རྒྱ་གར་རྒྱལ་ཡོངས་ཀྱི་འཛིན་རིམ་བཅུ་པའི་ཡིག་རྒྱུགས།

བོད་གཞུང་གི་དྲ་གནས་ཐོག་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གར་རྒྱལ་ཡོངས་ཀྱི་འཛིན་རིམ་བཅུ་པའི་ཡིག་རྒྱུགས་ཆེན་མོ་ ༢༠༠༩ ཕྱི་ཟླ་ ༣ ནང་བཏང་སྟེ་ཕྱི་ཟླ་ ༥ ཚེས་ ༢༦ དང་ཚེས་ ༢༩ སོ་སོར་ཡིག་རྒྱུགས་ཀྱི་གྲུབ་འབྲས་གསལ་བསྒྲགས་གནང་ཡོད་པ་དང། ༢༠༠༩ ལོའི་རྒྱ་གར་རྒྱལ་ཡོངས་ཀྱི་འཛིན་རིམ་བཅུ་པའི་ཡིག་རྒྱུགས་ཆེན་མོའི་ནང་བོད་པའི་སློབ་གྲྭ་ཁག ༢༧ གྱི་འཛིན་རིམ་བཅུ་པའི་སློབ་མ་ ༡༦༧༢ འཛུལ་ཞུགས་གནང་ཁོངས་སློབ་ཕྲུག་༡༤༥༣ ཡིག་རྒྱུགས་འཕྲོད་ཡོད་པ་དང༌། བསྐྱར་དུ་ཡིག་རྒྱུགས་གཏོང་དགོས་པའི་སློབ་མ་གྲངས་ ༢༡༧། ཡིག་རྒྱུགས་མ་འཕྲོད་པའི་སློབ་མ་གྲངས་ ༢ བྱུང་ཡོད་འདུག

Read more

རང་དབང་འཐབ་རྩོད་པ་ཞིག་ཆགས་ཐུབ་རྒྱུར་འབད་བརྩོན་བྱེད་དགོས།

དྷ་ས་རྒྱ་གར་ས་གནས་འཐུས་མིའི་ཚོགས་གཞོན་ཧིན་བོད་མཛའ་འབྲེལ་ཚོགས་པའི་དྲུང་ཆེ་ཟུར་པ་སྐུ་ཞབས་སུ་བྷཤི་ནི་རཱ་ལགས་སུ་འདི་ག་གསར་ཁང་གིས། ཁྱེད་རང་ཧིན་བོད་མཛའ་འབྲེལ་ཚོགས་པའི་དྲུང་ཆེ་གནང་བའི་རིང་དཀའ་ངལ་ཆེ་ཤོས་ག་རེ་འཕྲད་མྱོང་ཡོད་སྐོར་བཅར་འདྲི་བྱས་པར། ཁོང་གིས་གསུང་དོན། དཀའ་ངལ་ཆེན་པོ་གང་ཡང་མ་བྱུང། མཚམས་རེ་བོད་མི་དང་ཡུལ་མིའི་བར་འཁྲུག་རྩོད་འདྲ་བྱུང་ཡོད་པ་རེད་མོད། དེ་ནི་ནང་མི་གཅིག་ཡིན་ཡང་མཚམས་རེར་འཁྲུག་རྩོད་ཡོང་སྲིད་པ་ཞིག་རེད། ང་ཚོས་ཧིན་བོད་མཛའ་ཚོགས་བཙུགས་པའི་དམིགས་ཡུལ་ཡང་དཀའ་ངལ་དེ་དག་ལ་གདོང་ལེན་བྱེད་ཆེད་རེད། ཕྱོགས་གཉིས་ཀའི་བར་གྱི་སྐད་ཆ་ལ་དཔྱད་ཞིབ་བྱས་ནས་ཕན་ཚུན་དཀའ་ངལ་སེལ་རྒྱུ་དེ་གལ་ཆེ་ཤོས་རེད་ཅེས་གསུངས་སོང།

Read more

རྒྱལ་དར་ཕབ་པའི་ངོ་རྒོལ་ལས་འགུལ།

འབྲེལ་ཡོད་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཨ་མདོ་རྩེ་ཁོག་རྫོང་སྟོབ་ཤང་ཁེ་རིས་ཆུ་ལྔའི་སློབ་གྲྭ་དང་སྡེ་བའི་གཞུང་ལས་ཁང་གཉིས་ཀྱི་མདུན་ཐང་དུ་ཤང་སྲིད་གཞུང་གིས་རྒྱ་མའི་རྒྱལ་དར་ཞིག་འཕྱར་ཡོད་པ་དང། འདི་ལོའི་ཕྱི་ཟླ་༤ ཚེས་༡ ཉིན་སྡེ་བ་དེའི་ན་གཞོན་ཁག་ཅིག་གིས་གཞུང་ལས་ཁང་གི་མདུན་ཐང་གི་རྒྱལ་དར་དེ་མར་ཕབས་ཏེ་རང་དབང་དགོས་པའི་ངོ་རྒོལ་བྱས་པར་བརྟེན། ཕྱི་ཉིན་ཉེན་རྟོག་པས་མི་༡༤ འཛིན་བཟུང་བྱས་པའི་ནང་ནས་ཚེ་ལ་རྒྱལ་ད་དུང་བཙོན་འཇུག་བྱས་ཡོད་པ་ཙམ་ལས། གནས་སྟངས་ག་འདྲ་ཡིན་མིན་གྱི་གནས་ཚུལ་ཤེས་རྟོགས་བྱུང་མེད་པ་རེད།

Read more

སྔ་ལོའི་ཞི་རྒོལ་དུ་ཞུགས་མྱོང་བའི་མི་བཞི་དྷ་སར་འབྱོར་བ།

ཟླ་འདིའི་ཚེས་༢༨ ཉིན་བོད་གཞུང་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་གསར་དུ་འབྱོར་བའི་ཕ་ཡུལ་ཁམས་དཀར་མཛེས་ཏྲེ་ཧོར་ལྕོག་རི་སྒོ་རོང་གྲོང་སྡེ་ནས་ཡིན་པ་ཚེ་དབང་དོན་གྲུབ། རང་ལོ་༣༩། ཕ་ཡུལ་དཀར་མཛེས་ཏྲེ་ཧོར་ལྕོག་རི་སྔོ་ལ་གྲོང་ནས་ཡིན་པ་བློ་བཟང་ཐུབ་བསྟན། ལོ་༣༡། ཕ་ཡུལ་དཀར་མཛེས་ཏྲེ་ཧོར་སེ་ངོ་ཤང༌། ཀ་རྡོག་གྲོང་ནས་ཡིན་པ་མགོན་པོ། ལོ་༤༡། ཕ་ཡུལ་དཀར་མཛེས་ཏྲེ་ཧོར་རྫོང་ལྷོ་པ་ཤང༌། ཕུག་ཡུལ་ནས་ཡིན་པ། རྩིས་ཚང་དགོན་གྱི་གྲྭ་ཚེ་རིང་འགྱུར་མེད། ལོ་༢༣ ཡིན་པ་བཅས་ཀྱིས་སྔ་ལོའི་ཕྱི་ཟླ་གསུམ་པའི་ནང་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་བྱེད་སྐབས་ཀྱི་གནས་ཚུལ་ངོ་སྤྲོད་ཀྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དང༌། རྒྱ་གཞུང་ལ་ངོ་རྒོལ་སྐབས་དྲག་གནོན་འོག་ནས་ཁོང་ཚོར་རྨས་སྐྱོན་ཡང་ཚབ་ཆེན་ཕོག་འདུག་ལ། ལོ་གཅིག་ལྷག་རིང་གསང་ཡུབ་བྱས་ཏེ་ད་ལྟ་བཙན་བྱོལ་དུ་འབྱོར་ཐུབ་ཡོད་པ་རེད།

Read more

བཙན་གཡེམ་གྱི་དོན་རྐྱེན་འོག་རྒྱ་དཔོན་ཞིག་བསད་པ།

ཟླ་འདིའི་ཚེས་༢༣ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གི་དཔོན་རིགས་༣ གྱིས་ཟ་ཁང་ནང་ཞབས་ཞུ་བྱེད་མཁན་བུ་མོ་ཞིག་ལ། འཁྲིག་སྤྱོད་ཀྱི་དགོས་འདུན་བཏོན་པར་བུ་མོས་དང་ལེན་མ་བྱས་ནས་བཙན་གཡེམ་བྱེད་སྐབས། བུ་མོ་དེས་གྲི་བཙུགས་ཏེ་དཔོན་པོ་གཅིག་བསད་པ་དང་རོགས་པ་གཉིས་ལ་རྨས་སྐྱོན་བཏང་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།    དེ་ཡང་རྒྱ་ནག་གི་གྲོང་ཁྱེར་ཞིག་ཏུ་ཟ་ཁང་དང་མགྲོན་ཁང་ཆང་ཁང་གཅིག་ལྕོགས་ཡིན་པ་ཁཱ་རོ་ཁའི་ཟེར་བ་ཞིག་ཏུ། བུ་མོ་རང་ལོ་༢༡ སོན་པ་ཏིན་ཡུས་ཇཱའོ་ཡིས་རྒྱ་ནག་དམར་ཕྱོགས་ཀྱི་དཔོན་རིགས་རང་ལོ་༤༣ ལ་སོན་པ་ཀོས་དཱ་ཟེར་བ་དང་ཁོ་ཡི་རོགས་པ་༢ བཅས་ལ་ཞབས་ཞུ་བྱེད་སྐབས། དཔོན་རིགས་ཚོས་བུ་མོར་འཁྲིག་སྤྱོད་ཀྱི་དགོས་འདུན་བཏོན་པར་བུ་མོས་དང་ལེན་མ་བྱས་ནས། ཁོ་ཚོས་མཉམ་དུ་བུ་མོ་འབོལ་གདན་སྟེང་མནན་ནས་བཙན་གཡེམ་བྱེད་སྐབས། བུ་མོ་དེས་སྐྱེས་པ་དེའི་སྐེ་ལ་ལྟེབ་གྲི་བཙུགས་ནས་བསད་ཡོད་པ་དང༌། ཁོའི་རོགས་པ་གཅིག་གི་སྒལ་པར་གྲི་བཙུགས་ནས་སྨན་ཁང་དུ་བསྐྱལ་དགོས་བྱུང་ཡོད་པ་རེད། རྒྱ་ནག་གི་དྲ་རྒྱ་ཁག་དང་ཚགས་པར་སོགས་སུ་བུ་མོ་དེར་བསྟོད་ར་གཏོང་མཁན་དང་དྲང་བདེན་མ་ཡིན་པའི་དཔོན་རིགས་ཀྱི་བྱ་སྤྱོད་ལ་འཁང་ར་བྱེད་མཁན་ཧ་ཅང་མང་པོ་བྱུང་ཡོད་པས། ས་གནས་གཞུང་གིས་མི་མང་ལ་བུ་མོ་དེར་ལུགས་མཐུན་གྱི་ཁྲིམས་གཤེར་བྱེད་རྒྱུ་ཡིན་པའི་ཁས་ལེན་བྱེད་དགོས་བྱུང་ཡོད་པ་རེད།།

Read more

ཕྱིར་རང་ཡུལ་དུ་ལོག་པའི་ལས་འགུལ་ཐེངས་གཉིས་པ་བཀག་འགོག

ཟླ་འདིའི་ཚེས་༢༦ ཉིན་དྷ་ས་ཀིརྟི་གྲྭ་ཚང་དུ་ཕྱིར་རང་ཡུལ་དུ་ལོག་པ་ཞེས་པའི་ལས་འགུལ་ཐེངས་གཉིས་པ་བཀག་འགོག་བྱས་པའི་སྐོར་ལ་གསར་འགོད་གསལ་བསྒྲགས་ཤིག་གནང་ཡོད་པ་དང༌། གསར་འགོད་གསལ་བསྒྲགས་དེ་བྱེད་དགོས་དོན་ནི། ད་ཐེངས་ཀྱི་ལས་འགུལ་ལེགས་འགྲུབ་མ་བྱུང་བས་རྒྱ་ཆེའི་བོད་མི་མང་ལ་དགོངས་དག་ཞུ་བའི་ཆེད་དུ་ཡིན་པ་ལས། ང་ཚོས་འཇོན་ཡོད། ང་ཚོས་བྱས་ཡོད་ཟེར་བའི་ཆེད་དུ་མིན་ཞེས་ཤིང་བཟའ་རིན་པོ་ཆེས་གསུངས་ཡོད་པ་རེད།
    ཕྱིར་རང་ཡུལ་དུ་ལོག་པ་ཞེས་པའི་ལས་འགུལ་ཐེངས་དང་པོ་དེ་ཕྱི་ལོ་༢༠༠༨ ལོར་སྤེལ་བ་དང༌། དེའི་སྐབས་སུ་མི་གྲངས་༥༩ ཡོད་ཅིང༌། རྒྱ་གར་དང་བོད་ཀྱི་ས་མཚམས་ལ་སླེབས་པར་མི་ཊར་༢༧ གྱི་མཚམས་སུ་རྒྱ་གར་གཞུང་གིས་བཀག་འགོག་བྱས་པ་རེད། སྤྱིར་ལས་འགུལ་འདི་འདྲ་ཞིག་སྤེལ་དགོས་དོན་ནི། བོད་ཀྱི་ས་ཆར་བོད་ཀྱི་རྒྱལ་དར་བསྒྲེང་རྒྱུ་དེ་ཡིན་པ་མ་ཟད།

Read more

བོད་ནང་གི་བུད་མེད་ཚོས་རང་ས་སྲུང་སྐྱོབ་ཆེད་རྒྱ་རྒོལ།

 འདི་ལོ་ཕྱི་ཟླ་༥ ནས་རྒྱ་ནག་གཞུང་གིས་ཁམས་རྟའུ་རྫོང་གི་འབྲོག་པ་ཚོ་གནས་སྤོ་བྱེད་བཅུག་ཏེ། སྡོད་ཁང་གཏོར་བཤིག་བྱེད་འཇུག་གི་ཡོད་པ་དང། མི་མང་གིས་ངོས་ལེན་ཡོད་སྐོར་གྱི་རྡོ་རིང་ཞིག་ཀྱང་བཙུགས་ཡོད་ནའང། མི་མང་གིས་དེ་ལ་ངོ་རྒོལ་བྱས་པར་བརྟེན། རྒྱ་ནག་གི་ཉེན་རྟོག་པས་རྡུང་རྡེག་བཏང་སྟེ་བུད་མེད་མང་པོར་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་འདུག
    རྒྱ་ནག་གཞུང་གིས་མི་མང་གནས་སྤོ་བྱེད་རྒྱུར་མོས་མཐུན་ཡོད་སྐོར་གྱི་མཛད་སྒོ་ཞིག་འཚོགས་ཡོད་པ་དང། དེའི་སྐབས་རྨོ་རྨོ་ལོ་ན་༧༠ ཟིན་པ་ལྷ་མོ་ཡིས་སྣེ་ཁྲིད་དེ་མི་མང་གིས་ངོས་ལེན་ཡོད་སྐོར་གྱི་རྡོ་རིང་ཞིག་ཡོད་པ་དེ་གཏོར་བར་སོང་ཡོད་པར་བརྟེན། གཞུང་གིས་མི་མང་ལ་དྲག་གནོན་བྱས་ཏེ། མི་ཚང་ལྔ་ཙམ་གྱི་སྡོད་ཁང་གཏོར་བཤིག་བཏང་ཡོད་འདུག ཕྱི་ཟླ་༥ པའི་ཚེས་༢༣ ཉིན་མི་མང་སྲིད་གཞུང་གི་སྒོར་བསྐྱོད་དེ།

Read more

དཀར་མཛེས་ཁུལ་གྱི་ཞི་རྒོལ་བ་གཉིས་འཛིན་བཟུང་།

ཟླ་འདིའི་ཚེས་༢༠ ཉིན་ཁུངས་ལྡན་གནས་ཚུལ་འབྱོར་གསར་ལྟར་ན། དཀར་མཛེས་རྫོང་རྫ་ཁོག་ཤང་། ར་བ་གྲོང་། ཕ་ཞོག་དགའ་དང་མ་དབྱངས་དགའ་གཉིས་ཀྱི་བུ་བསྟན་པ། རངལོ་༣༠ ལྷག་ཅན་དང། བྱམས་རྡོ་རང་ལོ་༢༥ ཅན་གཉིས་ཟླ་སྔོན་མའི་ནང་རྫ་ཆུ་ཁ་ས་གནས་ནས་རྒྱ་ནག་གིས་འཛིན་བཟུང་བྱས་འདུག

Read more

གྲྭ་པ་གསུམ་འཛིན་བཟུང།

ཟླ་འདིའི་ཚེས་༡༧ ཡས་མས་ཤིག་ལ་ཨ་མདོ་ར་རྒྱ་དུས་འཁོར་གྲྭ་ཚང་གི་བློ་གྲོས་དང་། ངག་དབང་བཟང་པོ། ཡར་འཕེལ་བཟང་པོ་བཅས་རྒྱ་དམག་གིས་འཛིན་བཟུང་བྱས་ནས་ད་ལྟ་གར་ཡོད་ཆ་མེད་གྱུར་ཡོད་འདུག
སེར་བྱེས་བྱ་བྲལ་ཁམས་ཚན་གྱི་གྲྭ་བློ་དབང་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཟླ་འདིའི་ཚེས་༡༧ ཡས་མས་ཤིག་ལ་ཨ་མདོ་ར་རྒྱ་དུས་འཁོར་གྲྭ་ཚང་གི་གྲྭ་བློ་གྲོས་དང། ངག་དབང་བཟང་པོ། ཡར་འཕེལ་བཟང་པོ་བཅས་རྒྱ་དམག་གིས་འཛིན་བཟུང་བྱས་ནས་ད་ལྟ་གར་ཡོད་ཆ་མེད་གྱུར་ཡོད་འདུག

Read more

ཆིངས་ཡིག་དོན་ཚན་བཅུ་བདུན་བཞག་ནས་ལོ་༥༨ འཁོར་བ།

རྒྱ་ནག་གིས་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་བཙན་དབང་འོག་བཞག་ནས་ལོ་༥༨ འཁོར་བའི་ཉིན་མོ་དེ་ངོ་རྒོལ་གྱི་རྣམ་པ་འདྲ་མིན་བསྟན་ནས། ཟླ་འདིའི་ཚེས་༢༣ ཉིན་ལྷོ་ཕྱོགས་སུ་དུས་དྲན་བྱས་ཡོད་པ་རེད། དེ་ཡང་ལྷོ་ཕྱོགས་ཀོ་ལེ་གྷལ་དོན་ལྡན་གླིང་དང་ཧོང་སར་རབ་རྒྱས་གླིང། བྷེལ་ཀོབ་ས་གནས་བཅས་ཀྱི་ས་གནས་གཞོན་ལྷན་དང། བུད་མེད་དང་མེ་སོར་ས་གནས་གཞོན་ལྷན་དང། གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་བཅས་ཚོགས་པ་ཁག་བརྒྱད་གྱི་གོ་སྒྲིག་འོག་མེ་སོར་གྲོང་ཁྱེར་དུ་རྒྱ་ནག་གིས་༡༩༥༡ ཟླ་༥ པའི་ཚེས་༢༣ ཉིན་བཙན་དབང་འོག་གྲོས་མཐུན་དོན་བཅུ་བདུན་ཟེར་བ་བཞག་ནས་ལོ་འཁོར་༥༨ འཁོར་བའི་དུས་དྲན་ཆེད་ངོ་རྒོལ་སྐད་འབོད་ཤུགས་ཆེན་བྱས་ཡོད་པ་རེད།

Read more
Page 709 of 763« First...707708709710711...Last »