པེ་ཅིང་ཁྲོམ་གཞུང་གི་ཨོ་བྷ་མའི་འདྲ་པར།

ཟླ་འདིའི་ཚེས་ ༢༡ ཉིན་པེ་ཅིང་དུ་ཡོད་པའི་བྷི་བྷི་སིའི་གསར་འགོད་པས་གནས་ཚུལ་སྤེལ་གསལ་ལྟར་ན། ༡༩༩༨ ལོའི་ཨ་རིའི་སྲིད་འཛིན་བྷིལ་ཁིན་ཊོན་གྱིས་འགྲོ་བ་མིའི་ཐོབ་ཐང་དང་ཆོས་ལུགས་དད་པ་རང་དབང་གི་ཐད་ལ། རྒྱ་ནག་ནི་ད་དུང་ཡང་ནོར་འཁྲུལ་ཅན་གྱི་ལོ་རྒྱུས་ཀྱི་ཕྱོགས་སུ་ལྷུང་ནས་བསྡད་ཡོད་གསུངས་མྱོང་བ་ལྟར། རྒྱ་ནག་ད་དུང་ཡང་ནོར་འཁྲུལ་ཅན་གྱི་ལོ་རྒྱུས་ཀྱི་ཕྱོགས་གཅིག་ནས་ཐར་མེད་པ་དང༌། ཧང་སང་དགོས་པ་གཅིག་ལ་པེ་ཅིང་ཁྲོམ་གཞུང་དུ་ཨོ་བྷ་མའི་པར་རིས་ཁྲོ་ཉམས་ཅན་དང༌། གདོང་ངོས་སུ་ཁྲག་ཐིགས་བརྒྱབ་པ་ཅན་སྦྱར་འགྲེམས་བྱས་འདུག

Read more

ཝཱ་ཎ་མཐོ་སློབ་ཏུ་ཚན་རིག་གི་བགྲོ་གླེང་སྔ་ཕྱི་གཉིས་ཚོགས་པ།

ཚན་རིག་དང་ནང་ཆོས་གཉིས་བགྲོ་གླེང་གནང་དགོས་པ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ཡང་ཡང་གནང་བ་བཞིན། ཟླ་འདིའི་ཚེས་ ༡༥ ཉིན་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་གོ་སྒྲིག་འོག་ནང་ཆོས་དང་ཚན་རིག་བར་གྱི་འགལ་ཟླ་དང་མཉམ་འབྲེལ་བྱེད་ཐབས་ཅེས་པའི་བརྗོད་གཞིའི་ཐོག་གོ་བསྡུར་ལྷུག་པོ་གནང་ཡོད་པ་རེད། ཡང་བོད་གཞུང་དཔེ་མཛོད་ཁང་ཁང་གི་གོ་སྒྲིག་འོག་ཆོས་ཚན་སྐོར་གྱི་བགྲོ་གླེང་ཞིག་ཕྱི་ཚེས ༢༠ ནས་ ༣༡ བར་འཚོག་བཞིན་ཡོད་པ་རེད།

Read more

ས་གླང་ལོའི་ལོ་གསར་སྐབས་མྱ་ངན།

བོད་མིས་ས་བྱི་ལོར་རྒྱ་ནག་གཞུང་ལ་ངོ་རྒོལ་ཤུགས་ཆེན་བྱས་པ་དང༌། རྒྱ་ནག་གི་དྲག་གནོན་འོག་ནས་བོད་མི་བསད་རྨས་དང༌། བཙོན་འཇུག་ཚད་མེད་བཏང་བར་བརྟེན། ད་ལྟ་བོད་ཕྱི་ནང་གཉིས་ནས་མྱ་ངན་ཞུ་ཕྱོགས་གླེང་སློང་བྱེད་བཞིན་ཡོད་ལ། ལོ་གསར་གྱི་སྤྲོ་སྐྱིད་ཀྱང་གཏོང་རྒྱུ་མིན་སྐོར་བརྗོད་ཀྱི་ཡོད་ནའང༌། རྒྱ་ནག་གཞུང་གིས་བོད་མི་ཚོར་ལོ་གསར་སྤྲོ་སྐྱིད་གཏོང་དགོས་པར་སྐུལ་མ་གནང་གི་ཡོད་འདུག དཀར་མཛེས་ཁུལ་གསེར་རྟ་རྫོང་ཁོངས་ནས་འབྲེལ་ཡོད་ཅིག་གིས་ཁ་པར་བརྒྱུད་ལོ་གསར་སྐབས་གླེང་སློང་བྱེད་སྐབས། ཁོང་གིས་འདི་ལོར་གསེར་རྟ་ས་གནས་སུ་མི་མང་པོ་ཞིག་གིས་ལོ་གསར་སྤྲོ་སྐྱིད་གཏོང་འདོད་མི་འདུག ༢༠༠༨ ལོར་རྒྱའི་བཙན་འོག་ནས་བོད་མི་ཚེ་སྲོག་ཤོར་བ་རྣམས་ལ་གདུང་སེམས་མཉམ་བསྐྱེད་བྱེད་ཀྱི་ཡིན་ཟེར་གྱི་འདུག་ཅེས་འགྲེལ་བརྗོད་གནང་སོང༌།

Read more

ཚ་བ་མཛོ་སྒང་དུ་རྒྱ་རྒོལ།

ཟླ་འདིའི་ཚེས་ ༢༠ ཉིན་ཕྱི་དྲོ་ཆུ་ཚོད་ ༣།༤ ཙམ་ལ་བོད་ལྗོངས་ཆབ་མདོ་ས་ཁུལ་མཛོ་སྒང་རྫོང་དུ་བོད་མི་གཞོན་སྐྱེས་གསུམ་གྱིས་བོད་རང་བཙན་གྱི་སྐད་འབོད་དང༌། བོད་ཀྱི་རྒྱལ་དར་དང༌། བོད་རང་བཙན་འཁོད་པའི་འཕྲེད་དར་འཕྱར་ནས་མཛོ་སྒང་གྲོང་ནས་རྫོང་གི་ཁྲོམ་གཞུང་དུ་སྐར་མ་ ༤༠ ཙམ་གྱི་རིང་ངོ་རྒོལ་བྱས་ཡོད་པ་རེད། གོམ་བགྲོད་ཀྱིས་རྫོང་ཉེན་རྟོག་ལས་ཁུངས་ཀྱི་མདུན་དུ་མ་སླེབས་ཙམ་ལ་ཉེན་རྟོག་པ་ ༤༠ ཙམ་ཡོང་ནས་ཁོང་རྣམས་འཕྲལ་དུ་འཛིན་བཟུང་གིས་ཉེས་རྡུང་ཚད་མེད་བཏང་སྟེ་ཤི་མིན་རོ་མིན་དུ་བཟོས་ཡོད་འདུག  སྐབས་དེར་བུ་མོ་བདེ་ཆེན་སྒྲོལ་མ་ཞེས་པ་ཞིག་ཀྱང་དོགས་གཞིའི་འོག་འཛིན་བཟུང་བྱས་ཡོད་གནས་འདུག

Read more

༢༠༠༨ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་ལོ་འཁོར་སྙན་ཐོ།

༢༠༠༨ ལོར་བོད་མིས་རྒྱའི་དབང་བསྒྱུར་ལ་ཞི་བའི་ཐོག་ནས་ངོ་རྒོལ་གྱི་ལས་འགུལ་གཅིག་རྗེས་གཉིས་མཐུད་སྤེལ་ཏེ་བོད་ཀྱི་གྲོང་ཁྱེར་ཁག་དང༌། གྲོང་རྡལ། ཞིང་འབྲོག་ཁུལ། དགོན་སྡེ། སློབ་གྲྭ། དེ་བཞིན་པེ་ཅིང་གྲོང་ཁྱེར་ནང་ཡོད་པའི་མི་རིགས་སློབ་ཆེན་སོགས་ཀྱི་ནང་ནས་སྤེལ་ཡོད་ཅིང༌། དེ་ལྟར་གཞི་རྒྱ་ཆེ་བའི་ལས་འགུལ་དེའི་ནང་མཉམ་ཞུགས་གནང་མཁན་ལ་ཆ་མཚོན་ན། ཞིང་པ་དང་འབྲོག་པ། གྲོང་མི། ཚོང་པ། སློབ་ཕྲུག གྲྭ་བཙུན། ལས་བྱེད་པ་བཅས་བོད་ཀྱི་ལས་རིགས་ཚང་མའི་མི་སྣ་འཛོམས་ཡོད་པ་དང༌། རང་ལོར་ཆ་མཚོན་ན་བགྲེས་སོང་དང༌། དར་མ། གཞོན་ནུ། རང་ལོ་ ༡༨ མ་སོན་པའི་ཕྲུ་གུ་བཅས་ཀྱང་མཉམ་ཞུགས་བྱས་ཡོད་པས་ད་ལྟའི་རྒྱ་ནག་གཞུང་གིས་བོད་ནང་འཛིན་པའི་སྲིད་བྱུས་མཁྲེགས་བཟུང་ཅན་དེ་བོད་མི་རྣམས་ཀྱི་མངོན་འདོད་དང་འཚམས་ཀྱི་མེད་པ་གསལ་སྟོན་བྱས་ཡོད་པ་རེད་ཅེས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་བརྗོད་ཡོད་པ་རེད།

Read more

མི་རིགས་ནག་པོ་སྲིད་འཛིན་ཐོག་མ།

དགུང་ལོ་ ༤༧ ལ་སོན་པའི་སྲིད་འཛིན་ཨོ་བྷ་མ་ནི་ཨ་རིའི་སྲིད་འཛིན་རིམ་བརྒྱུད་ཐེངས་ ༤༤ པའི་ནང་ནས་གཞོན་ཤོས་བཞི་པ་དེ་ཡིན་ལ། ཨ་རིའི་ལོ་རྒྱུས་ནང་མི་རིགས་ནག་པོ་སྲིད་འཛིན་ཆགས་པ་ཐོག་མ་དེའང་ཡིན་པ་རེད། ལོ་བཅུ་ཕྲག་འགའི་སྔོན་དུ་ཨ་རིའི་ནང་མི་རིགས་དཀར་ནག་དབྱེ་འབྱེད་ཀྱི་འཐབ་རྩོད་དེས། མི་རིགས་ནག་པོ་ཕལ་ཆེ་བ་བྲན་གཡོག་ཤ་སྟག་ཡིན་པ་རེད། དཔེར་ན། ཨོ་བྷ་མའི་སྲིད་འཛིན་གྱི་མཛད་སྒོ་ཚོགས་སའི་ཨ་རིའི་རྒྱལ་ཚོགས་ཁང་ཆེན་དེ་མི་རིགས་ནག་པོ་བྲན་གཡོག་ཚོའི་ནུས་ཤུགས་ལ་བརྟེན་ནས་བསྐྲུན་པ་ཞིག་ཡིན་པ་དང༌། དེ་རིང་མི་རིགས་ནག་པོ་གཅིག་གིས་ཁང་ཆེན་འདིའི་ནང་སྲིད་འཛིན་གྱི་མཛད་སྒོ་

Read more

ཆབ་སྲིད་བཙོན་པ་ཞིག་བལ་ཡུལ་དུ་འབྱོར་འདུག

    གྲྭ་བཞི་བཙོན་ཁང་ནང་ལོ་དྲུག་ལ་བསྡད་མྱོང་བའི་ཆབ་སྲིད་བཙོན་ཟུར་ངག་དབང་ལགས་ཉེ་ཆར་བོད་ནས་སྐྱབས་བཅོལ་དུ་འབྱོར་འདུག ཁོང་ཐོག་མར་འཕན་པོ་ནཱ་ལེནྡ་དགོན་པའི་གྲྭ་པ་ཡིན་པ་དང༌། ༡༩༩༥ ལོ་ཟླ་༣ ཚེས་༥ ཉིན་རང་བཙན་གྱི་ཡིག་ཆ་དྲིལ་བསྒྲགས་ངན་སྐུལ་བྱས་པའི་ཉེས་མིང་འོག་དགོང་མོ་ཆུ་ཚོད་༨ ཙམ་ལ་དགོན་པ་ནས་གྲྭ་༡༢ དང་མཉམ་དུ་འཛིན་བཟུང་བྱས་པ་དང༌། ལྷུན་གྲུབ་རྫོང་གི་བཙོན་ཁང་དུ་ཉིན་༣ དང་བསམ་ཡས་བཙོན་ཁང་དུ་ཟླ་༡༠ དང་ཉིན་༤ རིང་བཀག་རྗེས་བཙོན་འཇུག་ཁྲིམས་ཐག་ལོ་དྲུག་ལ་བཅད་པ་དང༌། ཆབ་སྲིད་དབང་ཆ་ལོ་གསུམ་རིང་མེད་པ་བྱས་ནས་གྲྭ་བཞི་བཙོན་ཁང་དུ་ལོ་དྲུག་རིང་བཙོན་འཇུག་བྱས་ཡོད་པ་རེད།

Read more

རྒྱ་གར་འགས་བོད་མིར་སྐྱོན་བརྗོད་བྱས་འདུག

ཟླ་འདིའི་ཚེས་༡༥ ཉིན་མོན་གྷོ་བོད་མིའི་གཞིས་སྒར་ནང་རྒྱ་གར་གྱི་འཐུས་མི་ཨན་ནན་ཀུ་མར་སོགས་ཁག་ཅིག་དང་ས་གནས་མོན་གྷོ་ས་གནས་ཀྱི་རྒྱ་གར་དཔོན་རིགས་སོགས་མོན་གྷོ་བོད་མིའི་གཞིས་ཁོངས་སུ་ཆེད་བཅར་གནང་ཡོད་པ་དང༌། དེ་རྗེས་བརྒྱུད་ལམ་ཁག་ཅིག་ཏུ་བོད་པར་སྐྱོན་བརྗོད་ཀྱི་གནས་ཚུལ་ཐོན་ཡོད་པ་རེད།
    རྒྱ་གར་དཔོན་རིགས་ཚོ་ས་གནས་བོད་མིའི་གཞིས་སྤྱི་ལས་ཁུངས་ཀྱི་ལས་བྱེད་རྣམས་ཀྱིས་གཞིས་ཆགས་ལ་བལྟ་སྐོར་བྱེད་དུ་འོང་བར་འཚམས་འདྲིའི་ཁ་བཏགས་ཕུལ་ཏེ་ཕེབས་བསུ་བྱས་ཡོད་པ་རེད།

Read more

བལ་ཡུལ་དུ་བྱ་ནད་ཁྱབ་པ།

    ཟླ་འདིའི་ཚེས་༡༦ ཉིན་བལ་ཡུལ་གཞུང་ནས་བལ་ཡུལ་དང་རྒྱ་གར་གྱི་མཐའ་མཚམས་ཇཱ་པ་ས་ཁུལ་དུ་བྱ་ནད་དངོས་སུ་ཁྱབ་ཡོད་པའི་དྲིལ་བསྒྲགས་བྱས་ཡོད་པ་དང༌། དེ་ནི་བྱ་ནད་བལ་ཡུལ་དུ་ཁྱབ་པ་ཐེངས་དང་པོ་ཡིན་འདུག
    ལོ་སྔོན་མར་བལ་ཡུལ་དུ་བྱ་ནད་ཁྱབ་ཡོད་པའི་དོགས་གཞི་ཙམ་ལས་དངོས་སུ་ཁྱབ་ཡོད་མེད་ར་སྤྲོད་བྱུང་མེད་མོད་ད་ལོ་བྱ་རོ་ཁག་ཅིག་ལ་བརྟག་དཔྱད་བྱས་འབྲས་སུ་བདུན་ཕྲག་གཉིས་ཙམ་གྱི་གོང་ནས་རྒྱ་གར་ས་མཚམས་བརྒྱུད་བྱ་ནད་དངོས་སུ་ཁྱབ་ཡོད་པ་ཤེས་རྟོགས་བྱུང་འདུག བལ་གཞུང་ནས་ཁུལ་དེར་ལས་མི་དང་སྨན་བཅོས་བྱེད་མཁན་བཏང་ཡོད་པ་མ་ཟད།

Read more

རྔ་པ་ཀིརྟི་དགོན་པའི་གྲྭ་པ་ཞིག་འཛིན་བཟུང༌།

 ༢༠༠༨ ལོའི་ཕྱི་ཟླ་༣ པའི་ཚེས་༡༠ ནས་ད་ལྟ་བར་དུ་བོད་ནང་གི་ས་གནས་གང་སར་རྒྱ་གཞུང་ལ་ངོ་རྒོལ་ཤུགས་ཆེན་བྱས་ཡོད་ལ། རྒྱ་ནག་གཞུང་གིས་ལུགས་མཐུན་མིན་པའི་བོད་མི་རྣམས་ལ་ཁྲིམས་ཆད་བཙོན་འཇུག་གི་གནས་སྟངས་མཚམས་བཞག་མེད་པ་རེད། ཉེ་ཆར་རང་ལོ་ཉེར་བདུན་ལ་སོན་པའི་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་ཀིརྟི་ལགས་ཡིག་ཆ་སྦྱར་འགྲེམས་བྱེད་མཁན་ཡིན་པའི་དོགས་གཞིའི་འོག་རྒྱ་གཞུང་གིས་ཕྱི་ཟླ་༡ པོའི་ཚེས་༡༥ ཉིན་རྔ་པ་རྫོང་ཐོག་ཏུ་འཛིན་བཟུང་བྱས་པ་དང༌། གཞན་པ་ཁག་ཅིག་ལ་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

Read more
Page 655 of 677« First...653654655656657...Last »