གྲྭ་པ་ལས་འགུལ་བ་བཅུ་ས་མཚམས་སུ་འབྱོར་འདུག

ཟླ་འདིའི་ཚེས་༡༤ ཉིན་ནས་འགོ་འཛུགས་ཀྱིས་གྲྭ་པ་བཅུ་ཙམ་གྱིས་གསང་བའི་ཐོག་ནས་བོད་དུ་བསྐྱོད་ཐབས་བྱས་ཡོད་པ་དང། ད་ལྟ་ས་མཚམས་སུ་གངས་ཆེན་པོ་བབས་ཡོད་པའི་རྐྱེན་གྱིས་དཀའ་ངལ་འཕྲད་ཀྱི་ཡོད་ནའང་མུ་མཐུད་བསྐྱོད་འཆར་ཡོད་འདུག ཁོང་ཚོ་ནི་ལོ་སྔོན་མ་བོད་ལ་ཕྱིར་ལོག་ཅེས་པའི་མིང་ཐོག་ནས་བོད་དོན་ཆེད་ཞི་བའི་གོམ་བགྲོད་བྱེད་མཁན་ཚོའི་གྲས་ཡིན་པ་དང༌། ད་སྐབས་བསྐྱར་དུ་བོད་ལ་བསྐྱོད་པ་ཡིན་འདུག ཤིང་བཟའ་རིན་པོ་ཆེ་མཆོག་གིས་ཁོང་ཚོའི་གནས་སྟངས་སྐོར་བརྒྱུད་ལམ་ཁག་ལ་འགྲེལ་བརྗོད་གནང་དོན་ལྟར་ན། བོད་ནང་གི་དངོས་ཡོད་གནས་སྟངས་ར་སྤྲོད་པའི་ཆེད་དུ་ཡིན་ལ། རྒྱ་གཞུང་གིས་གསོད་གཏུབ་བཙོན་འཇུག་དང༌། མནར་གཅོད་གང་ཞིག་བྱས་ཀྱང་འགྱོད་པ་མེད་པར་རང་སྲོག་བློས་གཏོང་གི་དམ་བཅའ་ཡང་བཞག་ཡོད་འདུག

Read more

ནང་ཆོས་ཀྱིས་སྤྱི་ཚོགས་ཞབས་ཞུ།

ཟླ་འདིའི་ཚེས་ ༡༧ ཉིན་མོན་གྷོ་ས་གནས་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱི་གོ་སྒྲིག་འོག་ནང་ཆོས་ཀྱིས་སྤྱི་ཚོགས་ལ་ཞབས་འདེགས་ག་རེ་སྒྲུབ་ཐུབ་བམ་ཞེས་པའི་བརྗོད་གཞི་ཐོག་བགྲོ་གླེང་ཞིག་མོན་གྷོ་གཞིས་སྤྱིའི་ཚོགས་ཁང་དུ་འཚོགས་ཡོད་པ་རེད།

Read more

རྒྱ་ནག་ནང་གི་མཁས་པ་ཁག་ཅིག་གི་བོད་དོན་སྙན་ཐོ།

ཉེ་ཆར་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་དམངས་ཁྲོད་དུ་མནའ་འབྲེལ་ཁྲིམས་ལུགས་ལྟེ་གནས་ཅེས་པའི་ཚོགས་པ་དེའི་མི་སྣ་ཁག་ཅིག་གིས་བོད་ཀྱི་གནས་སྟངས་དངོས་ཤེས་རྟོགས་ཡོང་ཆེད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང། ཨ་མདོ་བླ་བྲང་དང་དབུས་གཙང་ཁུལ་གྱི་ལྷ་ས་གྲོང་ཁྱེར། སྣེ་གདོང་རྫོང་བཅས་ས་ཁུལ་ཁག་བཞིར་བསྐྱོད་དེ་བོད་མི་མཁས་དབང་དང་སེར་མོ་བ། ཞིང་པ་དང་འབྲོག་པ། སྒྱུ་རྩལ་བ་དང་ཚོང་པ། དེ་མིན་ཡུལ་གཞན་ནས་ཡོང་བའི་མི་མང་ལ་བཅར་འདྲི་བརྒྱུད་སྙན་ཐོ་ཞིག་བཏོན་ཡོད་པ་དང། དེའི་ནང་དུ་༢༠༠༨ ལོའི་བོད་ཀྱི་ངོ་རྒོལ་དེ་ཕྱི་ཕྱོགས་ཀྱི་ཤུགས་རྐྱེན་གཅིག་པུ་མིན་པར། ནང་ཁུལ་དུ་དཔལ་འབྱོར་སོགས་ཀྱི་གནས་སྟངས་ཐོག་ནས་དོན་རྐྱེན་དེ་དག་བྱུང་སྐོར་བརྗོད་འདུག

Read more

པཎ་ཆེན་རིན་པོ་ཆེ་གློད་གྲོལ་ཡོང་ཐབས་སྐོར་གྱི་བགྲོ་གླེང།

ཟླ་འདིའི་ཚེས་༡༧ ཉིན་དྷ་ས་བོད་གཞུང་ཟློས་གར་ཚོགས་ཁང་དུ། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ཇི་ལྟར་བྱས་ཏེ་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་བཀྲོལ་ཡོང་ཐབས་བྱེད་དགོས་སམ་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཞིག་བྱས་ཡོད་པ་དང༌། དེར་གཏམ་བཤད་མཁན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་དང༌། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཨུ་རྒྱན་བསྟན་འཛིན། པཎ་ཆེན་ཨེར་ཏི་ནི་ཞབས་ཞུ་ལས་དོན་ལྟེ་གནས་ཀྱི་རྩོམ་སྒྲིག་པ་བློ་བཟང་བཀྲ་ཤིས། བོད་ཀྱི་དུས་བབ་རྩོམ་སྒྲིག་པ་ལུང་རིགས་རྒྱལ། བོད་ཀྱི་བང་ཆེན་གྱི་རྒྱ་ཡིག་གསར་འགོད་པ་གངས་ལྷ་མོ་བཅས་ཡིན་པ་རེད།

Read more

པཎ་ཆེན་རིན་པོ་ཆེ་གློད་གྲོལ་ཆེད་ཟས་བཅད་ངོ་རྒོལ།

ཟླ་འདིའི་ཚེས་༡༧ ཉིན་མོན་གྷོ་ས་གནས་གཞོན་ལྷན་དང་ས་གནས་བུད་མེད་ལྷན་ཚོགས་གཉིས་ཀྱི་གོ་སྒྲིག་འོག་ཆུ་ཚོད་༡༢ རིང་ལ་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞིག་མོན་གྷོ་གཞིས་གྲོང་གསུམ་པར་སྤེལ་ཡོད་པ་རེད།
    ཉིན་དེའི་ཞོགས་པའི་ཆུ་ཚོད་༨ ཐོག་ཟས་བཅད་ངོ་རྒོལ་འགོ་བཙུགས་པ་དང། ས་གནས་གཞོན་ལྷན་གྱི་ཚོགས་གཙོ་ཕུན་ཚོགས་ཚེ་རིང་ལགས་ཀྱིས་གསུང་དོན། དེ་རིང་ྋཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་དམར་གཞུང་ནས་ཉེས་པ་གང་ཡང་མེད་པར་བཀག་ཉར་བཙོན་འཇུག་བྱས་ཏེ། ང་ཚོས་འབྲེལ་གཏུགས་མ་ཐུབ་པར་མི་ལོ་༡༤ ཧྲིལ་པོ་འགོར་བའི་དུས་ཚོད་སྐྱོ་པོ་དེ་དྲན་གསོ་ཞུ་ཡི་ཡོད།

Read more

ཡུ་རོབ་མཉམ་འབྲེལ་དང་རྒྱ་ནག་བར་གྱི་ལྷན་ཚོགས་ལ་རེ་བ།

ྋགོང་ས་མཆོག་གི་ཡུ་རོབ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་མཆོག་གིས་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་དང། རྒྱ་ནག་བར་གྱི་ལྷན་ཚོགས་དེའི་སྐབས་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་ངོས་ནས་ད་ཐེངས་བོད་དོན་ཐོག་གླེང་སློང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད།
    གསར་འགྱུར་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། སྐུ་ཚབ་སྐལ་བཟང་རྒྱལ་མཚན་མཆོག་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་ཡུ་རོབ་མཉམ་འབྲེལ་གྱི་དཔོན་རིགས་ཚོས་རྒྱ་ནག་དང་མཉམ་དུ་བོད་ཀྱི་གནད་དོན་ཐོག་གསལ་པོ་བཟོ་དགོས་པའི་དོན་ཚན་ཁག་ཅིག་འཁོད་དོན།  ད་ལྟ་ཡིན་ནའང་བོད་ནང་གི་གནས་སྟངས་ཛ་དྲག་ཡིན་པས། བོད་དེ་གང་མགྱོགས་སྒོ་ཕྱེ་དགོས་པ་དང། གྲོས་ཚོགས་འཐུས་མི་དང་གཞུང་གི་སྐུ་ཚབ། རང་དབང་གི་གསར་འགོད་པ། གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་བོད་ནང་དུ་རྟོག་ཞིབ་ཆེད་བསྐྱོད་རྒྱུའི་གོ་སྐབས་སྤྲོད་དགོས་ཀྱི་འདུག རྒྱ་ནག་གཞུང་གིས་ལུང་པ་འདྲ་མིན་ནང་བོད་ཀྱི་གནད་དོན་གླེང་སློང་མི་བྱེད་པའི་ཐབས་ཤེས་དང། དབུ་ཁྲིད་རྣམ་པ་ྋགོང་ས་མཆོག་དང་མཇལ་འཕྲད་གནང་བ་སོགས་ལ་གནོན་ཤུགས་སྤྲོད་ཀྱི་ཡོད་པ་རེད།

Read more

འཇམ་དབྱངས་ཆོས་གླིང་བཙུན་དགོན་དབུ་འབྱེད།

ཟླ་འདིའི་ཚེས་༡༦ ཉིན་གྷ་གྷལ་ཉེ་འཁྲིས་སུ་ཡོད་པའི་འཇམ་དབྱངས་ཆོས་གླེིང་བཙུན་དགོན་དེ་༸གོང་ས་མཆོག་གིས་དབུ་འབྱེད་གནང་བ་དང། བཀའ་སློབ་ལམ་སྟོན་གནང་ཡོད་པ་རེད།
    ཉིན་དེར་༸གོང་ས་མཆོག་གིས་དགེ་སློང་མའི་སྡོམ་རྒྱུན་སྐོར་ལ་བཀའ་སློབ་གནང་དོན། དགེ་སློང་མ་དགོས་པ་དེ་གལ་ཆེན་པོ་ཞེ་དྲག་རེད། ང་རང་ཚོས་རྣམ་རྒྱུན་ལམ་རིམ་གྱི་འགོ་རང་ལ་ཡུལ་དབུས་སུ་སྐྱེས་པ་ཞེས་ཡུལ་དབུས་དེ་ངོས་འཛིན་པའི་སྐབས་ལ།

Read more

བོད་ལ་བཟུང་བའི་སྲིད་བྱུས་གསལ་ཁ་མི་འདུག

ཟླ་འདིའི་ཚེས་༡༨ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། ཡུ་རོབ་མཉམ་འབྲེལ་དང་རྒྱ་ནག་གཉིས་དབར་ཚོགས་གཏན་ཁེལ་ཡོད་པའི་ལྷན་ཚོགས་དེས། ཡུ་རོབ་མཉམ་འབྲེལ་གྱིས་འགྲོ་བ་མིའི་ཐོབ་ཐང་དང་བོད་ཀྱི་གནས་བབས་ཐོག་འཛིན་པའི་སྲིད་ཇུས་རྣམས། གསལ་ཁ་མེད་པ་དང་མངོན་པར་མི་གསལ་བ་ཞིག་བསྟན་ཡོད་པ་རེད་ཅེས། ཨ་རིར་རྟེན་གཞི་བྱས་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བརྗོད་ཡོད་པ་རེད།
    དེ་ཡང་ལོ་སྔོན་མའི་ཟླ་བ་༡༢ པའི་ནང་རྒྱ་ནག་གཞུང་གིས་ཧྤ་རན་སིའི་སྲིད་འཛིན་ྋགོང་ས་མཆོག་དང་མཇལ་འཕྲད་ཞུས་པ་རྒྱུ་མཚན་དུ་བྱས་ནས། ཡུ་རོབ་མཉམ་འབྲེལ་གྱི་ལྷན་ཚོགས་སུ་འཛུལ་ཞུགས་ཕྱིར་འཐེན་བྱས་ཡོད་ཀྱང༌། ཟླ་འདིར་སླར་ཡང་ཡུ་རོབ་མཉམ་འབྲེལ་དང་རྒྱ་ནག་གཉིས་ཚད་མཐོའི་ལྷན་ཚོགས་སྐོང་ཚོགས་བྱེད་རྒྱུ་ཡིན་པ་དེ། ཡུ་རོབ་མཉམ་འབྲེལ་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་རྩ་དོན་ཐོག་སྲ་བརྟན་འགྱུར་མེད་ངང་གནས་ཐུབ་མེད་པའི་སྐྱོན་བརྗོད་བྱས་ཡོད་པ་རེད།

Read more

བོད་ནང་གི་མཁན་པོ་ཁག་ཅིག་གི་འབོད་སྐུལ།

གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར་གསེར་རྟ་བླ་རུང་ནང་བསྟན་སློབ་གླིང་གི་མཁན་པོ་ཚུལ་ཁྲིམས་བློ་གྲོས་མཆོག་དང༌། ཨ་ཆོས་སྒར་གྱི་མཁན་པོ་སོགས་མཁན་པོ་བཅུ་ཙམ་གྱིས་ཡུལ་མི་རྣམས་ལ་ལས་རྒྱུ་འབྲས་མེད་པའི་ལས་ཀ་བྱ་རྒྱུ་མེད་པའི་འབོད་སྐུལ་དོན་ཚན་བཅུ་གཉིས་ཅན་ཞིག་འགྲེམས་སྤེལ་བྱས་ཡོད་པ་རེད།

Read more

སུད་སི་བོད་རིགས་ཚོགས་པས་འགན་ལེན་མེད།

ཉེ་བའི་ཆར་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ངོས་ནས་ཆབ་སྲིད་བཙོན་ཟུར་ཁག་ཅིག་ཕྱི་རྒྱལ་དུ་རྒྱ་ནག་གིས་བོད་ལ་མནར་གཅོད་གཏོང་སྟངས་སྐོར་འཁྲབ་སྟོན་བྱེད་དུ་བཏང་བའི་ཁྲོད་ནས་མི་དྲུག་ཙམ་ཕྱིར་རྒྱ་གར་དུ་ཡོང་མེད་ནའང་རྗེས་སུ་གཅིག་རྒྱ་གར་དུ་ཡོང་རྒྱུ་གཏན་ཁེལ་ཡོད་འདུག།
    སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་གིས་དམིགས་བསལ་ཚོགས་འདུ་འཚོགས་རྗེས་དེའི་སྐོར་ཁོང་ཚོའི་དྲ་རྒྱའི་ཐོག་གསལ་བསྒྲགས་ཐེངས་གཉིས་བྱས་ཡོད་པ་དང། ཕྱི་ཟླ་༥ པའི་ཚེས་༡༢ ཉིན་གྱི་གསལ་བསྒྲགས་ནང་འཁོད་དོན།

Read more
Page 711 of 763« First...709710711712713...Last »