བོད་པའི་རིག་གཞུང་སྐོར་ལ་རྒྱལ་སྤྱིའི་ལྷན་ཚོགས།

ཟླ་འདིའི་ཚེས་༡༩ ནས་༢༡ བར་ཝར་ན་མཐོ་སློབ་དང་ལྡི་ལི་མཐོ་སློབ་གཉིས་ཀྱི་གོ་སྒྲིག་འོག་བོད་ཀྱི་རིག་གཞུང་དང་ལོ་རྒྱུས་སྐོར་ལ་རྒྱལ་སྤྱིའི་ལྷན་ཚོགས་ཤིག་འཚོགས་ཡོད་པ་དང༌། སྐབས་དེར་རྒྱལ་ཁབ་ཁག་༤༠ ནས་མཁས་དབང་ལྔ་བཅུ་མ་ཟིན་ཙམ་ཕེབས་ཡོད་འདུག

Read more

ང་རྒྱ་གར་གྱི་བུ་ཞིག་རེད།

བདག་ཉིད་ཆེན་པོ་གྷན་དྷི་མཆོག་རྒྱ་གར་རང་སྲིད་རང་སྐྱོང་གི་ལས་འགུལ་འགོ་འཛུགས་གནང་ནས་ལོ་བརྒྱ་འཁོར་བའི་རྗེས་ཀྱི་རྒྱལ་སྤྱིའི་ལྷན་ཚོགས་ཀྱི་མཇུག་བསྡོམས་ཐོག་༧གོང་ས་མཆོག་གདན་འདྲེན་ཞུས་ཡོད་པ་དང། སྐབས་དེར་༧གོང་ས་མཆོག་ལ་རྒྱལ་སྤྱིའི་གྷན་དྷི་ལས་འགུལ་གྱི་དབུ་ཁྲིད་གནང་དགོས་པའི་འབོད་སྐུལ་ཞུས་པ་བཞིན། ༧གོང་མཆོག་གིས། ང་ལེ་ལོ་ཅན་གྱི་འགོ་ཁྲིད་ཅིག་མ་གཏོགས་ཡོང་གི་མ་རེད་བསམ་གྱི་འདུག་མོད། ངས་ཁྱེད་རང་ཚོས་བཟང་པོའི་ལས་ཀ་དེར་ཕན་ཐོགས་ཡོད་ན་གང་ཡོང་ཅི་ཡོང་གིས་ཞབས་འདེགས་ཞུ་རྒྱུ་ཡིན་ཞེས་བཀའ་གནང་ཡོད་པ་རེད།

Read more

རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཀྱི་བསྒྲགས་གཏམ།

ཟླ་འདིའི་ཚེས་༡༨ ནས་ཚེས་༡༩ བར་ཉིན་གཉིས་རིང་ཨི་ཊ་ལི་རྒྱལ་ས་རོམ་དུ་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ལྔ་པ་དེ་འཚོགས་ཡོད་པ་དང། སྐབས་དེར་ཚོགས་ཐོག་ནས་བོད་དོན་དང་འབྲེལ་བའི་དོན་ཚན་ཆེན་པོ་གསུམ་ཡོད་པའི་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་རེད།

Read more

ཚན་རིག་གི་འགྲེམས་སྟོན།

ཟླ་འདིའི་ཚེས་༡༩ ཉིན་འབྲས་སྒོ་མང་སློབ་གྲྭའི་གོ་སྒྲིག་འོག་འཛིན་རིམ་བཞི་པ་དང་ལྔ་པའི་སློབ་ཕྲུག་ཐུན་མོང་ནས་་རི་མོའི་ཐོག་ནས་ཚན་རིག་གི་འགྲེམས་སྟོན་ཞིག་སྒོ་མང་སློབ་གྲྭར་མཤམས་ཡོད་པ་དང། དེར་ཚན་རིག་དགེ་རྒན་རྔ་བ་ཤེ་རབ་ལགས་ཀྱིས་འགྲེལ་བརྗོད་གནང་དོན།

Read more

བོད་ཡིག་གི་མ་ལག་ཡོད་པའི་ལག་འཁྱེར་ཁ་པར།

w020091123383506710826ཟླ་འདིའི་ཚེས་༢༣ ཉིན་བོད་ནང་གི་བརྒྱུད་ལམ་ཁག་ཅིག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཚེས་༢༠ ཉིན། བོད་ལྗོངས་སློབ་གྲྭ་ཆེན་མོ་དང་། ཤིན་ཧྭ་གསར་འགྱུར་ཁང་སོགས་ཀྱིས་མཉམ་འབྲེལ་བྱས་ནས་ལྷ་སར་ལག་ཁྱེར་ཁ་པར་གྱི་བོད་ ཡིག་བརྡ་འཕྲིན་ལག་རྩལ་ཞིབ་འཇུག་དང་གསར་གཏོད་བྱེད་པའི་ལས་གཞི་ཞིག་སྒྲུབ་འགོ་ རྩོམ་པའི་མཛད་སྒོ་ཞིག་འཚོགས་ཡོད་པ་དང།

Read more

སྤྱི་འཐུས་ཀྱི་ཡུ་རོབ་ཏུ་གཟིགས་སྐོར།

བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་གིས་སྣེ་ཁྲིད་པའི་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་དང༌། སྤྱི་འཐུས་སློབ་དཔོན་བསོད་ནམས་བསྟན་འཕེལ། སྤྱི་འཐུས་དགེ་བཤེས་བེ་རི་འཇིགས་མེད་དབང་རྒྱལ། སྤྱི་འཐུས་ག་ཟི་དགེ་བཤེས་ཚེ་རིང་པོ། སྤྱི་འཐུས་ཚེ་རིང་གཡུ་སྒྲོན་བཅས་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་མ་འཚོགས་པའི་སྔོན་དུ་ཧཕ་རན་སི་དང༌། བྷེལ་ཇམ་བཅས་སུ་གཞུང་འབྲེལ་གཟིགས་སྐོར་དུ་ཕེབས་ནས་ཡུལ་དེ་དག་གི་གནད་ཡོད་དཔོན་རིགས་རྣམས་དང་མཇལ་འཕྲད་དང༌།

Read more

རྒྱལ་སྤྱིའི་གྲོས་ཚོགས་ཀྱི་བོད་དོན་ཚོགས་ཆེན་མཇུག་བསྒྲིལ་བ།

dalai lama at italy1ཟླ་འདིའི་ཕྱི་ཚེས་༡༨ དང་༡༩ གཉིས་ལ་ཡུ་རོབ་ཀྱི་རྒྱལ་ཁབ་ཨི་ཊ་ལིའི་རྒྱལ་ས་རོམ་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང༌། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ཐུན་མོང་གིས་གོ་སྒྲིག་གནང་བ་རྒྱལ་སྤྱིའི་གྲོས་ཚོགསའཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ལྔ་པ་དེ་ཨི་ཊ་ལི་གྲོས་ཚོགས་ཀྱི་ཚོགས་ཁང་ཞིག་ཏུ་བསྐོང་འཚོགས་གནང་ཡོད་པ་དང༌། སྐབས་དེར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་ནས་བཀའ་སློབ་གསུང་བཤད་གནང་ཡོད་པ་མ་ཟད། རྒྱལ་ཁབ་༢༩ གྲོས་ཚོགས་འཐུས་མི་༦༠ ཙམ་དང༌། གོ་སྒྲིག་གནང་མཁན་སོགས་ཚོགས་ཞུགས་པ་མི་གྲངས་༢༡༢ བྱུང་ཡོད་པ་རེད།

Read more

དཀོན་མཆོག་ཚེ་འཕེལ་ལ་ལོ་བཅོ་ལྔའི་ཁྲིམས་ཆད།

རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པའི་དཀོན་མཆོག་ཚེ་འཕེལ་ལགས་སུ་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱས་པའི་ཉེས་མིང་འོག ཟླ་འདིའི་ཚེས་༡༢ ཉིན་ལོ་བཅོ་ལྔའི་བཙོན་འཇུག་ཁྲིམས་གཅོད་དང། ཆབ་སྲིད་ཀྱི་དབང་ཆ་ལོ་ལྔ་ཕྲོགས་པའི་ཐག་གཅོད་བྱས་ཡོད་པ་རེད།

Read more

ཟླ་བའི་སྒང་ལ་ཆུ་ཕོན་ཆེན་རྙེད་འདུག

སྔོན་དུས་སུ་ཉི་ཟླ་སྐར་གསུམ་ལྷ་རུ་བཟུང་ནས་བྲམ་ཟེ་རྒན་པོའི་མཆོད་འབུལ་བྱ་ཡུལ་གཙོ་བོ་ཡིན་མོད། རིམ་གྱིས་རིག་གསར་ཚན་རིག་ཡར་རྒྱས་ཕྱིན་པ་དང་བསྟུན་ནས། དུས་རབས་ཉི་ཤུ་པའི་ལོ་མཇུག་ཏུ་མཁའ་དབྱིངས་སུ་འཕུར་བསྐྱོད་བྱེད་མཁན་གྱི་ཚན་རིག་པ་ཚོ་ཟླ་བའི་སྒང་དུ་སླེབས་པ་ཙམ་མིན་པར་ཞིབ་འཇུག་གི་ལས་གཞི་འགྲོ་བཞིན་ཡོད་ལ། ལོ་གྲངས་འགའ་ཤས་ཀྱི་སྔོན་དུ་ཉི་ཧོང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་གིས། ལོ་བཅུ་ཕྲག་གཅིག་གི་རྗེས་སུ་ཟླ་བའི་སྟེང་དུ་འཛུགས་སྐྲུན་བྱེད་འཆར་ཡོད་སྐོར་ཁྱབ་བསྒྲགས་བྱས་ཏེ། ཚན་རིག་པ་མང་པོས་དེའི་ཐད་བགྲོ་གླེང་བྱས་ཡོད་པ་རེད།

Read more

རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན།

རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐོག་རྒྱལ་ཁབ་སོ་སོས་རྒྱ་བོད་ཞི་མོལ་ཡོང་ཐབས་ལ་རྒྱབ་སྐྱོར་བྱེད་ཕྱོགས་དང། བོད་ནང་དུ་ཤེས་ཡོན་དང་འཕྲོད་བསྟེན་ཡར་རྒྱས་ཡོང་ཐབས་གཙོ་བོར་དམིགས་ནས་བགྲོ་གླེང་གནང་གི་ཡོད་པ་རེད།

Read more
Page 590 of 682« First...588589590591592...Last »