News

འབྲས་བློ་གླིང་དུ་ལྡན་མ་བློ་ཆོས་རིན་པོ་ཆེའི་གསུང་ཆོས།

འདི་ག་མོན་གྷོ་གཞིས་ཁོངས་སུ་བརྟེན་གཞི་བྱས་པའི་འབྲས་བློ་གླིང་འདུ་ཁང་གསར་ པའི་ཚོགས་ཆེན་དུ། ཕྱི་ཟླ་༡༢ ཚེས་༢༩ ནས་༣༡ བར་ཉིན་གསུམ་རིང༌། འབྲས་བློ་གླིང་སྐུ་ཞབས་བྱམས་པ་རིན་པོ་ཆེ་དང་འབྲས་བློ་གླིང་ཕྱག་མཛོད་ཁང་ གཉིས་ཀྱིས་གོ་སྒྲིག་འོག ལྡན་མ་བློ་ཆོས་རིན་པོ་ཆེར་ཇི་ལྟར་གསོལ་འདེབས་ཞལ་བཞེས་གནང་བ་བཞིན་ཉིན་གསུམ་ རིང་ལ་དགའ་ལྡན་ལྷ་བརྒྱ་མ་དང་ལམ་གཙོ་རྣམ་གསུམ་གཉིས་ཀྱི་ཆོས་ཁྲིད་ཅིག་དང་ཆོས་ ཚན་དུ་མའི་ཞལ་ལུང་སོགས་གསུང་ཆོས་གནང་ཡོད་པ་རེད།

Bangchen admin· · 0 མཆན་འགྲེལ། ·

མོན་གྷོ་རུ་ལོ་གསར་ཐུགས་སྤྲོའི་རྣམ་པ་མི་སྟོན་པའི་ཐག་གཅོད།

འདི་ག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་བོད་མིའི་གཞིས་ཁོངས་སུ་རྟེན་གཞི་བྱས་པའི་ས་གནས་གཞོན་ནུ་དང༌། ས་གནས་བུད་མེད། གཞིས་སྤྱི་ལྷན་ཚོགས། ཆོས་སྡེ་ཆེ་ཕྲ་ཡོངས་ཀྱིས་ལོ་འདིའི་ལོ་གསར་སྐབས་རྩེད་འཇོའི་སྤྱོད་པ་སྣ་གཅིག་ཀྱང་མི་བསྒྲུབ་པར་མོས་མཐུན་བྱུང་ཡོད་འདུག དེའི་སྐོར་མོན་གྷོ་གཞིས་སྤྱི་ལྷན་ཚོགས་ཀྱི་འགན་འཛིན་བསོད་ནམས་དཔལ་ལྡན་ལགས་ཀྱིས་ས་གནས་གསར་འགོད་པར།

Bangchen admin· · 0 མཆན་འགྲེལ། ·
ཝ་རན་གྷལ་དུ་བོད་མིའི་ཁྲོམ་སར་མེ་སྐྱོན་ཤོར་བ།

ཝ་རན་གྷལ་དུ་བོད་མིའི་ཁྲོམ་སར་མེ་སྐྱོན་ཤོར་བ།

ཕྱི་ལུགས་ཀྱི་ལོ་གསར་ཉིན་ཨན་དྷཱ་ར་མངའ་སྡེའི་ཝ་རན་གྷལ་དུ་ཡོད་པའི་བོད་མིའི་བལ་གོས་ཁྲོམ་སར་མེ་སྐྱོན་ཤོར་བའི་གནས་ཚུལ་ཐོན་འདུགབཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་འཚོ་བའི་ཡོང་ཁུངས་གཙོ་བོ་བལ་གོས་ཚོང་ལས་དེ་ཡིན་པ་དང༌། ཚོང་ལས་དེ་ལ་དཀའ་ངལ་མང་དག་ཅིག་འཕྲད་བཞིན་ཡོད་པའི་ནང་ནས། ཁྲོམ་ས་མེ་ཤོར་གྱི་གནས་ཚུལ་དེ་ཡང་ཇི་སྙེད་ཅིག་འབྱུང་བཞིན་ཡོད་པ་མ་ཟད། ལོ་འདི་གཅིག་པུར་མཚོན་ནའང་ཁྲོམ་སར་མེ་སྐྱོན་ཤོར་བའི་གནས་ཚུལ་ཐེངས་གཉིས་པ་དེ་ཡིན་པ་རེད།

Bangchen admin· · 0 མཆན་འགྲེལ། ·

ཉིས་སྟོང་བརྒྱད་ལོའི་རྒྱལ་སྤྱིའི་གནས་ཚུལ་གལ་ཆེན་ཁག་ཅིག

    འཛམ་གླིང་གསར་འགྱུར་དྲ་བ་ནས་༢༠༠༨ ལོའི་གནས་ཚུལ་ཕྱོགས་བསྒྲིགས་བྱས་པ་ལྟར་ན།

ཕྱི་ཟླ་དང་པོ། ཕྱི་ཚེས་༢ ཉིན་ཀན་ཡ་རྒྱལ་ཁབ་ཀྱི་འོས་འདེམས་བྱེད་ཕྱོགས་ལ་ཡོ་རོབ་མཐུན་ཚོགས་ཀྱིས་དོགས་སློང་བྱས་ཤིང༌། ལི་ཁྲི་མང་གཙོའི་ལས་འགུལ་གྱི་སྲིད་འཛིན་འོས་མི་ཨོ་ཊིན་གཱས་སྲིད་འཛིན་ལས་ཐོག་མཱ་ཝེ་ཀི་བྷ་ཀི་ལ་འོས་བསྡུ་བེད་སྤྱོད་ལོག་པར་བཏང་བར་སྐྱོན་བརྗོད་བྱས་རྗེས་དྲག་སྤྱོད་ཀྱི་ལས་འགུལ་སྤེལ་བ་བརྒྱུད་མི་མང་བརྒྱ་ཕྲག་བསད་ཅིང༌། འཐབ་འཛིང་ཟླ་བ་གཉིས་པ་ཙམ་བར་རྒྱུན་མ་ཆད་པར་གནས། ཕྱི་ཚེས་༤ ཉིན་ཨ་རིའི་སྔོན་འགྲོའི་འོས་བསྡུ་འགོ་ཚུགས།

Bangchen admin· · 0 མཆན་འགྲེལ། ·
སློབ་ཕྲུག་ཁག་ཅིག་གི་དམིགས་ཡུལ།

སློབ་ཕྲུག་ཁག་ཅིག་གི་དམིགས་ཡུལ།

    བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གིས་འཛིན་གྲྭ་བཅུ་པ་དང་བཅུ་གཅིག་གི་སློབ་མ་ཚོར་བོད་དོན་དང་འབྲེལ་བའི་ཟབ་སྦྱོང་ཞིག་སྤྲོད་བཞིན་ཡོད་པ་དང༌། དེའི་སྐབས་སློབ་མ་ཁག་ཅིག་ལ་སོ་སོ་ངོ་སྤྲོད་དང་འབྲེལ་བའི་སློབ་གྲྭའི་སློབ་ཚན་དགའ་ཤོས་དང༌། དཀའ་ངལ་ཆེ་ཤོས། ནམ་རྒྱུན་དགའ་ཕྱོགས། དམིགས་ཡུལ་བཅས་གང་ཡིན་དང༌། ཤེས་ཡོན་སྲིད་བྱུས་གསར་པ་སློབ་གྲྭ་ཡོངས་ལ་ལག་བསྟར་བྱས་ནས་བསམ་ཚུལ་གང་ཡོད་བཅས་དྲི་བ་བཏོན་པ་ཡིན།
ཀུན་དགའ་སྟོབས་རྒྱལ་ལགས་ཀྱི་གསུང་དོན། ང་སྐྱེས་ས་སྒང་ཐོག་རེད། ཀ་བློན་སྦུག་ལ་སློབ་སྦྱོང་བྱེད་བཞིན་ཡོད། འཛིན་གྲྭ་བཅུ་གཅིག་ཡིན། སློབ་ཚན་དགའ་ཤོས་དབྱིན་ཇི་སྐད་ཡིག་དང༌། རྒྱལ་རབས་ཡིན། སློབ་གྲྭའི་ནང་དཀའ་ངལ་ཆེན་པོ་མི་འདུག Geographyསློབ་ཚན་དེ་དགེ་རྒན་གྱིས་བསླབས་པ་ཞེ་དྲག་ཤེས་ཀྱི་མི་འདུག དཀའ་ངལ་ཆེ་ཤོས་དེ་རེད།

Bangchen admin· · Comments are Disabled ·

གྲྭ་པ་བཞི་བཅུ་ལས་བསྡད་མི་ཆོག་པའི་བཀའ་རྒྱ།

    འབྲེལ་ཡོད་ཀྱིས་བོད་ནས་ཁ་པར་བརྒྱུད་ཁུངས་ལྡན་གནས་ཚུལ་བརྗོད་གསལ་ལྟར་ན། དེང་སང་ཁམས་འབའ་ཐང་ཁུལ་གྱི་དགོན་སྡེ་ཁག་ཏུ་རྒྱ་གཞུང་གི་དམ་དྲག་ཆེ་རུ་གཏོང་བཞིན་པ་དང༌། ཕྱི་ཟླ་༡༡ ཚེས་༢༦ ཉིན་རྒྱ་གཞུང་གི་ལས་དོན་རུ་ཁག་འབའ་འཛིན་དགོན་བདེ་ཆེན་ཆོས་གླིང་དུ་སླེབས་ནས། དགོན་པར་གྲྭ་གྲངས་ ༤༠ ལས་བསྡད་མི་ཆོག་པའི་བཀའ་བཏང་བ་མ་ཟད། ད་དུང་འཇིགས་སྐུལ་དང་བཅས་ད་ལོ་ཕྱི་ཟླ་བདུན་པའི་ནང་དགོན་སྟེང་དར་དམར་བསྒྲེངས་ཏེ་བརྙན་པར་རྒྱག་དགོས་པའི་བཀའ་ལ་ཁྱོད་ཚོས་ཉན་འཇོག་བྱས་མ་སོང༌། ད་ཐེངས་ཁྱོད་ཚོས་རྒྱན་གཡུག་ན་འདྲ། ལོ་ན་རྒས་གཞོན་ལྟར་འཇོག་རྒྱུ་ཡིན་པ་གང་ལྟར་གྲྭ་གྲངས་༤༠ ཡི་མིང་གཞུང་གང་མགྱོགས་བཟོ་ཐུབ་པ་བྱེད་དགོས་ཞེས་བརྗོད་འདུག

Bangchen admin· · 0 མཆན་འགྲེལ། ·

བུད་མེད་ཀྱི་འགོ་ཁྲིད་ཡོང་ཐབས།

ཟླ་འདིའི་ཚེས་༢༦ ཉིན་ནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་བོད་ཁྱིམ་སྡོད་ཁང་དུ་བོད་མིའི་མཐོ་སློབ་ཀྱི་བུད་མེད་སློབ་མ་༢༦ ཙམ་ལ་ཟབ་སྦྱོང་ཞིག་སྤྲོད་བཞིན་ཡོད་པ་དང༌། དེ་ནི་བོད་མིའི་སྤྱི་ཚོགས་ནང་འགོ་ཁྲིད་ཡོང་ཐབས་དང༌། དངོས་སུ་སྤྱི་ཚོགས་ནང་དུ་སླེབས་སྐབས་སོ་སོའི་ལས་དོན་བྱེད་ཐུབ་པ་ཞིག་ཡོང་རྒྱུའི་ཆེད་བརྗོད་གཞི་འདྲ་མིན་ཐོག་ཟབ་ཁྲིད་གནང་གི་ཡོད་འདུག བུད་མེད་ཚོགས་པའི་ངོས་ནས་ཟབ་སྦྱོང་དེ་༢༠༠༥ ནས་འགོ་འཛུགས་བྱས་ཡོད་པ་དང༌། ད་ལྟ་ཐེངས་༤ པ་དེ་ཡིན་འདུག

Bangchen admin· · 0 མཆན་འགྲེལ། ·

བོད་ཀྱི་ཐུན་མོང་སྐད་གདངས།

ཟླ་འདིའི་ཚེས་༤ ཉིན་བོད་ཀྱི་དཔེ་མཛོད་ཁང་གི་གོ་སྒྲིག་འོག་སྨོན་ལམ་བོད་ཀྱི་སྐད་གདངས་སྐོར་ལ་ཚོགས་འདུ་ཞིག་འཚོགས་ཡོད་པ་དང༌། དེར་སྐུ་མགྲོན་གཙོ་བོ་བོད་གཞུང་ཤེས་རིག་དྲུང་ཆེ་གཡུ་ཐོག་ཀརྨ་དགེ་ལེགས་ལགས་ཀྱིས་བོད་ཀྱི་སྐད་ཡིག་དང་འབྲེལ་བའི་གསུང་བཤད་གནང་ཡོད་པ་རེད། དེ་བཞིན་ཝ་ན་མཐོ་སློབ་དང༌། སཱ་ར་མཐོ་སློབ། མཚན་ཉིད་རིགས་ལམ་སློབ་གཉེར་ཁང༌། ནོར་གླིང་ཉམས་ཞིབ་སྡེ་ཚན། དྷ་སྟེང་བོད་ཁྱིམ། བོད་ཀྱི་དཔེ་མཛོད་ཁང་སོགས་ཀྱི་སྐུ་ཚབ་དང༌། གཞུང་སྒེར་གྱི་ཤེས་ཡོན་པ་ཁག་ཅིག་ཀྱང་མཉམ་ཞུགས་དང་བགྲོ་གླེང་གནང་ཡོད་པ་རེད། ཉིན་དེར་གཙོ་བོ་བོད་ཡིག་ཀློག་གླད་ནང་དུ་བཀོལ་སྤྱོད་བྱེད་སྟངས་དང༌། བོད་ཀྱི་སྤྱི་སྐད་ཡོང་ཐབས་སྐོར་ལ་བགྲོ་གླེང་གནང་བ་དང༌། མང་ཆེ་བས་ཡི་གེ་འབྲི་སྐབས་ཡིག་སྐད་ཁོ་ན་བེད་སྤྱོད་ཡོང་ཐབས་གཙོ་འདོན་དགོས་སྐོར་གྱི་དགོངས་ཚུལ་གསུངས་ཡོད་པ་རེད།།

Bangchen admin· · 0 མཆན་འགྲེལ། ·

དཀར་མཛེས་སུ་བུད་མེད་ཅིག་གིས་བོད་རང་བཙན་སྐད་འབོད།

ཨེ་ཤ་ ཡའི་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཁ་སང་ཕྱི་ཟླ་༡༢ ཚེས་༢༩ ཉིན་དཀར་མཛེས་རྫོང་སྟག་ཆུ་མདའ་མི་མང་འདུ་འཛོམས་ཆེ་བའི་ཁྲོམ་གཞུང་དཀྱིལ་དུ་ དཀར་མཛེས་ཁུང་རྡོ་གྲོང་ཚོ་ནས་ཡིན་པ་ཕ་ཚེ་དབང་མགོན་པོ་དང༌། མ་ལྷ་མོ་དབང་མཚོ་གཉིས་ཀྱི་བུ་མོ་བསྟན་མཆོག་ཅེས་པའི་བུད་མེད་ན་གཞོན་ཞིག་གིས་ བོད་རང་བཙན་གྱི་སྐད་འབོད་དང༌། ཤོག་བྱང་ཐོག་བྲིས་པའི་ཡིག་ཆ་བརྒྱ་ཕྲག་མང་པོ་འགྲེམས་གཏོར་བྱས་ཏེ་དུས་ཚོད་ སྐར་མ་ཁ་ཤས་ལས་མ་སོང་བར་རྒྱ་དམག་རླངས་འཁོར་གཅིག་དང༌། སྤྱི་བདེ་ཉེན་རྟོག་པ་བཅུ་གྲངས་ཤིག་གིས་གཅར་བརྡུང་བྱེད་བཞིན་འཛིན་བཟུང་གིས་ བཙན་ཁྲིད་བྱས་སྐབས་ཀྱང་“ྋརྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོ་

Bangchen admin· · 0 མཆན་འགྲེལ། ·

བོད་ནང་དུ་དམ་དྲག་དང་ཁྲིམས་ཆད་གཏོང་བཞིན་པ།

དཀར་མཛེས་ཁུལ་དུ་ཁྲིམས་ཐག་གཅོད་བཞིན་པ།
གནས་ཚུལ་འབྱོར་གསལ་ལྟར་ན་དཀར་མཛེས་ཁུལ། བྲག་འགོ་རྫོང་ཁོངས་ཏྲེ་ཧོར་ལྕོག་རི་དིལ་ཡུལ་གྲོང་ཚོ་ཕ་བློ་དགའི་བུ། རང་ལོ་༢༨ ཅན་བསོད་ནམས་ཡར་འཕེལ་ལ་ཉེ་ཆར་ཟླ་ཚེས་ཁ་གསལ་ཤེས་རྟོགས་མི་འདུགདཀར་མཛེས་འབྲིང་རིམ་མི་མང་ཁྲིམས་ཁང་ནས་ལོ་༡༢ བཙོན་འཇུག་ཁྲིམས་ཐག་བཅད་དེ་སི་ཁྲོན་ཁོངས་ཁྲན་ཆིང་ཞེས་པའི་ས་གནས་ཀྱི་བཙོན་ཁང་ཞིག་ཏུ་ཁྲིད་ཡོད་འདུག ད་ལོ་ཕྱི་ཟླ་༤ ཚེས་༢༩།༣༠ གཡས་གཡོན་ལ་ཁྲིམས་ཐག་བཅད་ཟིན་པའི་ལྕོག་རི་ངང་སྒོང་བཙུན་དགོན་གྱི་བཙུན་མ་༧ དང༌། ཏྲེ་བོ་གྲོང་སྡེ་ནས་ཡིན་པ་མི་སྐྱ་ཀུན་བཟང་རྡོ་རྗེ་སོགས་དཀར་མཛེས་ཁུལ་གྱི་ཁྲིམས་ཐག་བཅད་ཟིན་པའི་

Bangchen admin· · 0 མཆན་འགྲེལ། ·