བདེན་པའི་མེ་ལྕེ་སྐོར་བསྐྱོད་དྷ་སར་འབྱོར་བ།

ལ་དྭགས་ཀྱི་རྒྱལ་ས་སླེ་ནས་འགོ་འཛུགས་བྱས་པའི་བདེན་པའི་མེ་ལྕེ་གྲོང་དང་གྲོང་རྡལ་ཁག་ཏུ་ཁྲོམ་སྐོར་དང་། ས་ཡིག་བསྡུ་རུབ་བྱས་ཏེ། ཟླ་འདིའི་ཚེས་༢༤ ཉིན་དྷ་སར་འབྱོར་ཡོད་པ་རེད།

ཨ་རིའི་བར་སྣང་དུ་སྐྱོད་མཁན་གྱི་བུད་མེད་ཐོག་མ་འདས་གྲོངས།

སཱལ་ལི་རཡེ་ཊི་ཞེས་པའི་བར་སྣང་དུ་སྐྱོད་མཁན་གྱི་ཨ་རིའི་བུད་མེད་ཐོག་མ་དེ་འདི་ཟླའི་ཚེས་༢༣ ཉིན་ཨ་རིའི་མངའ་སྡེ་ཁེ་ལི་ཧྥོ་ནི་ཡར་འདས་གྲོངས་སུ་ཕྱིན་ཡོད་པ་རེད། སཱལ་ལི་གཤེར་རྨེན་སྐྲན་ནད་ན་ནས་ཟླ་བ་༡༧ རིང་བཅོས་ཐབས་བྱས་ཀྱང་། གྲུབ་འབྲས་མ་ཐོན་པར་རང་ལོ་༦༡ ཐོག་ལྔ་ལམ་དུ་ཕྱིན་ཡོད་པ་རེད།

ནང་ཆོས་ངོ་སྤྲོད་དང་བདེ་ཆེན་ཞིང་སྒྲུབ།

ཟླ་འདིའི་ ༡༩ ནས་ ༢༣ བར་ཉིན་གསུམ་རིང་རྒྱ་གར་ལྷོ་ཕྱོགས་ཀོ་ལི་གྷལ་དོན་ལྡན་གླིང་གི་གཞིས་གྲོང་གཉིས་པའི་གོ་སྒྲིག་འོག  མཁན་པོ་ཀར་བསྟན་ལགས་ཆེད་དུ་ཕེབས་ནས་ནང་ཆོས་ངོ་སྤྲོད་དང་བདེ་ཆེན་ཞིང་སྒྲུབ་ཆེན་མོ་བཅས་རིམ་པའི་ས་གནས་དེ་གའི་འདུ་ཁང་གསར་བའི་ནང་འཚོགས་ཡོད་པ་དང་།

ནིའུ་ཡོག་ཏུ་དགོང་དྲོའི་གསོལ་སྟོན་ལ་བཀའ་ཁྲི་གདན་ཞུ།

ཐེངས་འདིར་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་མཛད་འཆར་ཁག་ལེགས་པར་གྲུབ་སྟེ།  ཕྱི་ཚེས་༢༠ ཉིན་ནིའུ་ཡོག་ཏུ་ཕེབས་ཏེ།  ཨ་རི་སྐུ་ཚབ་དོན་གཅོད་ཁང་དང༌། 

རྒྱ་གར་གྱི་སྐབས་༡༣ པའི་སྲིད་འཛིན་འོས་འདེམས།

རྒྱ་གར་གྱི་སྐབས་༡༣ པའི་སྲིད་འཛིན་གྱི་འོས་བསྡུ་ལེགས་གྲུབ་བྱུང་ཡོད་པ་དང།  ཐེངས་འདིའི་སྲིེད་འཛིན་གྱི་འོས་མི་གཉིས་ནས་ཀོང་རེ་སིས་ཆབ་སྲིད་ཚོགས་པའི་དབུ་ཁྲིད་པའི་མདུན་སྐྱོད་མཉམ་སྒྲིལ་ཚོགས་(UPA) པའི་འོས་མི་བགྲེས་སོང་སྐུ་ཞབས་པྭར་ནབ་མུ་ཁར་ཇི་ཁོང་ལ་འོས་བསྡུའི་རྒྱལ་ཁ་ཐོབ་འདུག

བོད་གཞུང་ལ་ཞབས་ཕྱི་ཞུ་འདོད་ཡོད་ཅེས་བརྗོད་སོང་།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད་པའི་སྤུས་ཚད་ཡར་རྒྱས་གཏོང་སླད། བཞུགས་སྒར་དྷ་སའི་ཉེ་འདབས་སུ་ཡོད་པའི་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ། ཟླ་འདིའི་ཚེས་༩ ཉིན་ནས་ཟླ་བ་༥ རིང་ལས་བྱེད་ཟབ་སྦྱོང་ཞིག་སྤྲོད་བཞིན་ཡོད་པ་རེད།

གངས་ལྗོངས་མཁས་པའི་ལྷན་ཚོགས།

ཟླ་འདིའི་ཚེས་ ༢༡ ཉིན་རྒྱ་གར་ལྷོ་ཕྱོགས་སེར་བྱེས་ལྡན་མ་ཁམས་ཚན་གྱི་གྲྭ་ངག་དབང་སྟོབས་ལྡན་གྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། གངས་ལྗོངས་མཁས་པའི་ལྷན་ལྷན་ཚོགས་ཐེངས་དགུ་པ་དེ་མདོ་ཁམས་སྐྱེ་རྒུ་མདོ། ཁྲི་འདུ་རྫོང་། ལབ་དགའ་ལྡན་མདོ་སྔགས་བཤད་སྒྲུབ་འཕེོལ་རྒྱས་གླིང་དུ་དབུ་འཛུགས་གནང་ཡོད་པ་དང་།

སི་རི་ཡའི་དཀའ་ངལ་སེལ་ཆེད་མཉམ་འབྲེལ་བྱེད་རོགས།

ཟླ་འདིའི་ཚེས་༢༡ ཉིན་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེས། སྟོབས་ཆེན་རྒྱལ་ཁབ་ཁག་གཙོས་པའི་རྒྱལ་སྤྱི་ཚོགས་སྡེ་དང་། མི་མང་རྣམས་ལ་སི་རི་ཡར་འགྲོ་བ་མིའི་ཐོབ་ཐང་གཏོར་བཤིག་ཚད་མེད་གཏོང་བཞིན་པར་ངོ་རྒོལ་ཆེད་ཆིག་སྒྲིལ་གྱིས་རྒྱབ་སྐྱོར་བྱེད་རོགས་ཞེས་འབོད་སྐུལ་གནང་ཡོད་པ་རེད།

བདེན་པའི་མེ་ལྕེའི་ལས་འགུལ་ཌ་ཧོར་དུ་འབྱོར་འདུག

ཟླ་འདིའི་ཚེས་ ༡༩ ཉིན་ཀ་ཤི་མིར་མངའ་སྡེའི་ནང་བདེན་པའི་མེ་ལྕེ་བསྐོར་བསྐྱོད་ཀྱི་ལས་འགུལ་གྲུབ་སྟེ། Pathankot  དུ་འབྱོར་སྐབས། དེར་ཌལ་ཧོར་གཞོན་སྐྱེས་མི་གྲངས་ ༢༢ ནས་རྩིས་ལེན་གྱིས་ཟླ་ཚེས་༢༠ སྔ་དྲོའི་ཚོུད་ ༡༡ ཐོག་ཌལ་ཧོར་དུ་ཁྲོམ་སྐོར་ལས་འགུལ་འགོ་འཛུགས་བྱས་ཡོད་པ་རེད།

བོད་ཀྱི་བདེན་པའི་མེ་ལྕེ་སྦེལ་ཀོབ་ཏུ་འབྱོར་བྱུང་།

ཟླ་འདིའི་ཚེས་ ༢༠ ཉིན་རྒྱ་གར་ལྷོ་ཕྱོགས་ཀྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་དེ་བཞིན་མཻ་སོར་ཁུལ་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་འབྱོར། དེར་ས་གནས་མི་མང་ལས་འགུལ་ནང་མཉམ་ཞུགས་བྱས་ཡོད་པ་རེད།