བཙུན་མ་གཉིས་དང་མི་སྐྱ་གཉིས་ལ་ཁྲིམས་ཆད།

ཉེ་ཆར་དཀར་མཛེས་སྤང་རི་སྣའི་བཙུན་མ་གཉིས་དང་མི་སྐྱ་གཉིས་བཅས་མི་བཞི་ལ་རྒྱ་ནག་གཞུང་གིས་ཁྲིམས་ཆད་བཏང་ཟིན་པ་དང༌། དཀར་མཛེས་དགེ་ཆུང་གྲོང་ནས་ཡིན་པ་ཕ་ཡེ་ཤེས་རྒྱལ་མཚན་དང༌། མ་འབྲུག་སྡུང་གཉིས་ཀྱི་བུ་མོ་རང་ལོ་ ༣༥ ཅན་སྤང་རི་སྣ་བཙུན་དགོན་གྱི་འགན་འཛིན་ཟུར་པ་བསོད་ལྷ་མཚོ་ལ་ལོ་༡༠ ཁྲིམས་ཆད་དང༌། དགེ་ཆུང་གྲོང་ནས་ཡིན་པ་ཕ་ཚེ་འདས་བསྟན་འཛིན་འཕྲིན་ལས་དང༌། ཞེས་མོ་གཉིས་ཀྱི་བུ་མོ་རང་ལོ་ ༣༦ ཅན་བཙུན་མ་བུ་མོ་ལ་ལོ་༢ ཉིས་ཀྱི་ཁྲིམས་ཆད་བཏང་ཡོད་པ་རེད། ཕྱི་ཟླ་ ༥ ཚེས་ ༡༤ ཉིན་སྤང་རི་སྣའི་བཙུན་མ་ཡོངས་ནས་ཞི་རྒོལ་བྱེད་སྐབས་གཙོ་བོ་ཁོང་གཉིས་ཀྱིས་ཞི་རྒོལ་བྱས་རྐྱེན་འཛིན་བཟུང་བྱས་པ་རེད། ད་སྐབས་དར་རྩེ་མདོ་ནས་ལམ་ཐག་ཀི་ལོ་མི་ཊ་ ༡༤༠ ཙམ་གྱི་སར་༼ཧྲི་མོན༽ཟེར་བའི་ས་གནས་ཀྱི་བཙོན་ཁང་ཞིག་བསྐྱལ་ཡོད་འདུག

Read more

ཉིས་སྟོང་དགུའི་ཨེ་ཤ་ཡའི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ལྷན་ཚོགས།

ཟླ་འདིའི་ཕྱི་ཚེས་༡༢ ཉིན་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་ཨེ་ཤ་ཡའི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ལྷན་ཚོགས་ཤིག་འཚོགས་ཡོད་པ་དང༌། སྐབས་དེར་རྒྱལ་ཁབ་༡༠ ཡི་འཐུས་ཚབ་དང་ཚོགས་པ་འདྲ་མིན་༡༣ མཉམ་ཞུགས་གནང་ཡོད་འདུག དེ་ཡང་རྒྱ་ནག་དང༌། ཐེ་ཝན། ཀོ་རི་ཡ། ཝི་ཏི་ནམ། འབར་མ། ནང་སོག ཤར་དུ་རུ་ཁ་སོགས་ཀྱི་འཐུས་མི་ཕེབས་ཡོད་པ་རེད།ཚོགས་འདུ་ཆེན་པོ་དེ་ནི་ཨ་རིའི་རྒྱལ་ཚོགས་ཁང་ཆེན་དུ་ཚོགས་ཡོད་ཅིང༌། ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་བཞི་དང་ལྷན་དུ་ཕྱི་འབྲེལ་ཚོགས་ཆུང་གི་འཐུས་མི་འགའ་ཡང་ཕེབས་ཡོད་པ་མ་ཟད། རྒྱལ་ཁབ་ཚང་མིའི་འཐུས་མི་ཚོས་གཏམ་བཤད་ཀྱང་གནང་ཡོད་པ་རེད།

Read more

ཡིད་སྐྱོ་བ་དང་ངོ་མཚར་བའི་གནས་ཚུལ།

ཨ་རིར་གནས་བཞུགས་དགའ་ཤར་ལྷོ་པ་དགེ་བཤེས་ཚུལ་ཁྲིམས་རྒྱལ་མཚན་མཆོག་སྐུ་གཤེགས་པ།
དགུང་གྲངས་༨༩ རུ་སོན་པ་དགའ་ཤར་ལྷོ་པ་ཆབ་མདོ་དགེ་བཤེས་ཚུལ་ཁྲིམས་རྒྱལ་མཚན་མཆོག་ཟླ་འདིའི་ཕྱི་ཚེས་༡༣ ཨ་རིའི་ཉིན་གུང་ཆུ་ཚོད་༡༢།༣༠ ཐོག་སྐུ་གཤེགས་པ་དང༌། སྐུ་གཤེགས་ནས་ཉིན་གསུམ་དང་ཆུ་ཚོད་གསུམ་རིང་ཐུགས་དམ་དུ་བཞུགས་ཡོད་པ་མ་ཟད། ཐུགས་དམ་གྲོལ་བའི་སྐབས་ཁོང་གི་ཆོས་ཚོགས་ཐུབ་བསྟན་དར་རྒྱས་གླིང་དུ་འཇའ་ཚོན་ཤར་བ་སོགས་ངོ་མཚར་བའི་ལྟས་བཟང་བྱུང་བ་ཀུན་གྱི་མཐོང་སྣང་དུ་བྱུང་འདུག

Read more

གླིང་འབུད་སྦྲུལ་གྱི་འཁྲབ་སྟོན་ཁྲིམས་འགལ་རེད་ཟེར།

ཟླ་འདིའི་ཚེས་ ༡༨ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གར་གྱི་རྒྱལ་ས་ཆེ་ཁག་གི་སྲང་ལམ་དང་ཁྲོམ་གཞུང་དུ་གླིང་འབུད་སྦྲུལ་གྱི་འཁྲབ་སྟོན་བྱེད་མཁན་སྟོང་ཕྲག་མང་པོ་ཡོད་པ་རྣམས། ཉེ་དུས་གཞུང་གིས་འཁྲབ་སྟོན་འདི་ཁྲིམས་འགལ་རེད་ཟེར་ནས་བཀག་བསྡོམས་དང་ཡོ་ཆས་སོགས་བཙན་འཕྲོག་བྱས་ཏེ། གླིང་འབུད་སྦྲུལ་གྱི་འཁྲབ་སྟོན་པ་ཚོར་དཀའ་ངལ་འཕྲད་བཞིན་ཡོད་པ་རེད།

Read more

ཇོ་མོ་གླང་མའི་རྩེར་ཆུ་ཚོད་ཉེར་བཞིར་སྡོད་འཆར།

ཟླ་འདིའི་ཚེས་༡༧ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། བལ་པོ་ཤར་པའི་མི་རིགས་ཡིན་པ་བུ་སྤུན་གསུམ་རི་བོ་ཇོ་མོ་གླང་མའི་རྩེར་ཆུ་ཚོད་༢༤ སྡོད་འཆར་ཡོད་པའི་སྐོར་གསར་ལམ་ཁག་ལ་གནས་ཚུལ་ཁྱབ་སྤེལ་བཏང་ཡོད་པ་རེད།
    སྤེན་པ་ཟེར་བ་རང་ལོ་༣༡ ཡིན་པ་དང་ཁོང་གི་གཅུང་པོ་ཉི་མ་དང༌། ཕུར་བུ་གཉིས་བཅས་བུ་སྤུན་རྒན་གཞོན་གསུམ་གྱིས། གནམ་གཤིས་དང་ཆར་རླུང་གི་གྲང་ངར་ལ་མ་ལྟོས་པར་འཛམ་གླིང་གི་གངས་རི་མཐོ་ཤོས་ཇོ་མོ་གླང་མའི་སྟེང་ཆུ་ཚོད་༢༤ བསྡད་དེ། འཛམ་གླིང་གི་གྲགས་ཅན་མི་སྣའི་ཐོ་གཞུང་ནང་ཁོང་བུ་སྤུན་གསུམ་གྱི་མིང་ཐོ་འགོད་བར་འབད་བརྩོན་བྱེད་ངེས་ཡིན་ཞེས་དང༌། ད་དུང་འགྲེལ་བརྗོད་གཞན་ཞིག་ལ་ཆུ་ཚོད་༢༤ རིང་ལ་བལ་ཡུལ་རྒྱལ་ཁབ་དང་འཛམ་གླིང་ཡོངས་ལ་ཞི་བདེ་ལྷིང་འཇགས་ཡོང་བའི་ཆེད་དུ། མཚན་གང་པོར་སྨོན་ལམ་གསོལ་འདེབས་བྱས་ཏེ་སྡོད་ངེས་ཡིན་ཞེས་གསར་འགོད་པར་འགྲེལ་བརྗོད་བྱས་ཡོད་པ་རེད།

Read more

བེ་རིའི་གྲྭ་པ་ཞིག་འཇུ་བཟུང༌།

བོད་ནས་ཁ་པར་བརྒྱུད་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཟླ་བ་༢ པའི་ཚེས་༡༤ ཉིན་རང་ལོ་༡༩ སོན་པའི་བེ་རི་དགོན་གྱི་གྲྭ་བྱམས་པ་བློ་གྲོས་ལགས་ཀྱིས་དཀར་མཛེས་རྫོང་གི་ཁྲོམ་ལམ་དུ་ྋགོང་ས་མཆོག་སྐུ་ཚེ་བརྟན་པའི་སྐད་འབོད་དང་ཡིག་ཆ་འགྲེམས་སྤེལ་བྱས་པར་བརྟེན། རྒྱ་ནག་གཞུང་གི་ས་གནས་ཉེན་རྟོག་པས་འཛིན་བཟུང་གིས་བཙོན་འཇུག་བྱས་ཡོད་པ་རེད། གྲྭ་བྱམས་པ་བློ་གྲོས་ཀྱི་ཤག་རོགས་ཁོང་གི་ཨ་ཞང་སྐལ་བཟང་ཡེ་ཤེས་ལགས་ཀྱིས་དེ་སྔོན་ངོ་རྒོལ་བྱས་ཏེ། རྒྱ་གཞུང་གིས་འཛིན་བཟུང་བྱས་པར་བརྟེན། ཁོང་སེམས་སྡུག་དང་བཅས་ཨ་མ་ལ། ང་བུར་སྐྱེས་གོ་ཆོད་མི་འདུག ངའི་ཨ་ཞང་བོད་ཀྱི་དོན་དུ་སྐད་འབོད་བརྒྱབ་ནས་བཟུང་ཚར་བ་རེད། ད་དུང་ང་འདི་འདྲ་སྡོད་ག་ལ་རུང༌། ཅེས་བརྗོད་ནས་ཟླ་བ་འདི་ཡི་ཚེས་༡༤ ཉིན་བོད་དོན་སྐད་འབོད་བྱས་མཐར་རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་རེད་ཅེས་གྲྭ་བེ་རི་དཔལ་ལྡན་རྣམ་རྒྱལ་ལགས་ཀྱིས་གནས་ཚུལ་མཁོ་གཏོང་གནང་སོང༌།

Read more

བོད་དོན་ཆེད་སྟོད་ཐུང་འགྲེམས་སྤེལ།

ཚེ་བརྟན་ནོར་བུ་ལགས་སྒེར་གྱིས་འགྲོ་གྲོན་བཏང་སྟེ་བཟོས་པའི་སྟོད་གོས་ནག་པོའི་རྒྱབ་མདུན་གཉིས་ལ་དབྱིན་བོད་སྐད་ཡིག་གཉིས་སྦྱར་གྱི་༢༠༠༨ བོད་ནང་དྲག་གནོན་གྱི་ལོ་ནག་སྲུང་བརྩི། ཧུའུ་ཅིན་ཐའོ་ཡིས་མི་གསོད་བཙོན་འཇུག་མཚམས་འཇོག་བྱེད་དགོས། རྒྱ་བོད་ཞི་འགྲིག་ཆེད་ྋགོང་ས་མཆོག་དང་ཧུའུ་ཅིན་ཐའོ་བཀའ་མོལ་གནང་དགོས། རྒྱ་བོད་མང་གཙོ་དར་སྤེལ་ཚོགས་པ་འཛུགས་དགོས། ཞེས་བྲིས་པའི་སྟོད་ཐུང་གྲངས་ཁྲི་གཅིག་བཟོས་ཡོད་འདུག སྟོད་ཐུང་དེ་དག་བལ་ཡུལ་དུ་ས་གླང་ལོའི་ལོ་གསར་པ་ཚེས་དུས་དང༌། རྒྱ་གར་དུ་གསུམ་བཅུའི་དུས་དྲན་གྱི་སྐབས་སུ་འགྲེམ་རྒྱུ་ཡིན་པ་རེད།

Read more

བོད་རྒྱ་ཞི་མོལ་ཚོགས་ཆུང་གི་ཚོགས་འདུ།

 བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཞིག་ཟླ་འདིའི་ཚེས་༡༢ ནས་༡༤ བར་ལྡི་ལིའི་བོད་ཁྱིམ་དུ་འཚོགས་ཡོད་པ་དང༌། སྐབས་དེར་བཀའ་བློན་ཁྲི་པ་ཟབ་གདོང་རིན་པོ་ཆེ་མཆོག་གིས་དབུས་ཚོགས་མི་རྣམས་ལྷན་ཞུགས་གནང་ཡོད་པ་རེད། སྐབས་དེར་སྔོན་མ་རྒྱ་ནག་ལ་སྤྲད་པའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་ཡོང་ཐབས་ཀྱི་བསམ་འཆར་ཕུལ་བ་དེར། རྒྱ་མིའི་ཕྱོགས་ནས་ལན་འདེབས་བྱས་པ་ཁག་གི་ཐོག་བཀའ་བསྡུར་གནང་བ་དང༌། མ་འོངས་པར་ག་རེ་གནང་དགོས་མིན་སོགས་ཀྱི་ཐོག་བཀའ་བསྡུར་གནང་ཡོད་པ་རེད། ཚོགས་མིའི་ཁོངས་སུ་ད་ཐེངས་ཨ་ཀྱ་རིན་པོ་ཡང་དངོས་སུ་ཚོགས་ཐོག་ཏུ་ཕེབས་ཡོད་པ་རེད།

Read more

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དབུ་འབྱེད་མཛད་སྒོ།

ཟླ་འདིའི་ཚེས་༡༦ ཉིན་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་བྷེང་ལོར་གྲོང་ཁྱེར་དུ་ཆིབས་བསྒྱུར་གནང་བ་དང་འབྲེལ། ལྷོ་གཞིས་ཁག་གི་ས་གནས་འགོ་འཛིན་རྣམ་པ་དང༌། བོད་མི་མང་སྤྱི་འཐུས་རྣམ་པ། ལྷོ་སྤྱི་སོགས་གནད་ཡོད་མི་སྣ་ཁག་ཅིག་གིས་ཕེབས་བསུ་དང༌། ཆུ་ཚོད་༡༢ ཐོག་བྷེང་ལོར་བོད་ཀྱི་མཐོ་སློབ་༼ཏཱ་ལའི་བླ་མའི་མཐོ་རིམ་སློབ་གཉེར་ཁང་༽གསར་པ་དབུ་འབྱེད་གནང་ཡོད་པ་རེད། ཏཱ་ལའི་བླ་མའི་མཐོ་རིམ་སློབ་གཉེར་ཁང་དེའི་ནང་དུ་བོད་ཀྱི་རིག་གཞུང་དང༌། དེང་དུས་ཀྱི་ཤེས་ཡོན་ཟུང་འབྲེལ་གྱི་སློབ་སྦྱོང་སྤྲོད་སའི་སློབ་མ་སུམ་སྟོང་ཙམ་བསྡུ་རྒྱུའི་འཆར་གཞི་ཡོད་འདུག མཐོ་སློབ་དེ་བོད་ཁྱིམ་སློབ་གྲྭས་གཙོ་འགན་བཞེས་ཏེ། གསར་འཛུགས་གནང་ཡོད་པ་རེད།

Read more

ྋགོང་ས་མཆོག་ཀོ་གྷལ་དོན་ལྡན་གླིང་དུ་ཆིབས་བསྒྱུར།

ཟླ་འདིའི་ཚེས་༡༧ ཉིན་ྋགོང་ས་མཆོག་རྒྱ་གར་ལྷོ་ཕྱོགས་ཀོ་ལེ་གྷལ་དོན་ལྡན་གླིང་ནས་ལྷ་མི་ཡོངས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་ས་གནས་དེར་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཡོད་པ་རེད།
སྔ་དྲོ་ཆུ་ཚོད་༡༠ ཐོག་མཁའ་ལམ་བརྒྱུད་དོན་ལྡན་གླིང་ཉིན་སློབ་རྩེད་ཐང་དུ་ཞབས་སོར་འཁོད་པ་དང༌། དེར་ཡོད་ཕེབས་བསུ་བ་རྒྱ་གར་ས་གནས་རྫོང་དཔོན་ Mr. Narendra R MLA-Kollegal ལགས་དང་ས་གནས་སྐོར་སྲུང་སྤྱི་ཁྱབ་པ། བཙན་བྱོལ་བོད་གཞུང་གི་ནང་སྲིད་དྲུང་ཆེ། རྟ་རྣ་སྤྲུལ་སྐུ། བསྟན་པ་ཉི་མ་རིན་པོ་ཆེ། ལྷོ་སྤྱི། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དང་ས་གནས་འགོ་འཛིན་བཅས་ནས་ཕེབས་བསུའི་མཇལ་དར་ཕུལ་བ་དང༌།ཆོལ་གསུམ་བོད་མིའི་ཆས་གོས་ཀྱི་སྤྲས་པའི་སློབ་ཕྲུག་གསུམ་གྱིས་རྟེན་འབྱུང་ཕྱེ་མར་འདེགས་འབུལ་དང་བཀྲིས་ཞོལ་པ་འཁྲབ་ཏེ། སློབ་ཕྲུག་གིས་ཕེབས་སྒོ་ནས་གདན་ཞུ་ཞུས། གྲོང་སྡེ་ཁག་གི་དད་ལྡན་མི་མང་གིས་བཀྲིས་མཇལ་དར་དང་

Read more
Page 712 of 741« First...710711712713714...Last »