སྐྱབས་བཅོལ་ལག་ཁྱེར་བཟོ་འཆར།

ཟླ་འདིའི་ཚེས་༡ ཉིན་དྷ་ས་བོད་མིའི་ཁོར་ཡུག་ཚོགས་ཁང་དུ་ཀང་ར་རྫོང་ཉེན་རྟོག་ལས་ཁུངས་ཀྱི་སྤྱི་ཁྱབ་པ་དང༌། མེག་གྷན་ས་གནས་ཀྱི་ཉེན་རྟོག་པ། སྐུ་སྲུང་ཉེན་རྟོག་ལས་ཁུངས་ཀྱི་འགན་འཛིན། བོད་གཞུང་བདེ་སྲུང་ལས་ཁུངས་ཀྱི་དྲུང་ཆེ་སོགས་ཀྱིས། དྷ་སར་གནས་སྡོད་སྐྱབས་བཅོལ་ལག་ཁྱེར་མེད་མཁན་བརྒྱ་ཕྲག་བརྒལ་བ་བསྐོངས་ཚོགས་བྱས་ཏེ། སྐྱབས་བཅོལ་ལག་ཁྱེར་བཟོ་སྟངས་ཀྱི་ལམ་ལུགས་འགའ་ཁྱབ་བསྒྲགས་བྱས་ཡོད་པ་རེད།

Read more

ཨེ་ཊ་ལི་རུ་ཡོད་པའི་བོད་མིའི་གནས་སྟངས་ངོ་སྤྲོད།

ཟླ་འདིའི་ཚེས་༢ ཀྱི་དགོང་མོར་དྷ་ས་ཡོངས་གླིང་སློབ་གྲྭའི་ནང་དུ་བོད་དོན་གླེང་བ་ཞེས་པའི་གོ་སྒྲིག་འོག་ཨེ་ཊ་ལིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཐུབ་བསྟན་ལགས་ཀྱིས་ཡུལ་དེའི་བོད་མིའི་གནས་བབས་སྐོར་ངོ་སྤྲོད་གནང་ཡོད་པ་རེད། སྐབས་དེར་ཁོང་གིས་གསུང་དོན། ཨེ་ཊ་ལི་དང་བོད་པའི་བར་འབྲེལ་བ་བྱུང་སྟངས་དེ། སྔོན་མ་ཨེ་ཊ་ལིའི་མི་གཅིག་བོད་ནང་དུ་སོང་ནས་སེ་ར་དགོན་པར་ཞུགས་འདུག དེ་རྗེས་༡༩༤༨ ལོར་རྩིས་དཔོན་ཞྭ་སྒམ་པ་ཨེ་ཊ་ལིའི་ནང་དུ་ཐོངས་མཆན་ལག་ཁྱེར་གྱི་ཐོག་ནས་ཕེབས་འདུག༡༩༦༠ ལོའི་ནང་ཨེ་ཊ་ལིའི་མི་རིགས་བོད་པའི་ཐོག་ཞིབ་འཇུག་བྱེད་མཁན་མཁས་དབང་ཞིག་གིས་བོད་པ་ནམ་མཁའི་ནོར་བུ་གདན་འདེྲན་ཞུས་འདུག ༡༩༧༠ ནས་ཆོས་ཚོགས་དེ་འདྲ་བརྒྱུད་ནས་གྲྭ་པ་ཁག་ཅིག་སླེབས་པ་དང། གྲྭ་པ་མང་པོ་ཞིག་ལོག་ནས་ཨེ་ཊ་ལིའི་ནང་བོད་པ་མི་སྐྱ་ཆགས་སྟངས་ཐོག་མ་དེ་འདྲ་རེད་འདུག

Read more

མཚན་མཐོང་མི་སེར་ཕྱག་ཁྱེར།

 ཟླ་འདིའི་ཚེས་༢ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། འཆར་ཟླའི་ནང་ྋགོང་ས་མཆོག་ལ་ཧྥ་རན་སིའི་གཞུང་ངོས་ནས་ཡུལ་མིའི་མཚན་མཐོང་ཕྱག་ཁྱེར་འབུལ་འཆར་ཡོད་པའི་གནས་ཚུལ་ཐོན་ཡོད་པ་དང། དེ་ཡང་ྋགོང་ས་མཆོག་ཕྱི་ཟླ་༦ པའི་ཚེས་༦ ནས་༨ བར་ཧྤ་རན་སི་ལ་ཕེབས་གཏན་ཁེལ་ཡོད་འདུག ཡིན་ནའང་ས་གནས་གང་དུ་ཆིབས་བསྒྱུར་གནང་རྒྱུ་ཡིན་མིན་དང། ཧྤ་རན་སིའི་དཔོན་རིགས་སུ་ལ་མཇལ་འཕྲད་གནང་འཆར་ཡོད་མེད་ཁྱབ་བསྒྲགས་གནང་མེད་པ་རེད།

Read more

ལས་འགུལ་བ་རྩིས་སྤྲོད་དགོས་ཟེར།

ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། ཁམས་རྟའུ་ནས་ཞིང་པ་ཚོས་རྒྱ་ནག་ལ་ངོ་རྒོལ་གྱིས་ཞིང་ལས་མི་བྱེད་པའི་ལས་འགུལ་སྤེལ་བ་མ་ཟད། སྦྱར་ཡིག་ནང་དུ་ང་ཚོ་བོད་པ་ཞིག་ཡིན་ན་རང་དབང་འཐབ་རྩོད་ཆེད་དུ་ཞིང་ལས་མི་བྱེད་ཅེས་བཀོད་ཡོད་འདུག རྒྱ་མི་ལས་བྱེད་ཚོས་སྦྱར་ཡིག་འབྲི་མཁན་ནམ་བཀྲམ་མཁན་སུ་ཡིན་ལྐོག་ཏུ་རྩིས་སྤྲོད་བྱས་ན་རྒྱ་སྒོར་༡༥༠༠༠ དང་དངོས་སུ་རྩིས་སྤྲོད་བྱས་ན་རྒྱ་སྒོར་༥༠༠༠༠ སྤྲོད་རྒྱུ་ཡིན་ཞེས་གསལ་བསྒྲགས་བྱས་ཡོད་པ་རེད།

Read more

ང་ཚོར་བདེན་པ་ཡོད་པས་རྒྱག་རེས་རྒྱག་དགོས་པ་མ་རེད།

ཁྱེད་རང་ཚོ་ཡོན་ཏན་སྤྱོང་རྒྱུའི་གོ་སྐབས་ཡོད་མཁན་ཚོས་ཡོན་ཏན་ལ་དང་དོད་བྱས། ཁ་གཡེང་མིག་གཡེང། འཕྲལ་སེལ་གྱི་སྣང་བ་སྐྱིད་པོས་སྤྲང་འཁྱམ་བརྒྱབ་བསྡད་པ་དེ་འདྲ་མ་བྱས་ནས། ཡོན་ཏན་དེ་ཡང་མཐོ་རིམ་སློབ་གྲྭའི་ལག་ཁྱེར་ཡོད་པ་ཙམ་མ་ཡིན་པར། རིག་གཅིག་རྐང་འཛིན་བྱས་ནས་ལས་རིགས་ག་རེའི་ནང་ཡིན་ནའང་སོ་སོས་རང་སྐྱ་འཕེར་ཐུབ་པའི་བསམ་བློ་བཏང་ནས། སློབ་སྦྱོང་གཏིང་ཟབ་བྱེད་དགོས་པ་གལ་ཆེན་པོ་རེད་ཅེས་ྋགོང་ས་མཆོག་གིས་ཨ་རིར་གནས་སྡོད་བོད་པ་ཚོར་བཀའ་སློབ་གནང་ཡོད་པ་རེད།

Read more

རྒྱལ་གཅེས་དཔའ་བོའི་ཉིན་མོ་སྲུང་བརྩི།

ཕྱི་ཟླ་༤ ཚེས་༢༩ ཉིན་ས་གནས་གཞོན་ལྷན་གྱི་གོ་སྒྲིག་འོག་འདི་ག་མོན་གྷོ་འདོད་རྒུ་གླིང་གཞིས་གྲོང་དགུའི་མི་མང་ཡོངས་ཀྱིས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་འདས་གྲུངས་སུ་སོང་བའི་རྒྱལ་གཅེས་དཔའ་བོ་ཐུབ་བསྟན་དངོས་གྲུབ་ཀྱིས་གཙོས་དཔའ་བོ་དཔའ་མོ་རྣམས་ཀྱི་རྗེས་དྲན་ཐེངས་༡༧ པ་སྲུང་བརྩི་བྱས་ཡོད་པ་རེད།
    ཉིན་དེའི་ཞོགས་པ་ཆུ་ཚོད་༩ ཐོག་མོན་གྷོ་གཞིས་སྤྱིའི་ཚོགས་ཁང་དུ་འཚོགས་ནས་ཐོག་མར་བོད་རྒྱལ་ཁབ་ཆེན་པོ་རྒྱལ་གླུ་དང་བདེན་ཚིགས་སྨོན་ལམ་སོགས་གསུང་རྗེས་ཁོང་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་མྱ་ངན་གུས་འདུད་མཚོན་ཆེད་སྐར་མ་གཅིག་རིང་ལ་ངག་བཅད་མྱ་ངན་གུས་འདུད་ཞུས་སོང༌།

Read more

ཀིརྟིའི་དགེ་རྩ་ཚོགས་པའི་འགན་འཛིན་ལྷན་ཚོགས།

ཟླ་འདིའི་ཚེས་1 ཉིན་ཀིརྟིའི་དགེ་རྩ་ཚོགས་པའི་སྐབས་དང་ པོའི་འགན་འཛིན་འཐུས་ཚོགས་ཐེངས་གཉིས་པ་དེ་དྷ་ས་ཀིརྟི་གྲྭ་ཚང་དུ་འཚོགས་ཡོད་པ་དང། སྐབས་དེར་འཐུས་ཚོགས་དེའི་ཚོགས་གཙོ་མཁན་ཚབ་ཨ་ལགས་ཐཱ་ལ་མཆོག་གིས་ཀིརྟི་དགེ་རྩ་ཚོགས་པ་བཙུགས་དགོས་པའི་དམིགས་ཡུལ་དང་བརྒྱུད་རིམ་སྐོར་གྱི་གསུང་བཤད་གནང་ཡོད་པ་རེད། ཀིརྟིའི་དགེ་རྩ་ཚོགས་པ་ནི་ཀིརྟི་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་གནའ་སྔ་མོའི་ཀིརྟིའི་བླ་བྲང་གི་འགྲོ་ལུགས་ལ་དེང་དུས་མང་གཙོའི་འགྲོས་དང་མཐུན་པའི་བསྒྱུར་བཅོས་ལེགས་པར་བཏང་སྟེ། ཀིརྟིའི་དགོན་མ་ལག་གིས་གཙོས་ཐུན་མོང་མ་ཡིན་པའི་འབྲེལ་ཡོད་དགོན་སྡེ་དང་ལྷ་སྡེ་ཁག་གི་འཐུས་མི་ཡོད་པའི་གཞན་ཕན་ཆོས་ཕྱོགས་གཙོ་བོར་དམིགས་པའི་སྒྲིག་འཛུགས་ཤིག་ཡིན་པ་རེད།

Read more

མདོ་སྨད་ཚོགས་ཆེན།

ཟླ་འདིའི་ཚེས་༢༦ ཉིན་ནས་བཟུང་ཉིན་གསུམ་རིང༌། དྷ་ས་ཀིརྟི་གྲྭ་ཚང་དུ་མདོ་སྨད་ཆོལ་ཁའི་ཚོགས་ཆེན་ཐེངས་བཅུ་བཞི་པ་དེ་འཚོགས་ཡོད་པ་དང༌། ཚོགས་ཆེན་དབུ་འབྱེད་ཀྱི་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང༌། བཀའ་ཟུར་ཀིརྟི་རིན་པོ་ཆེ་རྣམ་གཉིས་ཕེབས་ནས་ལམ་སྟོན་གསུང་བཤད་གནང་ཡོད་པ་རེད།

Read more

པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར།

ཟླ་འདིའི་ཚེས་༢༥ ཉིན་རེས་གཟའ་སྤེན་པའི་ཉིན་བྷེལ་ཀོབ་ས་གནས་བཀྲིས་ལྷིན་པོར་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་༡༡ མཆོག་དགོང་གྲངས་༢༠ ཕེབས་པའི་སྐུའི་འཁྲུང་སྐར་དུས་དྲན་བརྩི་བསྲུང་བྱས་ཡོད་པ་རེད།
    ཞོགས་པ་༨ ཕྱེད་ཐོག་བཀྲིས་ལྷུན་པོའི་དགེ་འདུན་འདུས་མང་ནས་ཆོས་ཕྱོགས་ཀྱི་སྔོན་འགྲོའི་བྱེད་སྒོ་རྣམས་གྲུབ་པ་དང་ྋཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་ཚོགས་ཆེན་འདུ་ཁང་དུ་དུང་རྒྱ་སྤོས་སྣ་སེར་ཕྲེང་གིས་གདན་ཞུ་ཞུས་པ་དང།

Read more

བྷེལ་ཀོབ་དབུས་གཙང་ཆོལ་ཁའི་ཞབས་རིམ།

ཟླ་འདི་ཚེས་༢༡ ནས་ཚེས་༢༧ བར་ཉིན་བརྒྱད་རིང་བྷེལ་ཀོབ་བདེ་སླར་མི་མིང་ཚོགས་ཁང་དུ་ས་གནས་དབུས་གཙང་ཆོལ་ཁའི་གོ་སྒྲིག་འོག་ྋགོང་ས་མཆོག་སྐུ་ཕྱ་དང་བོད་ཀྱི་བསྟན་སྲིད་སྤྱི་དང༌། ལྷག་པར་ྋསྐྱབས་རྗེ་གྲུབ་དབང་པད་ནོར་མཆོག་གི་ཡང་སྲིད་མྱུར་དུ་བྱོན་པའི་སྨོན་ལམ། རྒྱ་ནག་གི་བཙོན་ཁང་ཡོད་པ་དང་ཤི་གསོན་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་དུ། སྒྲོལ་མ། བར་ཆད་ལམ་སེལ། བསམ་ལྷུན། བདེན་ཚིག་སྨོན་ལམ། པད་ནོར་རིན་པོ་ཆེའི་ཡང་སྲིད་མྱུར་བྱོན་གསོལ་འདེབས་གསོག་སྒྲུབ་དང། ཆོས་སྐྱོང་ཁག་ལ་འཕྲིན་བཅོལ་སོགས་ཟབ་རྒྱས་འཚོགས་ཡོད་པ་རེད། ཉིན་བརྒྱད་རིང་གི་ཉིན་རེར་བདེ་སླར་མི་མང་གྲངས་བཞི་བརྒྱ་ལྷག་རེ་ཆད་མེད་དུ་འཚོགས་ཡོད་པ་རེད། མེ་སོར་གསར་འགོད་པ་བཀྲ་ཤིས་བདེ་ལེགས་ཀྱིས

Read more
Page 397 of 420« First...395396397398399...Last »