཚོགས་པའི་ངོས་ནས་དེབ་དེ་དཔར་བསྐྲུན་བྱེད་དགོས་པའི་དམིགས་ཡུལ་སྐོར་ངོ་སྤྲོད་གནང་ཡོད་པ་རེད། རྒྱ་ནག་གིས་འཛུགས་སྐྲུན་བྱས་ཡོད་ཅེས་བརྗོད་ཀྱིན་ཡོད་པ་དེ། སྔོན་མ་ཁོ་རང་ཚོས་གཏོར་བཤིག་བཏང་བཞག་པ་དེ་ཡང་བསྐྱར་སླར་གསོ་ཅུང་ཙམ་བྱས་པ་ལས། སྔོན་མ་གཏོར་བཤིག་བཏང་ཚར་བ་དེ་ནམ་ཡང་རྙེད་རྒྱུ་ཡོད་པ་མ་རེད་ཅེས་རྩོམ་པ་པོས་འགྲེལ་བརྗོད་གནང་སོང༌།

Read more

གངས་ཁྲོད་ཀྱི་ལག་དམར་བ་ཞེས་པའི་གློག་བརྙན།

ཟླ་སྔོན་མའི་ཚེས་༢༨ ཀྱི་དགོང་མོ་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ཕྱི་ལོ་༢༠༠༦ ལོར་ནང་པ་ལའི་རི་རྒྱུད་བརྒལ་ནས་རྒྱ་གར་དུ་བཙན་བྱོལ་ལ་ཡོང་མཁན་བོད་པ་རྣམས་ཀྱི་ཐོག་ཏུ། རྒྱ་གཞུང་གི་ས་མཚམས་དམག་མིས་འཛེམས་བག་མེད་པར་མེ་མདའ་བརྒྱབ་ནས་བཀྲོངས་པའི་དངོས་ཡོད་མིག་མཐོང་བྱུང་བའི་གནས་ཚུལ་གཞིར་བཞག་གིས་བཟོས་པའི་གློག་བརྙན། གངས་ཁྲོད་ཀྱི་ལག་དམར་བ་(Murder In The Snow)ཞེས་པ་དེ་བསྟན་ཡོད་པ་དང༌། གློག་བརྙན་དེ་ནི་ཨོ་སི་ཁྲུ་ལི་ཡ་ནས་ཡིན་པའི་སྐུ་ཞབས་མཱཀ་ལགས་དང༌། ལྕམ་སེའ་ལིའི་ལགས་གཉིས་ཀྱིས་གཙོ་གཉེར་བྱས་ནས་དཔར་སྐྲུན་བྱས་པ་མ་ཟད། ད་ཐེངས་ཁོང་གཉིས་ཆེད་དུ་དྷ་རམ་ས་ལར་ཡོང་བ་རེད་འདུག

Read more

བོད་དོན་ཆེད་རྐང་འཁོར་འགྲུལ་བསྐྱོད།

ཟླ་འདིའི་ཚེས་28  ཉིན་མོན་གྷོ་ས་གནས་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱི་མི་བཅུའི་རྐང་འཁོར་རྒྱང་བསྐྱོད་པ་རྣམས་བྷེལ་ཀོབ་དུ་འབྱོར་ཡོད་པ་རེད། ཁོང་རྣམས་ཀྱིས་རྒྱ་ནག་གིས་ྋགོང་ས་མཆོག་ལ་བོད་མི་མང་གི་སྐུ་ཚབ་གནང་བའི་ཐོབ་ཐང་མེད་པར་བཤད་པར་ངོ་རྒོལ་དང༌།་ འདས་ལོའི་ནང་བོད་ནང་ཟིང་བྱུང་བ་ྋགོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གིས་བརྒྱུད་བསྐུལ་ཡིན་པར་རྒྱ་གཞུང་གིས་ཉེས་འཛུག་བྱས་པར་ཁུངས་སྐྱེལ་དགོས་པ། བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་ཀློད་གྲོལ་དགོས་པ།

Read more
Page 396 of 412« First...394395396397398...Last »