བུད་མེད་ཀྱི་ནུས་ཤུགས་སྤེལ་ཐབས་སུ་ཟབ་སྦྱོང༌།

ཟླ་འདིའི་ཚེས་༢ ནས་ཚེས་༧ བར་བོད་གཞུང་དཔལ་འབྱོར་ལས་ཁུངས་སྤྱི་ཚོགས་ཡར་རྒྱས་ལྟེ་གནས་ཁང་གི་གོ་སྒྲིག་འོག བྷེལ་ཀོབ་ས་གནས་བོད་ཀྱི་བུད་མེད་ཁྲོད་དུ་བུད་མེད་ཀྱི་ནུས་ཤུགས་སྤེལ་བའི་སྲིད་བྱུས་ལྟར་ས་གནས་འཛིན་སྐྱོང་ཁག་གི་ནང་བུད་མེད་ཀྱི་ལས་ཞུགས་ཡར་རྒྱས་འགྲོ་བར་ཟབ་སྦྱོང་ཞིག་སྤེལ་ཡོད་པ་རེད།
     ཟབ་སྦྱོང་སྣེ་ཁྲིད་པ་བསྟན་འཛིན་ཚེ་དབྱངས་ལགས་ཀྱིས་ང་ཚོས་ཟབ་སྦྱོང་འདི་གཙོ་བོ་བུད་མེད་ཀྱི་བསམ་བློའི་ནུས་ཤུགས་སྤེལ་བ་དང༌། གོ་རྟོགས་སྤེལ་བ། ས་གནས་འཛིན་སྐྱོང་ནང་བུད་མེད་སླེབས་ཐུབ་ཐབས་ལ་དམིགས་ཡོད། སྐྱེས་པ་དང་བུད་མེད་མཉམ་འབྲེལ་ཐོག་འཛིན་སྐྱོང་གང་ལ་ཡང་ལས་ཀ་བྱེད་ཐུབ་པ་ཟབ་སྦྱོང་གི་དམིགས་ཡུལ་རེད་ཅེས་དང༌། དེ་སྔོན་ས་གནས་འགོ་འཛིན་སོགས་ཀྱི་འཛིན་སྐྱོང་ནང་བུད་མེད་སླེབས་མ་ཐུབ་པ་ནི། གཅིག་ཆུང་དུས་འཚར་ལོངས་བྱུང་སྟངས་ཀྱི་ཁྱད་པར། གཉིས་སྤྱི་ཚོགས་དང་ཡུལ་སྲོལ་གོམས་གཤིས་ནང་བུད་མེད་ཚོ་གཉོམ་ཆུང་དགོས་པའི་ལྟ་སྟངས་ཤིག་ཡོད་པ། གསུམ་སློབ་གྲྭ་ལ་སོང་ཡང་བུ་མོ་ཚོ་འཛིན་གྲ་༡༡ དང་༡༢ བར་ཡོང་ཐུབ་ཀྱི་ཡོད་ཀྱང་དེ་ནས་ཉུང་དུ་འགྲོ་ཡི་ཡོད་པ། དེ་འདྲ་ལ་བརྟེན་ནས་རེད་བསམ་པ་འདུག

Read more

མཆོད་མེ་དྲ་རྒྱ་གཙོ་གཉེར་བྱེད་མཁན་འཛིན་བཟུང༌།

སྒྲོལ་དཀར་སྐྱབས་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཕྱི་ལོ་༢༠༠༩ ཟླ་༢ ཚེས་༢༦ ཉིན་རྨ་ཆུ་རྫོང་དངུལ་རྭ་ཞང་ཁུལ་སྐོར་སྡེ་བའི་གོ་བྷེ་ཚང་གི་ཚེ་འཕེལ་༼དཀོན་མཆོག་ཚེ་འཕེལ་༽ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྒྱལ་ཁབ་བདེ་འཇགས་མི་སྣ་ཟེར་བས་ཆབ་སྲིད་ཀྱི་དོགས་གཞིའི་འོག་གློ་བུར་འཛིན་བཟུང་གིས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་བཀག་ཉར་བྱས་ཡོད་པ་དང༌། ཁོ་པ་འཛིན་བཟུང་སྐབས་རང་ཁྱིམ་སྔོག་བཤེར་གྱིས་གློག་ཀླད་དང་དོགས་ཡོད་ཅ་དངོས་རིགས་ཕྲོགས་ཡོད་འདུག སྐུ་ཞབས་ཚེ་འཕེལ་ལགས་ཀྱིས་ཕྱི་ལོ་༢༠༠༥ ན་གཞོན་སྙན་ངག་པ་སྐྱབས་ཆེན་བདེ་གྲོལ་མཉམ་འགྲོ་གྲོན་སྒེར་གཏོང་གིས་མཆོད་མེ་བོད་ཀྱི་རྩོམ་རིགས་དྲ་བ་གསར་འཛུགས་བྱས་ཡོད་པ་དང༌། རྒྱ་གཞུང་གིས་ཕྱི་ལོ་༢༠༠༧།༢༠༠༨ གཉིས་ནང་ཐེངས་ཁ་ཤས་ལ་དྲ་རྒྱ་བཀག་བསྡོམས་བྱས་ཀྱང་དཀའ་ངལ་ལ་གདོང་ལེན་གྱིས་མུ་མཐུད་མཆོད་མེ་བོད་ཀྱི་རྩོམ་རིགས་དྲ་བའི་ལས་དོན་རྒྱུན་འཁྱོངས་བྱས་ཡོད་པ་རེད།།

Read more

3.10 དུས་དྲན་ཐེངས་༥༠ པའི་དུས་དྲན་སྲུང་བརྩི།

དེ་རིང་གསུམ་བཅུའི་དུས་དྲན་ཐེངས་༥༠ པའི་དུས་དྲན་སྲུང་བརྩིའི་ཐོག་ྋགོང་ས་མཆོག་གིས་ཁོང་གི་ཡོངས་ཁྱབ་གསུང་འཕྲིན་སྒྲོགས་སྦྱང་མ་གནང་བའི་སྔོན་དུ་བཀའ་སློབ་གནང་དོན། དེ་རིང་འདིར་གསར་འགོད་བརྒྱུད་ལམ་ཁག་ནས་གསར་འགོད་པ་མང་པོ་ཞིག་སླེབས་འདུག དེས་ག་རེ་རྟགས་སྟོན་གྱི་ཡོད་པ་རེད་ཟེར་ན། བོད་པའི་དཀའ་རྙོག་དེ་བདེན་པའི་གནས་ཚུལ་ཞིག་ཡིན་པས། མིའི་གཤིས་ཀ་བདེན་པ་ལ་དགའ་བོ་བྱེད་པ་དང༌། སྟོབས་ཤུགས་ཆེ་བ་ཡིས་སྟོབས་ཤུགས་ཆུང་བ་ལ་དབང་ཡོད་བཤད་པ་དེ་མ་དྲང་པ་ལ་ལྟ་སྡོད་པ་དེ་རང་བཞིན་གྱིས་མིའི་ལྷན་སྐྱེས་རེད་འདུགདེ་འདྲ་ཡིན་པས་འཛམ་གླིང་ཐོག་བོད་པའི་གནས་ཚུལ་ལ་དོ་སྣང་ཤུགས་ཆེ་རུ་འགྲོ་ཡི་ཡོད་པའི་རྟགས་གསལ་བོ་རེད་འདུག་ཅེས་སོགས་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་བསྔགས་བརྗོད་གནང་བ་དང༌།

Read more

3.10 དུས་དྲན་ཐེངས་༥༠ པའི་ཐོག་ྋགོང་ས་མཆོག་གི་གསུང་འཕྲིན།

༄༅། །དེ་རིང་གི་ཉིན་མོ་འདི་ནི་ཕྱི་ལོ་༡༩༥༩ ལོར་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་དམར་གྱི་བཙན་གནོན་ལ་མ་བཟོད་པར་བོད་མིས་ཞི་བའི་ངོ་རྒོལ་བྱས་ནས་ལོ་ལྔ་བཅུ་ཧྲིལ་པོ་འཁོར་བའི་དུས་ཚིགས་ཡིན་པ་དང༌། སྔ་ལོའི་གསུམ་བཅུའི་རྗེས་ཆོལ་གསུམ་བོད་ཀྱི་ས་ཁུལ་ཡོངས་ཁྱབ་ཏུ་བྱུང་བའི་ཞི་རྒོལ་བྱེད་མཁན་ཕལ་མོ་ཆེ་ཕྱི་ལོ་ ༡༩༥༩ རྗེས་སུ་སྐྱེས་འཚར་བྱུང་བའི་ན་གཞོན། རང་དབང་བོད་ཀྱི་གནས་བབ་མྱོང་ཚོར་མེད་མཁན་ཡིན་ནའང༌། བོད་ཀྱི་རྩ་དོན་ཐོག་ལྷག་བསམ་འགྱུར་མེད་མི་རབས་ནས་མི་རབས་རྒྱུན་གནས་ཡོད་པ་ནི་སྤོབས་པ་སྐྱེ་གཞི་དང༌། རྒྱལ་སྤྱིའི་ནང་བོད་དོན་ལ་དོ་སྣང་ཡོད་མཁན་ཚོར་སྙིང་སྟོབས་འཕེལ་རྐྱེན་ཞིག་ཏུ་གྱུར་ཡོད། སྐབས་དེར་རྐྱེན་ལམ་དུ་སོང་བ་དང༌། སྡུག་སྦྱོང་མནར་གཅོད་མྱོང་མཁན་རྣམས་ཀྱིས་མཚོན་ད་བར་བསྟན་སྲིད་ཀྱི་དོན་དུ་ལུས་སྲོག་ཤོར་མཁན་དང༌། སྡུག་སྦྱོང་མྱོང་མཁན་ཚང་མར་རྗེས་དྲན་དང་མཆོག་གསུམ་གསོལ་འདེབས་བྱེད་དགོས།

Read more

གསུམ་བཅུའི་དུས་དྲན་ཐེངས་༥༠ པའི་ཐོག་བཀའ་ཤག་གི་གསུང་བཤད།

༄༅།  །དེ་རིང་  ༢༠༠༩  ཕྱི་ཟླ་  ༣  ཚེས་  ༡༠  བོད་མི་རྣམས་ཀྱིས་འཚེ་མེད་ཞི་བའི་ལམ་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཙན་གནོན་དབང་བསྒྱུར་ལ་ངོ་རྒོལ་བྱས་ཏེ་ལོ་ལྔ་བཅུ་ཧྲིལ་པོ་འཁོར་བའི་གལ་ཆེའི་དུས་ཚིགས་འདིའི་ཐོག  བཙན་བྱོལ་བོད་གཞུང་བཀའ་ཤག་གིས་བོད་མི་རིགས་དང་བསྟན་སྲིད་ཀྱི་དོན་དུ་ལུས་སྲོག་དོར་བའི་དཔའ་བོ་དཔའ་མོ་སྤྱི་དང༌།  ཁྱད་པར་སྔ་ལོ་གསུམ་དུས་ནས་བཟུང་ད་བར་ཆོལ་གསུམ་ཡོངས་སུ་ཞི་རྒོལ་གྱི་ནང་ལུས་སྲོག་ཤོར་བ་རྣམས་ལ་རྗེས་དྲན་དང༌།  ད་ལྟ་བཙན་འོག་ཏུ་མནར་གཅོད་མྱོང་བཞིན་པ་རྣམས་ལ་གདུང་སེམས་མཉམ་སྐྱེད།  གཞིས་བྱེས་བོད་མི་ཡོངས་ལ་སེམས་ཚོར་དྲག་པོས་འཚམས་འདྲི་བཅས་ཞུ་རྒྱུ་ཡིན།

Read more

ཁམས་དཀར་མཛེས་ཁུལ་དུ་རྒྱ་རྒོལ་དང་འཛིན་བཟུང༌།

འདི་ག་གསར་ཁང་དུ་ཏྲེ་ཆོས་ལགས་ཀྱིས་ཞལ་པར་བརྒྱུད་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཕྱི་ལོ་༢༠༠༩ ཟླ་༣ ཚེས་༥ ཉིན་ཁམས་དཀར་མཛེས་ཁུལ་དུ་བུ་མོ་ཞིག་དང་ཨ་ནེ་ཞིག་གིས་རྒྱ་གཞུང་གི་སྲིད་བྱུས་ལ་ངོ་རྒོལ་སྐད་འབོད་བྱས་ཡོད་པ་དང༌། དཀར་མཛེས་རྫོང་གི་བུ་མོ་རང་ལོ་༣༦ ཅན་བྱམས་པ་ལྷ་མོ་དང༌། གྲོང་སྡེ་གཞི་ལི་མདའ་ནས་ཡིན་པ་རང་ལོ་༢༢ ཅན་བཙུན་མ་པད་མ་དབྱངས་མཛོམས་གཉིས་ཀྱིས་དཀར་མཛེས་ཀྱི་རྫོང་གི་ལྟེ་གནས་སུ་ྋརྒྱལ་བ་རིན་པོ་ཆེ་བོད་དུ་ཕེབས་དགོས་ཡོད། བོད་ལ་འགྲོ་བ་མིའི་ཐོབ་ཐང་མི་འདུག པཎ་ཆེན་ཆུང་སྲིད་རིན་པོ་ཆེ་གློད་གྲོལ་གཏོང་དགོས། དེ་བཞིན་བོད་ཀྱི་ཉེས་མེད་བཙོན་པ་ཚང་མ་གློད་གྲོལ་གཏོང་དགོས། བོད་ལ་ཞི་བདེ་ལྷིང་འཇགས་མི་འདུག་ཅེས་པ་སོགས་བརྗོད་ནས་སྐར་མ་ཁ་ཤས་རྗེས་སུ་ཉེན་རྟོག་པ་ཡོང་ནས་འཛིན་བཟུང་བྱས་འདུག ད་ལྟ་དཀར་མཛེས་མི་མང་སྨན་ཁང་གི་མདུན་དུ་ཡོད་པའི་བཙོན་ཁང་གསར་པ་དེའི་ནང་བཅུག་ཡོད་འདུག ཡ་མཚན་པ་ཞིག་ལ་ད་ཐེངས་འཛིན་བཟུང་བྱས་པ་ཙམ་ལས་ཉེས་རྡུང་གང་ཡང་བཏང་མི་འདུག་ཟེར།

Read more

ཏཱ་ལའི་བླ་མའི་ལས་འགུལ་སྤེལ་བཅུག་མི་ཆོག

ཟླ་འདིའི་ཚེས་༧ ཉིན་པེ་ཅིང་དུ་རྒྱ་ནག་ཕྱི་སྲིད་བློན་ཆེན་ཡཱང་ཇིས་ཁྲི་ཟེར་བས་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་སྐབས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང༌། རྒྱ་ནག་དང་མཐུན་འབྲེལ་ཡག་པོ་ཡོད་པ་དང་མཐུན་འབྲེལ་བཟང་དུ་འགྲོ་བཞིན་པའི་རྒྱལ་ཁབ་ཚང་མས་ྋཏཱ་ལའི་བླ་མ་རྒྱལ་ཁབ་ཁག་ཏུ་གདན་འདྲེན་ཞུ་མི་ཆོག་ལ། རྒྱ་ནག་དང་ཁ་བྲལ་བོད་རང་བཙན་གྱི་ལས་འགུལ་ཡང་སྤེལ་བཅུག་མི་ཆོག་ཅེས་བརྗོད་འདུག
    ད་དུང་ཁོས་ཏཱ་ལའི་བླ་མའི་ཕྱོགས་ནས་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཟེར་བ་དེ། རྒྱ་ནག་ས་ཁུལ་གྱི་སུམ་ཆ་གཅིག་ཟིན་གྱི་ཡོད་པ་དང༌། ཁོང་ཚོའི་དམིགས་ཡུལ་གཙོ་བོ་རྒྱ་ནག་གི་དམག་དཔུང་རྣམས་མཐར་བསྐྲོད་གཏོང་ཐབས་ཡིན་རུང་བོད་ཀྱི་ས་ཆར་ཡུན་རིང་གནས་སྡོད་བྱས་པའི་བོད་མི་མ་ཡིན་པ་ཚོས་ཐབས་རྩོད་འདི་ལ་ནམ་ཡང་ངོས་ལེན་བྱེད་ཐབས་མེད་ཅེས་དང༌།

Read more

མི་མང་གི་མཛད་སྒོ་རེད་དམ་རྟེན་འབྲེལ་རེད།

ཟླ་འདིའི་ཚེས་༥ ཉིན་རྒྱ་ནག་པེ་ཅིང་དུ་ཡོད་པའི་སྦི་སྦི་སི་གསར་འགོད་པས་གནས་ཚུལ་སྤེལ་གསལ་ལྟར་ན། པེ་ཅིང་དུ་འཚོག་བཞིན་པའི་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་ནི། རྒྱལ་ཁབ་ཤིག་གི་གནད་དོན་ཐག་གཅོད་ཀྱི་རང་བཞིན་མིན་པར་མི་མང་གི་མཛད་སྒོ་སམ་རྟེན་འབྲེལ་གྱི་རྣམ་པ་ཙམ་རེད་འདུག་ཅེས། གསར་ལམ་ཁག་ལ་གནས་ཚུལ་ཁྱབ་སྤེལ་བཏང་ཡོད་པ་རེད།
    དེ་ཡང་ཁོང་གིས། ཉིན་གྲངས་༨ ལྷག་ཙམ་གྱི་རིང་ལ་འཚོག་དགོས་པའི་རྒྱ་ནག་མི་མང་འཐུས་མིའི་ཚོགས་ཆེན་དུ་གྲང་ཉུང་མི་རིགས་དང་ཧན་མི་རིགས་ཀྱི་འཐུས་མི་སྟོང་ཕྲག་༣ འཛོམས་ཡོད་རུང༌། རྒྱ་ནག་དམར་ཕྱོགས་ཚོགས་པའི་ཆབ་སྲིད་ཀྱི་སྒྲོམ་གཞི་ལ་རྩོད་གླེང་དང་བགྲོ་གླེང༌། བསྒྱུར་བཅོས་སོགས་ཀྱི་བསམ་འཆར་འདོན་ས་རྩ་བ་ནས་མི་འདུག་ཅེས་དང༌།

Read more

ྋགོང་ས་མཆོག་ལ་བོད་གཞུང་མང་གཉིས་ཀྱི་བརྟན་བཞུགས།

བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ྋགོང་ས་མཆོག་ལ་བོད་ལྗོངས་ལྷ་མི་ཡོངས་ཀྱིས་བརྟན་བཞུགས་ཕུལ་ཡོད་པ་དང༌། ྋགོང་ས་མཆོག་གིས་སྐབས་དེར་སེར་སྐྱ་ལྷ་མི་ཚང་མས་དད་པ་དང་འདུན་པ། དམ་ཚིག་ལྷག་བསམ་གཅིག་ཏུ་བསྒྲིལ་ནས་ཡོང་གི་ཡོད་པས། ངའི་ངོས་ནས་ཀྱང་དེ་བཞིན་ལྷག་བསམ་བསྐྱེད་ནས་འདུན་པ་རིང་པོ་ད་དུང་ཡིན་ནའང་སྨོན་ལམ་རྒྱག་གི་ཡིན། ཁྱེད་རང་ཚོ་ཐུགས་བདེ་བོ་བྱས་ནས་བཞུགས་རོགས་ཞེས་བཀའ་གནང་ཡོད་པ་རེད། དེ་ནི་བོད་མི་བཙན་བྱོལ་དུ་འབྱོར་ནས་ལོ་ལྔ་བཅུ་འཁོར་བའི་དུས་དྲན་གྱི་སྲུང་བརྩི་ཞུ་རྒྱུའི་ལས་རིམ་ཐོག་མ་དེ་ཡིན་པ་རེད།

Read more

ཆོས་ཚོགས་ཐོག་ྋགོང་ས་མཆོག་ཆིབས་བསྒྱུར།

ཟླ་འདིའི་ཚེས་༦ ནས་༨ དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་འཚོགས་པའི་བཙན་བྱོལ་བོད་གཞུང་གི་ཆོས་ཚོགས་ཐེངས་བཅུའི་ཐོག་ཚེས་༨ སྔ་དྲོ་ྋགོང་ས་མཆོག་ཚོགས་མགོན་དུ་ཆིབས་བསྒྱུར་གནང་བ་དང༌། ྋམགོན་པོ་གང་ཉིད་ཀྱིས་ད་ལྟ་ཆོས་བརྒྱུད་ཁག་སྔར་དང་མི་འདྲ་བའི་དམ་ཚིག་འོ་ཆུ་གཅིག་འདྲེས་ཡོད་པས། དེ་ལ་རྗེས་སུ་ཡི་རངས་ཡོད་པའི་སྐོར་དང༌། གོང་བུ་གཅིག་གྱུར་དེ་གལ་ཆེན་པོ་ཡིན་པ། དེང་སྐབས་ས་ཆ་གང་སར་བོད་པའི་བླ་མས་ཞབས་འདྲེན་བྱེད་ཀྱི་འདུག་ཟེར་མཁན་ཡོད་པས། མང་ཚོགས་ནང་ཆོས་ཀྱི་གོ་རྟོགས་གོང་མཐོར་གཏོང་དགོས་ཀྱི་འདུག མང་ཚོགས་ཀྱིས་བརྟག་དཔྱད་བྱེད་རྒྱུ་གལ་ཆེན་པོ་ཡིན་པ་དང༌། ཞབས་འདྲེན་ཞུ་མཁན་ཐེར་འདོན་བྱེད་རྒྱུ་གལ་ཆེན་པོ་རེད། ཚང་མས་འགན་ཁུར་དགོས་སྐོར་གྱི་བླང་དོར་བཀའ་སློབ་ཟབ་རྒྱས་གནང་ཡོད་པ་རེད།

Read more
Page 708 of 742« First...706707708709710...Last »