News

མདོ་སྨད་མང་ར་རྫོང་གི་ལས་བྱེད་ཅིག་འཇུ་བཟུང༌།

ཉིན་ཤས་སྔོན་མང་ར་རྫོང་སྤྱི་བདེ་དམག་མིས་ཆབ་སྲིད་ཀྱི་དོགས་གཞིའི་འོག་མང་ར་རྫོང་སུམ་མདོ་ཞང་སྲིད་གཞུང་གི་གཞུང་ཞབས་བཀྲ་ཤིས་དོན་འགྲུབ་བམ་མིང་གཞན་དུ་དོ་ལ་ཟེར་བའི་རང་ལོ་༢༧ ཡིན་པ་ཞིག་རང་ཁྱིམ་ནས་འཛིན་བཟུང་བྱས་ཡོད་འདུག སྐབས་དེར་རྒྱ་གཞུང་སྤྱི་བདེ་མི་སྣས་བཀྲ་ཤིས་དོན་འགྲུབ་ཀྱི་ཀློག་ཀླད་རྩིས་འཁོར་དང་ལག་ཁྱེར་ཁ་པར་སོགས་ཀྱང་བཙན་ཕྲོགས་བྱས་ཡོད་པ་དང༌། གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། བཀྲ་ཤིས་དོན་འགྲུབ་ལགས་ད་ལྟ་མང་ར་རྫོང་སྤྱི་བདེ་ལས་ཁུངས་དོ་དམ་ཁང་དུ་བཀག་ཉར་བྱས་ཡོད་འདུག

Bangchen admin· · 0 མཆན་འགྲེལ། ·

གཞོན་ལྷན་གྱི་ཟས་བཅད་ངོ་རྒོལ།

ཡོ་རོབ་གྲོས་ཚོགས་ཀྱི་ལྟེ་གནས་བྷེལ་རྗེམ་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་མདུན་དུ་གཞོན་ལྷན་ནས་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ལས་འགུལ་སྤེལ་བཞིན་ཡོད་པ་རེད། ཟས་བཅད་པ་རྣམས་ཀྱིས་རྒྱ་ནག་གཞུང་ལ་དགོས་འདུན་ཁག་ཅིག་བཏོན་ཡོད་པ་དང༌། རྒྱ་ནག་གིས་བོད་དུ་བཙན་འཛུལ་བྱས་པ་ངེས་པར་ཕྱིར་འཐེན་བྱ་དགོས། ཡིག་ཆ་ཨང་ལྔ་པ་ཟེར་བ་འཕྲལ་དུ་ཕྱིར་འཐེན་དགོས། ྋཔཎ་ཆེན་རིན་པོ་ཆེ་དང༌། སྔ་ལོའི་གསུམ་དུས་སྐབས་འཛིན་བཟུང་བྱས་པ་རྣམས་ཀྱིས་གཙོས། བོད་ཀྱི་ཆབ་སྲིད་བཙོན་པ་ཡོངས་རྫོགས་འཕྲལ་དུ་གློད་གྲོལ་དགོས། བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་རྟོག་ཞིབ་ཆེད། འཕྲལ་དུ་རྒྱལ་སྤྱིའི་རྟོག་ཞིབ་ཚོགས་ཆུང་བོད་ནང་འགྲོ་སྐྱོད་ཆོག་པ་དང༌། བཀག་འགོག་མེད་པར་རྟོག་ཞིབ་བྱ་འཇུག་དགོས། བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང༌།

Bangchen admin· · 0 མཆན་འགྲེལ། ·

ཡོ་རོབ་མཉམ་འབྲེལ་གྱི་བོད་དོན་སྐོར་ལ་གྲོས་ཆོད།

ཟླ་འདིའི་ཚེས་༡༢ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གིས་བོད་དབང་བསྒྱུར་བྱས་ནས་མི་ལོ་༥༠ འཁོར་བའི་དུས་དྲན་དང་བསྟུན་ནས། ཡོ་རོབ་མཉམ་འབྲེལ་གྱིས་རྒྱ་ནག་གཞུང་ལ་ྋགོང་ས་མཆོག་གི་དགོངས་གཞི་བཞིན། རྒྱ་བོད་གཉིས་དབར་དོན་ཕན་ལྡན་པའི་ཞི་མོལ་འགོ་འཛུགས་དགོས་པ་གཙོར་བཟུང་བྱས་ཏེ་གྲོས་ཆོད་བཞག་ཡོད་པ་རེད།
    དེ་ཡང་ཡོ་རོབ་མཉམ་འབྲེལ་ངོས་ནས་འདས་ལོའི་ཟླ་བ་༡༡ པའི་ནང་བོད་མི་ཚོས་མིང་དོན་མཚུངས་པའི་ཆེས་མཐོའི་རང་སྲིད་རང་སྐྱོང་གི་དགོས་འདུན་བཏོན་པ་གཞི་རྩར་བཟུང་སྟེ་གྲོས་ཆོད་བཞག་ཡོད་པ་དང༌། དེ་བཞིན་འདས་ལོའི་ཟླ་བ་༡༡ པའི་བར་དུ་ྋགོང་ས་མཆོག་གི་སྐུ་ཚབ་ཚོས་ཐེངས་༨ པའི་རྒྱ་ནག་གི་དཔོན་རིགས་ཚོ་དང་ལྷན་དུ་གྲོས་མོལ་བྱས་པའི་བརྒྱུད་རིམ་ནང༌། རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཆེས་མཐོའི་རང་སྲིད་རང་སྐྱོང་གི་ཐོབ་ཐང་དགོས་འདུན་བཏོན་ཡོད་རུང༌།

Bangchen admin· · 0 མཆན་འགྲེལ། ·

བོད་ཀྱི་གཙུག་ལག་རིག་པའི་ཟབ་སྦྱོང་ཐེངས་གསུམ་པ།

ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སློབ་མའི་དྭངས་བླངས་རིག་རླབས་རྩོམ་སྒྲིག་ཁང་གིས་གོ་སྒྲིག་འོག་ཟླ་འདིའི་ཚེས་༡༡ ནས་༡༣ བར་བོད་ཀྱི་གཙུག་ལག་རིག་པའི་ཟབ་སྦྱོང་ཐེངས་གསུམ་པ་དེ་སྐོང་འཚོགས་གནང་ཡོད་པ་དང༌། རྩོམ་པ་པོ་ཆུང་ཚེ་རིང་ལགས་དང༌། མཁས་དབང་བྱམས་པ་ཆོས་གྲགས་ལགས། མགུ་ལོག་དམ་ཆོས་དཔལ་བཟང་ལགས། བྲག་གཡབ་གངས་ལྷ་མོ་ལགས་བཅས་ཀྱིས་ཝཱ་ཎ་གཙུག་ལག་སློབ་གཉེར་ཁང་གི་སློབ་ཕྲུག་གྲངས་ ༦༥ ལ་ཉིན་གྲངས་གསུམ་གྱི་རིང་ཟབ་ཁྲིད་གནང་ཡོད་པ་རེད།
    མགོན་མེད་ཟས་སྦྱིན་མགྲོན་ཁང་ནང་ཚོགས་འདུའི་མཛད་སྒོ་དབུ་འབྱེད་གནང་བ་དང༌། སྐབས་དེར་རིག་རླབས་རྩོམ་སྒྲིག་ཁང་གིས་རྩོམ་སྒྲིག་པ་ལྷ་རྩེ་བ་བློ་བཟང་ཆོས་གྲགས་ལགས་ཀྱིས་ཟབ་སྦྱོང་ངོ་སྤྲོད་དང་དགོས་དམིགས་སོགས་ཀྱི་སྐོར་ལ་གསུང་བཤད་གནང་ཡོད་པ་རེད།ཚོགས་འདུའི་ཁྲི་པ་གཙུག་ལག་སློབ་ཁང་འདིའི་ཉེ་བའི་རིགས་བདག་དགེ་བཤེས་ངག་དབང་བསམ་གཏན་ལགས་ཀྱིས་གསུང་དོན།

Bangchen admin· · 0 མཆན་འགྲེལ། ·

གྲོས་མོལ་མུ་མཐུད་བྱ་འདོད་ཡོད་ཚུལ་གསུངས་པར་དགའ་བསུ་ཡོད།

རྒྱ་ནག་གི་སྲིད་བློན་ཝུན་ཅཱ་པའོ་ཡིས་བོད་དོན་གླེང་རྗེས་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་གསལ་འགོད་གསར་བསྒྲགས་ཤིག་སྤེལ་ཡོད་པ་དང༌། དེའི་ནང་འཁོད་དོན། རྒྱ་ནག་གིས་ཕྱི་ལོ་༢༠༠༩ ཟླ་༣ ཚེས་༡༣ ཉིན་གསར་འགོད་གསལ་བསྒྲགས་ཤིག་གི་སྐབས་སྲིད་བློན་ཝུན་ཅ་པའོ་ཡིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་རྣམ་པས་ྋགོང་ས་མཆོག་གི་སྐུ་ཚབ་དང་ལྷན་འབྲེལ་གཏུགས་གྲོས་མོལ་མུ་མཐུད་བྱ་འདོད་ཡོད་ཚུལ་གསུངས་པར་ང་ཚོས་དགའ་བསུ་ཡོད། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནི་ག་དུས་ཡིན་ནའང་རྒྱ་ནག་གི་དབུ་ཁྲིད་ཚོ་དང་མཉམ་དུ་བོད་ཀྱི་དཀའ་རྙོག་སེལ་རྒྱུར་གཉིས་མོས་ཀྱི་ཐབས་ལམ་འཚོལ་བ་གནང་རྒྱུའི་གྲ་སྒྲིག་ཨང་གསར་ཡིན།

Bangchen admin· · 0 མཆན་འགྲེལ། ·

གྲོས་ཚོགས་ཚོགས་ཐོག་ྋགོང་ས་མཆོག་གི་གསུང་འཕྲིན།

ཟླ་འདིའི་ཚེས་༡༨ ཉིན་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བདུན་པའི་ཐོག་ྋགོང་ས་མཆོག་གིས་བོད་མིའི་མང་གཙོའི་འཕེལ་རིམ་གོང་མཐོར་འགྲོ་ཐབས་དང་ཁྲིམས་བཟོའི་ལས་དོན་གནད་སྨིན་ཡོང་ཐབས་སུ་སྤྱི་འཐུས་ཚང་མས་མང་གཙོའི་ལྟ་གྲུབ་དང༌། ཁྲིམས་ཀྱི་དབང་བསྒྱུར་ལ་སྙིང་ནས་བརྩི་བཀུར་ཐོག གུ་ཡངས་དཀྱེལ་ཆེའི་བློ་གྲོས་ཀྱིས་རྟོན་བཞིའི་འཇུག་ལྡོག་མ་འཆོལ་བའི་སྒོ་ནས་སྤྱི་སྨན་འདུན་གྲོས་ལྷུག་པོར་གནང་དགོས་ཞེས་གསུང་འཕྲིན་གནང་ཡོད་པ་རེད།

Bangchen admin· · 0 མཆན་འགྲེལ། ·

རྒྱ་ནག་གཞུང་གིས་སྐུ་ཉིད་ངོ་ཤེས་ཐབས་སུ་རེ་སྐུལ་ནན་པོ་ཞུ་རྒྱུ་ཡིན།

ཟླ་འདིའི་ཚེས་༡༤ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཌི་མོང་སེ་ཊོ་ཊོ་མཆོག་གིས་དབུས། ཧོ་ལིའི་ཝུའུ་ཌི་འཁྲབ་སྟོན་པ་རཱིས་ཆར་ཌི་གྷིར་སོགས་འཛམ་གླིང་ནང་སྙན་གྲགས་ཆེ་བའི་མི་སྣ་བཅུ་ཕྲག་བརྒལ་བས་དབུ་ཁྲིད་དེ། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་དགོས་པ་དང་བོད་རྒྱ་ཞི་མོལ་འགོ་འཛུགས་དགོས་པ། རྒྱ་ནག་གཞུང་གིས་ྋགོང་ས་མཆོག་ལ་མཚན་སྨད་ཞུ་མི་ཆོག་ཅེས་ཡིག་ཆ་བཟོས་པ་དང༌། མི་གྲངས་༡༠༠༠༠༠ ཙམ་གྱིས་མཚན་རྟགས་བསྡུ་རུབ་གནང་ཡོད་པ་རེད།

Bangchen admin· · 0 མཆན་འགྲེལ། ·

གོམ་པ་རྒྱག་མ་ཐུབ་ན་གོག་ནས་འགྲོ་ཡི་ཡིན་ཟེར།

ཟླ་འདིའི་ཚེས་༡༣ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་གྱི་མཐའ་མཇུག་གི་ཉིན་དེར། སྲིད་བློན་ཝིན་ཅཱ་པའོ་ཡིས་གསར་འགོད་ལྷན་ཚོགས་ཐོག་ཁོང་ད་ལྟ་རང་ལོ་༦༧ ལ་སོན་སོང་ནམ་ཞིག་ང་གཏེར་གྱིས་ཕྱུག་པའི་རྒྱ་ནག་གི་གླིང་ཕྲན་ཐེ་ཝན་དུ་སྲོག་དང་བསྡོས་དགོས་ཀྱང༌། གོམ་པ་བརྒྱབ་ནས་འགྲོ་མ་ཐུབ་ཀྱང་གོག་ནས་འགྲོ་རྒྱུའི་གྲ་སྒྲིག་བྱེད་ངེས་ཡིན་ཞེས་བརྗོད་ཡོད་པ་རེད། གསར་འགོད་ལྷན་ཚོགས་ཐོག་གི་བརྗོད་གཞི་འཛམ་གླིང་དཔལ་འབྱོར་ཉམས་གུད་དང་རྒྱ་ནག་ཚོང་ཟོག་ཕྱིར་གཏོང༌། ཐེ་ཝན། བོད། བྱང་ཀོ་རི་ཡ་བཅས་ཀྱི་གནད་དོན་རྣམས་ཡིན་ཞིང༌།

Bangchen admin· · 0 མཆན་འགྲེལ། ·
དཔའ་བོར་རྗེས་དྲན་རྡོ་རིང༌།

དཔའ་བོར་རྗེས་དྲན་རྡོ་རིང༌།

༢༠༠༨ ལོར་རྒྱ་ནག་གིས་བོད་ནང་དྲག་གནོན་བྱས་ཏེ་བོད་མི་འབོར་ཆེན་གྱི་སྲོག་ཤོར་ཡོད་པ་དང༌། ༣ པའི་ཚེས་༡༤ ཉིན་མི་གསོད་ཁྲག་སྦྱོར་ཤུགས་ཆེ་ཤོས་བྱུང་བའི་ཉིན་མོ་ཞིག་ཀྱང་ཡིན་པས། ཟླ་འདིའི་ཚེས་༡༤ ཉིན་བྷེལ་ཀོབ་ས་གནས་གཞོན་ནུའི་འགན་ཁུར་འོག་རྒྱལ་གཅེས་དཔའ་བོའི་དྲན་རྟེན་རྡོ་རིང་ཞིག་སྒོ་འབྱེད་བྱས་ཡོད་པ་རེད།
    ཞོགས་པའི་ཆུ་ཚོད་༡༠ པའི་ཐོག་ཧཕི་ཊི་ཉེར་ལྔ་ལྷག་གི་མཐོ་ཚད་དང༌། རྩེ་ན་སྟོན་པ་ཐུགས་རྗེ་ཅན་དང་འཕགས་པ་སྤྱན་རས་གཟིགས། སློབ་དཔོན་ཨོ་རྒྱན་རིན་པོ་ཆེན་དང་རྗེ་བཙུན་སྒྲོལ་མ་བཅས་ཀྱི་སྐུ་འདྲ་ཡོད་པ་དང༌། ཤར་ལྷོ་ནུབ་བྱང་གི་ངོས་སུ་ཕྱི་ལོ་༢༠༠༨ དང་༡༩༥༩། ༡༩༦༦ དང་༡༩༨༧ བཅས་ཀྱི་ལོ་ཚིགས་དང༌། བོད་རྒྱལ་ཁབ་དང་བསྟན་སྲིད་མི་རིགས་ཀྱི་དོན་དུ། སྐུ་སྲོག་ཤོར་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཞུམ་པ་མེད་པའི་སྙིང་སྟོབས་དང༌།

Bangchen admin· · 0 མཆན་འགྲེལ། ·

བོད་དོན་འཐབ་རྩོད་ཀྱི་རྒྱབ་རྟེན།

ཟླ་འདིའི་ཚེས་༡༥ ཉིན་བྷེལ་ཀོབ་བདེ་སླར་མི་མང་ཚོགས་ཁང་དུ་བོད་ནང་གི་ཤེས་ཡོན་པའི་བསམ་བློ་དང་ང་ཚོའི་རྒྱབ་རྟེན་ཞེས་པ་དང་གསར་འགོད་པའི་རྒྱབ་རྟེན་འོག་བོད་དོན་འཐབ་རྩོད་བྱེད་ཕྱོགས་ཞེས་པའི་བརྗོད་གཞིའི་ཐོག་ཤིང་བཟའ་རིན་པོ་ཆེ་དང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཞོན་བསྟན་རྡོར་ལགས་གཉིས་ཀྱིས་གསུང་བཤད་གནང་ཡོད་པ་རེད།
ཚོགས་ཐོག་ཏུ་མི་མང་སུམ་བརྒྱ་ལྷག་ཙམ་འདུ་འཛོམས་བྱུང་ཡོད་པ་དང༌། བསྟན་རྡོར་ལགས་ཀྱིས་གསར་འགོད་པའི་རྒྱབ་རྟེན་འོག་བོད་དོན་འཐབ་རྩོད་བྱེད་ཕྱོགས་ཞེས་པའི་བརྗོད་གཞིའི་ཐོག་གསུང་དོན། དེང་སྐབས་སྔར་དང་མ་འདྲ་བའི་རྒྱལ་སྤྱིའི་གསར་འགོད་པས་བོད་དོན་ལ་དོ་སྣང་བྱེད་ཀྱི་ཡོད་པ་དང༌། སྐད་གྲགས་ཡོད་པའི་གསར་ཤོག་ཐོག་བོད་དོན་སླེབས་ཀྱི་ཡོད་སྐོར་དང༌།

Bangchen admin· · 0 མཆན་འགྲེལ། ·