མིང་ཤས་བཟོས་པའི་ཁ་མཆུ་ཐག་གཅོད།

གྱོད་ཡ་ཞུ་སྦྱོར་བ་ཕག་རི་ཤོ་ཟུར་པ་སངས་ཚེ་དབང་གིས་ཕྱི་ལོ་༢༠༠༣ ཟླ་༧ ཚེས་༣ ཉིན་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་གཏུག་གཤེར་བྱས་པའི་ཁ་མཆུ་དེབ་འགོད་ཨང་༡༣ པ་ཟླ་༦ ཚེས་༡༢ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཅད་ཁྲ་ཤོག་ལྷེ་༨༠ ཡོད་པ་ཞིག་བཏང་ཡོད་པ་དང༌། གྱོད་ཡ་རྩོད་ལེན་པ་གསེར་བཟོ་སྐལ་བཟང་དང༌། ལྷ་རྩེ་བློ་གྲོས། བསམ་གཏན་ལྷུན་གྲུབ། ངག་དབང་སྒྲོལ་མ། ཆུང་དག ཨ་མ་བཀྲ་དབྱངས། རྒྱལ་རྩེ་ཟླ་བ་ཚེ་རིང༌། རྒན་ཉི་མ། ཕག་རི་ཨ་མ་འཛོམས་པ། བཀྲ་ཤིས་རྡོ་རྗེ། བདེ་ཆེན་མཁའ་འགྲོ། མ་མ་སྒྲོལ་མ་བཅས་མི་རེ་ནས་གྱོད་ཡ་ཞུ་སྦྱོར་བ་ཕག་རི་ཤོ་ཟུར་པ་སངས་ཚེ་དབང་ལ་ནག་མེད་ཉེས་འཛུགས་ཀྱི་མིང་ཤས་བཟོས་པ་དེའི་གུན་གསབ་མཚོན་ཆེད་ཧིན་སྒོར་༣༠༠

Read more

བོད་པའི་གློག་བརྙན་ཞིག་ལ་གཟེངས་རྟགས།

གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཚེས་༢༠ ཉིན་རྒྱ་ནག་ཧྲང་ཧེ་གྲོང་ཁྱེར་ནང་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་༡༢ པ་ཚོགས་པ་དང༌། སྐབས་དེར་བོད་ནང་ནས་གློག་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་ཀྱི་<<འཚོལ།>>ཞེས་པའི་གློག་བརྙན་ལ་གཟེངས་རྟགས་ཞིག་ཐོབ་ཡོད་པ་རེད།
     གློག་བརྙན་དེའི་ནང་དོན་གཙོ་བོ་གློག་བརྙན་འཁྲབ་ཁྲིད་པ་ཞིག་གི་གཏམ་བརྗོད་ཅིག་གི་ཆེད་དུ་བོད་ལྗོངས་སུ་ལྟད་མོ་འཁྲབ་སྟོན་པ་ཞིག་འཚོལ་ཞིབ་བྱས་པའི་ངང་ཚུལ་བསྟན་ཡོད་པ་དང༌། གློག་བརྙན་འདི་ནི་བོད་ཀྱི་ཟློས་གར་ལ་གཞི་བཅོལ་ནས་རྣམ་ཐར་ནང་དུ་སྲས་དང་སྲས་མོ་གཉིས་འཁྲབ་སྟོན་མི་སྣ་འཚོལ་བའི་བྱུང་རིམ་འཕེལ་རྒྱས་གཙོ་འདོན་བྱས་ཡོད་པ་རེད།

Read more

ཀི་རི་ཀེཊའི་རྩེད་རིགས་འགྲན་སྡུར།

ཕྱི་ཟླ་༦ཚེས་༥ ཉིན་༢༠༠༩ ལོའི་རྒྱལ་སྤྱིའི་ཀི་རི་ཀེཊི་ལྷན་ཚོགས་ཀྱི་འཛམ་གླིང་ཉི་ཤུ་༢༠ ཞེས་པའི་འགྲན་སྡུར་ཐེངས་གཉིས་པ་དབྱིན་ཡུལ་དུ་འཚོགས་པ་དང། དེའི་ནང་རྒྱ་གར། པ་ཀི་སི་ཐན། ཨོ་སི་ཁྲུ་ལི་ཡ། ནིའུ་ཛི་ལན་ཌི། བྷང་ལ་དྷེ་ཤི། དབྱིན་ཇི། ཤྲི་ལངྐ། ལྷོ་ཨ་ཧྥི་རི་ཁ། ཨ་རེ་ལན་ཌི། ནི་དྷར་ལན་ཌི། ནུབ་ཨིན་ཌི་སི། ས་ཁོ་ལན་ཌི་བཅས་རྒྱལ་ཁབ་རུ་ཁག་༡༢ མཉམ་ཞུགས་བྱས་ཤིང། ཉིན་༡༧ རིང་གི་འགྲན་སྡུར་གྱི་རྒྱུད་རིམ་ཁྲོད་པ་ཀི་སི་ཐན་དང་ཤྲི་ལངྐ་གཉིས་མཐའ་མའི་འགྲན་སྡུར་ནང་སླེབས་པ་དང། ཕྱི་༦ཚེས་༢༠ ཉིན་དབྱིན་ཡུལ་གྱི་ལོར་ཌའི་རྩེ་རར་མཐའ་མཇུག་འགྲན་སྡུར་གྱི་རྒྱལ་ཁ་པ་ཀི་སི་ཐན་ལ་ཐོབ་ཡོད་པ་རེད།

Read more

གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང།

དུས་རབས་ཉེར་གཅིག་པའི་དུས་འགོ་ཚུགས་པ་ནས་བཟུང་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་སྟངས་འཛིན་འོག བོན་གྱི་བགྲོ་གླེང་འདུས་སྡེ་གསར་འཛུགས་ཀྱིས་ལོ་རིམ་བཞིན་སློབ་མ་རྣམས་ཀྱི་དབྱར་ཁའི་གུང་གསེང་དང་བསྟུན་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཡུང་དྲུང་བོན་གྱི་གཞུང་ལུགས་ཁག་སོགས་བརྗོད་བྱ་གཙོ་བོ་བཟུང་སྟེ། བདུན་ཕྲག་གཅིག་རིང་གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་ཞིག་མུ་མཐུད་ཚོགས་བཞིན་ཡོད་པ་ལྟར། ཟླ་འདིའི་ཚེས་༡༤ ནས་ཚེས་༢༡ བར་གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་ཐེངས་བཅུ་པ་དེ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་དུ་འཚོགས་ཡོད་པ་རེད།

Read more

དབྱར་རྩྭ་དགུན་འབུའི་རིན་གོང་འཕར་ཆག

ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ཞེས་པར་གནས་ཚུལ་སྤེལ་ལྟར་ན། ད་ལོ་བོད་ལྗོངས་སུ་ཡུལ་སྐོར་བ་མང་དུ་ཕྱིན་པ་དང༌། དབྱར་རྩྭ་དགུན་འབུ་སྐྱེ་ཚར་ཉུང་དུ་ཕྱིན་པའི་རྒྱུ་མཚན་ལ་བརྟེན་ནས་དབྱར་རྩྭ་དགུན་འབུའི་རིན་གོང་འཕར་ཡོད་པ་རེད། བོད་ནང་གི་ཚོང་པ་ཞིག་གིས་བཤད་པ་ལྟར་ན་ད་ལོའི་དབྱར་རྩྭ་དགུན་འབུའི་སྐྱེ་ཚར་སྔོན་མ་ལས་བཅུ་ཆའི་གསུམ་ནས་ལྔ་བར་ཉུང་དུ་ཕྱིན་ཡོད་འདུག ཟླ་ཕྱེད་སྔོན་དུ་དབྱར་རྩྭ་དགུན་འབུ་རྒྱ་མ་རེར་རྒྱ་སྒོར་ཁྲི་༢ ནས་༦ བར་ཡིན་མོད། ད་སྐབས་རྒྱ་སྒོར་ཁྲི་༤ ནས་༡༠ བར་འཕར་ཡོད་ཚུལ་བརྗོད་འདུག་ལ། དབྱར་རྩྭ་དགུན་འབུ་བརྐོས་པའི་རྐྱེན་གྱིས་སྤང་རི་འཕྲོ་བརླག་འགྲོ་བ་དང༌། རང་བྱུང་ཁམས་ལ་གནོད་འཚེ་ཕོག་ནས་ཆུ་ལོག་གི་གནོད་སྐྱོན། བོད་རིགས་ནང་ཁུལ་མི་མཐུན་པའི་གཞི་རྩ་ཡང་ཆགས་ཀྱི་ཡོད་སྐོར་གོང་གི་དྲ་གནས་སུ་བཀོད་འདུག

Read more

གསར་འགྱུར་བརྒྱུད་ལམ་བཀག་འགོག་ལ་ཤུགས་སྣོན།

ཟླ་འདིའི་ཚེས་༢༢ ཉིན་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གཞུང་གི་ཁྲིམས་ཐོག་ནས་ཀན་སུ་ཞིང་ཆེན་ཁོངས་ཀྱི་བོད་མི་རིགས་མང་པོ་སྡོད་སའི་ས་ཁུལ་ཁག་ཏུ་ཕྱི་རྒྱལ་གྱི་བརྙན་འཕྲིན་མེད་པར་བཟོ་རྒྱུའི་ལས་འགུལ་ཤུགས་རུ་གཏོང་རྒྱུ་འགོ་བཙུགས་ཡོད་པ་དང། ལས་འགུལ་དེའི་དམིགས་ས་གཙོ་བོ་བོད་སྐད་ཐོག་རྒྱང་བསྲིང་བྱེད་བཞིན་པའི་ཨེ་ཤ་ཡ་རང་དབང་རླུང་འཕྲེན་དང་དང་ཨ་རིའི་རྒྱང་བསྲིང་རླུང་འཕྲིན་བཅས་ལ་ཉན་རྒྱུར་བཀག་འགོག་བྱེད་ཆེད་དུ་ཡིན་པ་རེད།

Read more

བཀྲེས་སྐོམ་གྱི་དཀའ་ངལ་འདུག

ཟླ་འདིའི་ཚེས་༢༠ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཟས་དང་སོ་ནམ་ཞིང་ལས་ཀྱི་ཚོགས་པས་དཔྱད་ཐོ་ཞིག་འགྲེམས་སྤེལ་བྱས་ཡོད་པའི་ནང༌། འཛམ་གླིང་གི་མི་འབོར་ཐེར་འབུམ་གཅིག་ལ་ཟས་མི་རག་པའི་བཀྲེས་སྐོམ་གྱི་དཀའ་ངལ་འཕྲད་བཞིན་པ་དང༌། དེའི་ཐོག་༢༠༠༨ ཀྱི་དཔལ་འབྱོར་ཉམས་གུད་ཀྱིས་རྐྱེན་བྱས་ཏེ། བཀྲེས་སྐོམ་གྱི་དཀའ་ངལ་ཡོད་མཁན་ས་ཡ་༡༠ མང་དུ་སོང་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།

Read more

དགེ་འདུན་པའི་ཚན་རིག་འགྲེམས་སྟོན་ཐེངས་དང་པོ།

    ཟླ་འདིའི་ཚེས་༢༢ ཉིན་གངས་སྐྱིད་སྤྱི་ཐབ་ཚོགས་ཁང་དུ་ཉིན་གསུམ་རིང་དགེ་འདུན་པའི་ཚན་རིག་འགྲེམས་སྟོན་ཐེངས་དང་པོ་ཞེས་པ་འཚོགས་ཡོད་པ་དང། དེ་ནི་ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་དང། བོད་ཀྱི་དཔེ་མཛོད་ཁང་གཉིས་མཉམ་འབྲེལ་བྱས་པའི་ཚན་རིག་ཟབ་སྦྱོང་ཐེངས་གཉིས་པ་དེ་ཟླ་བ་གཅིག་ལྷག་རིང་འཚོགས་པའི་མཇུག་བསྡོམས་ལྟ་བུ་ཡིན་པ་རེད། ཚོགས་ཐོག་དེར་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་དང། ཨེ་མོ་རི་གཙུག་ལག་སློབ་གྲྭའི་དགེ་རྒན་དགེ་བཤེས་བློ་བཟང་བསྟན་འཛིན་ལགས། ཕྱི་རྒྱལ་གྱི་མཁས་དབང་གཉིས་བཅས་ཀྱིས་གསུང་བཤད་གནང་སོང།

Read more

ཤར་ལྷོ་ཨེ་ཤ་ཡའི་དམག་འཁྲུག

ཟླ་འདིའི་ཚེས་༢༠ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་གཞུང་གིས་རྒྱ་གར་དམར་ཕྱོགས་ཚོགས་པའི་འཇབ་རྒོལ་དམག་དཔུང་དང་གཡུལ་འགྱེད་བྱས་པ་དང༌། པཱ་ཀི་སི་ཐན་གཞུང་གིས་ཏཱ་ལི་བྷན་གྱི་འཇིགས་སྐུལ་རིང་ལུགས་པའི་དམག་དཔུང་དང་འཐབ་འཁྲུག་བྱེད་བཞིན་ཡོད་པ་འདི། ལམ་ལྷོང་མ་བྱུང་ན་ནང་འཁྲུག་ལངས་ནས་ལོ་མང་རིང་འགོག་སྲུང་བྱེད་མི་ཐུབ་པའི་འཇམ་དམག་ཆགས་སྲིད་པའི་གནས་ཚུལ་ཐོན་ཡོད་པ་རེད།

Read more

འོས་བསྡུའི་གལ་གནད་སྐོར་ལ་ྋགོང་ས་མཆོག་གི་བཀའ་སློབ༌།

རྒྱ་གར་ལ་སླེབས་ནས་༡༩༦༠ ལོ་ནས་བཟུང་སྟེ་མང་གཙོའི་ལས་འགུལ་གྱི་འགོ་བཙུགས་ནས། རིམ་པས་ལག་ལེན་མང་པོ་བསྟར་ཡོད་རེད། གཞིས་ཆགས་ཁག་གི་སྒྲིག་འཛུགས་ཀྱིས་མཚོན་པའི་མང་པོ་ཞིག་ལག་ལེན་བསྟར་ཡོད་པ་རེད། ཕལ་ཆེར་༢༠༠༡ ནས་བཟུང་འོས་བསྡུ་བྱས་ནས་བཀའ་བློན་ཁྲི་པ་བསྐོ་བའི་གཏན་འབེབས་བྱས་པ་རེད། དེ་ནས་མང་གཙོའི་འོས་བསྡུའི་ཐོག་ནས་བཀའ་བློན་ཁྲི་པ་འོས་བསྡུ་བྱུང་ནས་ལས་ཐོག་གཉིས་པའི་སྒང་ལ་སླེབས་བསྡད་ཡོད་རེད། དེ་གྲུབ་འབྲས་ཆེན་པོ་ཡིན་བསམ་དྲན་གྱི་འདུག བཙན་བྱོལ་དང་ཕྱོགས་གཅིག་ནས་བོད་ཀྱི་ལོ་རྒྱུས་ཐོག་ལ་བོད་ཀྱི་ཆབ་སྲིད་ཀྱི་འགོ་ཁྲིད་མང་གཙོའི་འོས་བསྡུའི་ཐོག་ནས་ཡར་སླེབས་པ་ཐེངས་མ་དང་པོ་ཆགས་ཀྱི་ཡོད་རེད།

Read more
Page 671 of 732« First...669670671672673...Last »