གླུ་བ་སོག་ཕྲུག་ཤེས་རབ་ལགས་འཇུ་བཟུང༌།

གསར་འགྱུར་རྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། 2008 ཕྱི་ཟླ་ 12 པའི་ ནང་བོད་ཨ་མདོ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་སོག་རྫོང་ནས་ཡིན་པའི་གླུ་བ་སོག་ཕྲུག་ཤེས་རབ་ལགས་རྒྱ་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག དེ་ནི་སོག་ཕྲུག་ཤེས་རབ་ལགས་ཀྱིས་སྒྲ་སྙན་རྡུང་ལེན་གྱི་འོད་སྡེར་ཞིག་འདོན་སྤེལ་བྱས་ཡོད་པ་དང༌། འོད་སྡེར་དེའི་ནང༌། ལྔ་བཅུ་ང་བརྒྱད་ལོ་དང་ཉིས་སྟོང་བརྒྱད་ལོ། ཞེས་པ་སོགས་བོད་མིའི་སྐྱིད་སྡུག་དང་འབྲེལ་བའི་དངོས་ཡོད་གནས་སྟངས་མང་པོ་ཞིག་གཞས་ཚིག་གི་ལམ་ནས་གསལ་སྟོན་བྱས་ཡོད་སྟབས། རྒྱ་གཞུང་གིས་སོག་ཕྲུག་ཤེས་རབ་ལགས་འཛིན་བཟུང་བཀག་ཉར་དང༌། འོད་སྡེར་རྣམས་འགྲེམས་སྤེལ་བྱེད་དུ་མ་བཅུག་པར་གཞུང་བཞེས་བཏང་ཡོད་འདུག

Read more

ལོ་གསར་བཀག་འགོག་བྱས་པའི་ཉེས་མིང་འོག་འཇུ་བཟུང༌།

ཟླ་འདིའི་ཚེས་༢ ཉིན་ནང་ཆེན་རྫོང་རྐ་གཞུང་ས་གནས་ཀྱི་བཀྲ་ཤིས་དགོན་པའི་གྲྭ་དགའ་དབང་ལགས་རྒྱ་ནག་གཞུང་གི་ཉེན་རྟོག་པས་འཇུ་བཟུང་བྱས་ཡོད་པ་དང༌། ཁོང་ལ་ལོ་གསར་སྤྲོ་སྐྱིད་གཏོང་རྒྱུར་བཀག་འགོག་བྱས་པའི་ཉེས་མིང་བཙུགས་ཡོད་འདུག ཁོང་འཇུ་བཟུང་སྐབས་རྡུང་རྡེག་ཚད་མེད་བཏང་སྟེ་འདྲི་རྩད་བྱས་ཡོད་ནའང་ཁོང་གིས་ལོ་གསར་སྤྲོ་སྐྱིད་གཏོང་རྒྱུར་བཀག་འགོག་བྱས་པ་ངོས་ལེན་བྱས་མི་འདུག ཉེ་སྔོན་ནས་བོད་ཀྱི་ས་གནས་སྤྱི་མཚུངས་བཞིན་༢༠༠༨ ལོར་རྒྱ་ནག་གཞུང་གིས་བོད་ལ་དྲག་གནོན་ཚད་མེད་བཏང་ནས་བོད་མི་མང་པོ་དམར་གསོད་དང༌། རྡུང་རྡེག་བཙོན་འཇུག་བྱས་པར་བརྟེན། འདི་ལོར་ལོ་གསར་སྤྲོ་སྐྱིད་གཏོང་རྒྱུ་མེད་སྐོར་གྱི་ཡིག་ཆ་ནང་ཆེན་རྫོང་ཐོག་ཏུ་བཀྲམ་ཡོད་པ་དང༌། གྲྭ་དགའ་དབང་དང་ཁོང་གི་རོགས་པ་གསུམ་ལ་ཡིག་ཆ་བཀྲམ་མཁན་གྱི་དོགས་གཞིའི་འོག་འདྲི་རྩད་བྱས་ཡོད་འདུག ད་ལྟ་དགའ་དབང་ལགས་གང་དུ་བཙོན་འཇུག་བྱས་ཡོད་མེད་ཀྱི་གནས་ཚུལ་གསལ་བོ་མི་འདུག་ཅེས་འབྲེལ་ཡོད་ཀྱིས་འདི་གར་འགྲེལ་བརྗོད་གནང་སོང༌།

Read more

དགེ་འདུན་པ་འཇུ་བཟུང༌དང་མི་མང་གི་དཀའ་ངལ།

ཕྱི་ཟླ་༡ ཚེས་༥ ཉིན་ཁམས་སྡེ་དགེ་ལྡན་ཆོས་འཁོར་དགོན་པའི་ཉེ་འཁྲིས་ཆོས་འཁོར་ཤང་ནང་དུ་འབར་རྫས་དོན་རྐྱེན་བྱུང་བ་དང༌། ཚེས་༡༠ ཉིན་མི་མང་གིས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་བྱུང་བ་སོགས་ལ་བརྟེན། ཕྱི་ཚེས་༡༢ ནས་བཟུང་རྒྱ་གཞུང་གིས་ཆབ་མདོ་དང་འཇོ་མདའ་རྫོང་སོགས་ནས་དྲག་ཆས་ཉེན་རྟོག་པ་དང་དམག་དཔུང་ཕོན་ཆེན་བཏང་ནས། དེང་སྐབས་དགོན་པའི་དགེ་འདུན་པ་དང་ས་གནས་མི་མང་རྣམས་འཛིན་བཟུང་དང་རྡུང་རྡེག་བཏང་ནས་དཀའ་ངལ་ཁྲོད་གནས་བཞིན་ཡོད་འདུག དགོན་པའི་ལས་སྣེ་བ་མང་པོ་འཇུ་བཟུང་བྱས་པ་དང༌། གཞས་སྣ་འཁྲབ་སྟོན་པ་ཚོ་ལ་མོས་མཐུན་ཡོད་མེད་ལ་མ་ལྟོས་པར་ལྷ་སར་ལོ་སར་སྤྲོ་སྐྱིད་ཆེད་འགྲོ་དགོས་སྐོར་བརྗོད་ཡོད་འདུག
    གོང་ཚེས་ཉིན་འབར་རྫས་གཡུག་མཁན་སུ་ཡིན་མིན་ཁོང་ཚོས་ཤེས་རྟོགས་གང་ཡང་བྱུང་མེད་ནའང༌། ནག་ཉེས་དགོན་པའི་དགེ་འདུན་པ་རྣམས་ལ་འོལ་ཚོད་ཀྱིས་བཀལ་ཏེ་དེང་སྐབས་དགེ་འདུན་པ་ཕན་ཚུན་འགྲོ་བསྐྱོད་མི་ཆོག་པ་མ་ཟད། དུས་ཚོད་ངེས་མེད་ལ་དམག་དཔུང་དང་དྲག་ཆས་ཉེན་རྟོག་པ་ཟུང་འབྲེལ་ཐོག་གྲྭ་ཤག་ནང་དུ་ཡོང་ནས་དགེ་འདུན་པ་གཉིས་གསུམ་རེ་བྱས་ནས་ཤང་གི་ལས་ཁུངས་སུ་བཙན་འཁྲིད་ཐོག་དྲི་བ་འདྲ་མིན་འདྲི་བ་དང༌།

Read more

བོད་དོན་ཆེད་རྐང་འཁོར་འགྲུལ་བཞུད།

གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱི་གོ་སྒྲིག་འོག་ཕྱི་ཟླ་༡ པོའི་ཚེས་༡༨ ཉིན་ནས་རྒྱ་གར་ཡུལ་མི་རྣམས་ལ་བོད་ཀྱི་དངོས་ཡོད་གནས་སྟངས་དྲིལ་བསྒྲགས་ཆེད་གནས་མཆོག་ཝཱ་ར་ཎ་སི་ནས་སེར་མོ་བ་དགུ་དང་ཁ་ལོ་བ་གཅིག་བཅས་རྐང་འཁོར་འགྲུལ་བཞུད་གནང་སྟེ། ཟླ་འདིའི་ཚེས་༣ ཉིན་རྒྱ་གར་ཡུ་པིའུ་མངའ་སྡེའི་ནང་དུ་འབྱོར་ཡོད་པ་དང༌། རྒྱ་གར་ལྷོ་ཕྱོགས་ཀ་ཎ་ཊ་ཀར་མཇུག་བསྡུ་འཆར་ཡོད་འདུག

Read more

ཞི་རྒོལ་བ་ཁག་ཅིག་ལ་ཁྲིམས་ཆད།

ཟླ་འདིའི་ཚེས་༢ དང་༣ ལ་གནས་ཚུལ་འབྱོར་བ་ལྟར་ན། ཁམས་ཏྲེ་ཧོར་ཁུལ་གྱི་ཞི་རྒོལ་བ་བཙུན་མ་གསུམ་དང༌། མི་སྐྱ་གསུམ་བཅས་ལ་ཉེ་ཆར་རྒྱ་ནག་གཞུང་གིས་ཁྲིམས་ཐག་བཅད་ཡོད་པ་དང༌། དེ་ཡང་དཀར་མཛེས་མཐའ་མེད་གྲོང་ནས་ཡིན་པ་ཕ་བསམ་བདག་དང༌། མ་དཔའ་མོ་གཉིས་ཀྱི་བུ་ལུང་ལུང་བསོད་ནམས་ནས་༢༠༠༨ ཟླ་༥ ཚེས་༡༧ ཉིན་དཀར་མཛེས་རྫོང་ཐོག་ཏུ་ཞི་རྒོལ་བྱས་རྐྱེན་འཛིན་བཟུང་བྱས་པ་དང༌། ཕྱི་ཟླ་༡ པོའི་ནང་ལོ་༣ གྱི་ཁྲིམས་ཐག་བཅད་ཡོད་འདུག དཀར་མཛེས་དབྱར་ཁག་གྲོང་ནས་ཡིན་པ་ཕ་ཆོས་དབང་རྒྱ་མཚོ་དང༌། མ་རིག་དགའ་གཉིས་ཀྱི་བུ་མོ་རང་ལོ་༢༧ ཅན་བཙུན་མ་སྤོས་དབང་དང༌། ཕ་ཀུན་དགའ་ཆོས་རྒྱན་དང༌། མ་དམར་དམར་གཉིས་ཀྱི་བུ་མོ་རང་ལོ་༣༡ ཡིན་པ་བཙུན་མ་དབྱངས་འཛོམས།

Read more

འཛམ་གླིང་ཞི་བདེའི་ཆེད་བགྲོ་གླེང་དང་གོམ་བགྲོད།

གནས་མཆོག་ལུམྦི་ནིའའི་ཚལ་དུ་ཟླ་༡ ཚེས་༢༨ཉིན་ནས་དབུ་འཛུགས་ཀྱིས་འཛམ་གླིང་ཞི་བདེའི་ཆེད་བགྲོ་གླེང་ཚོགས་འདུ་ཞིག་ཉིན་གཉིས་ཀྱི་རིང་ཚོགས་རྗེས་ལུམྦི་ནིའ་ནས་མཉན་ཡོད་བར་ཞི་བའི་གོམ་བགྲོད་གནང་མུས་སུ་ཡོད་པ་རེད།
    ཚོགས་འདུ་དེར་འཛམ་གླིང་ཤར་ནུབ་གང་ས་ནས་རྒྱལ་ཁབ་ཉི་ཤུ་ཙམ་ནས་སྐུ་ཚབ་ཕེབས་ཡོད་པ་མ་ཟད། ནང་པ་དང་ཧིན་དྷུ། ཁ་ཆེ། ཡེ་ཤུ་སོགས་ཆོགས་ལུགས་འདྲ་མིན་གྱི་ངོ་ཚབ་ཡང་ཕེབས་ཏེ་ཚོགས་མི་༡༥༠ ཙམ་འདུ་འཛོམས་བྱུང་ཡོད་པ་རེད། དེའི་ཁོངས་སུ་རྒྱ་གར་དུ་གནས་སྡོད་བོད་པ་གཞོན་སྐྱེས་གསུམ་དང་བལ་ཡུལ་ནས་འཇམ་དབྱངས་ཆོས་འཁོར་གླིང་གི་འགན་འཛིན་མཁན་པོ་ཀར་བསྟན། ཨ་རི་ནས་དགེ་བཤེས་བསྟན་འཛིན་བདེ་མཆོག་བཅས་བོད་མི་ལྔ་ཆེད་དུ་ཚོགས་འདུ་དེར་ཕེབས་ཡོད་པ་དང༌། བགྲོ་གླེང་ཚོགས་འདུ་དེའི་གྲོས་གཞི་གཙོ་བོ་ནི་འཛམ་བུ་གླིང་དུ་ཞི་བདེ་སྐྲུན་ཐབས་དང་ཞི་བདེ་ཡོང་ཐབས་ཀྱི་ལས་འགུལ་གང་སྤེལ་དགོས་མིན་སྐོར་ཡིན་པ་རེད།

Read more

གནས་སྐོར་བ་གྲྭ་པ་གཉིས་འཛིན་བཟུང༌།

ཕ་ཡུལ་ལི་ཐང་གཡོན་རུ་ནས་ཡིན་པའི་གྲྭ་བློ་ཚེ་དང༌། ལི་ཐང་ཨོ་ཐོག་ནས་ཡིན་པའི་གྲྭ་སྤྲང་མ་དོན་གྲུབ་གཉིས་ཀྱིས་ཐོངས་མཆན་ལག་ཁྱེར་བླངས་ནས་བལ་ཡུལ་དང་རྒྱ་གར་དུ་གནས་སྐོར་བྱས་ཏེ། ཕྱི་ཟླ་༡ པོའི་ཚེས་༢༠ ཉིན་ཕྱིར་ལོག་སྐབས་བལ་བོད་ས་མཚམས་སུ་རྒྱ་མིའི་དམག་གིས་སྔོག་བཤེར་བྱས་ནས་ཅ་ལག་མཉམ་དུ་ྋགོང་ས་མཆོག་གི་སྐུ་པར་དང་ན་ནིང་ལི་ཐང་བས་ྋགོང་ས་མཆོག་ལ་བརྟན་བཞུགས་འབུལ་བའི་བརྙན་འཁོར་སོགས་ཡོད་པ་ཕྲོགས་རྗེས། ཅ་ལག་ཞིབ་བཤེར་བྱེད་སྐབས་ཉེ་ཆར་བོད་གཞུང་གིས་རྒྱ་ནག་ལ་ཕུལ་བའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡི་གེ་ཁྱེར་ཡོད་པར་བརྟེན། གྲྭ་པ་གཉིས་པོ་འཛིན་བཟུང་བྱས་ཡོད་འདུག ཡིག་ཆ་དེ་ནི་ད་ལྟའི་བར་རྒྱ་མི་མཉམ་དུ་སྐད་ཆ་བཤད་བསྡད་ཡོད་པའི་གནས་ཚུལ་ཁོ་ན་ལས་དེབ་དེ་ཁྱེར་བ་ཉེས་ཅན་པར་བརྩི་དགོས་པའི་གནད་དོན་གང་ཡང་མེད་ནའང་ཁོང་གཉིས་འཛིན་བཟུང་བྱས་ཡོད་འདུག

Read more

ྋགོང་ས་མཆོག་སྐུ་གཟུགས་བདེ་ཐང་རེད་ཟེར།

ྋགོང་ས་མཆོག་སྐུ་གཟུགས་བདེ་ཐང་ངང་སྨན་ཁང་ནས་ཆིབས་བསྒྱུར་གནང་འདུགཟླ་འདིའི་ཚེས་༣ ཉིན་ྋགོང་ས་མཆོག་གི་ཕྱག་ངར་དེ་ཙམ་བདེ་པོ་མེད་པའི་རྐྱེན་གྱིས་ལྡི་ལི་གསར་པའི་སྨན་ཁང་ཞིག་ཏུ་བརྟག་དཔྱད་གནང་བར་ཕེབས་ཡོད་པ་དང༌། བརྟག་དཔྱད་ཀྱི་རྗེས་སུ་ཕྱིར་ཕེབས་ཏེ་སྨན་པས་གནད་དོན་ཚབས་ཆེན་གང་ཡང་མི་འདུག་གསུངས་བྱུང་ཞེས་སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་ཀྱིས་འགྲེལ་བརྗོད་གནང་འདུག ད་དུང་ཁོང་གིས་བདུན་འདིའི་ནང་ྋགོང་ས་མཆོག་འཇར་མན་དང༌། ཨི་ཏྲ་ལིའི་ནང་དུ་ཆིབས་བསྒྱུར་གནང་གཏན་འཁེལ་ཡོད་སྐོར་འགྲེལ་བརྗོད་གནང་འདུག

Read more

སྲིད་བློན་ཝོན་ཅཱ་པའོ་ལ་ལྷམ་གཞུས་པ།

ཟླ་འདིའི་ཕྱི་ཚེས་ ༢ རེས་གཟའ་ཟླ་བའི་ཉིན་གསར་འགྱུར་རྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། དབྱིན་ཡུལ་དུ་སྐད་གྲགས་ཆེ་བའི་གཙུག་ལག་སློབ་གྲྭ་ཀམ་བྷི་རས་ཇིའི་ནང་རྒྱ་ནག་ གི་སྲིད་བློན་ཝོན་ཅཱ་པོའ་ཡིས་གཏམ་བཤད་བྱེད་སྐབས།་ ཚོགས་ར་ནང་ནས་མི་གཅིག་གིས་བཀས་བཀོད་རྒྱུད་འཛིན་པ་ཟེར་ནས་སྐད་འབོད་བརྒྱབ་སྟེ་ཝོན་ཅཱ་པའོ་ཡི་ཐོག་ཏུ་གཡུགས་ཡོད་པ་རེད། ཉེ་དུས་རྒྱ་ནག་ཏུ་དཔལ་འབྱོར་ཉམས་རྒུད་ཀྱིས་ལས་བཟོ་པ་ས་ཡ་ ༢༠ ལྷག་ཙམ་ལས་མེད་ཆགས་ཡོེད་པས། རྒྱ་ནག་གི་སྲིད་བློན་དབྱིན་ཡུལ་དུ་ཉིན་གྲངས་གསུམ་རིང་ཚོང་དོན་གྱི་ཆེད་དུ་ འབྱོར་ཡོད་པ་དང༌།  སྐབས་དེར་བོད་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་པས་འགྲོ་བ་མིའི་ཐོབ་ཐང་དགོས་པ་དང་བོད་དུ་བཙོན་པ་གློད་གྲོལ་དགོས་པའི་ངོ་རྒོལ་བྱས་པ་དང༌། རྒྱ་རིགས་འགས་སྲིད་བློན་ལ་དགའ་བསུ་ཞུ་བ་གཉིས་དུས་གཅིག་ལ་འཛོམས་ཏེ། དབྱིན་ཡུལ་གྱི་ཁྲོམ་གཞུང་དུ་དགའ་སྡུག་གཉིས་ཀྱི་འབོད་སྒྲ་ཧ་ཅང་ཆེན་པོ་ བསྒྲགས་ཡོད་ཡོད་པ་རེད།

Read more

ཚ་བ་དཔའ་ཤོད་དུ་རྒྱ་རྒོལ།

རྣམ་རྒྱལ་ཚེ་རིང་ལགས་ཀྱིས་གནས་ཚུ་མཁོ་སྤྲོད་གནང་བ་ལྟར་ན། བོད་ལྗོངས་ཆབ་མདོ་ས་ཁུལ་ཚ་བ་དཔའ་ཤོད་རྫོང་བོད་མང་ཤང་སྤུ་ཡུལ་ཁ་སྟོད་གྲོང་གྲྭ་བཀྲིས་ཕུན་ཚོགས། རང་ལོ་༡༦ ཅན་དང༌། དཔག་གཤོད་རྫོང་བོད་མང་ཤང་ཤེས་པ་གྲོང་གྲྭ་བློ་བཟང་རྒྱལ་མཚན། རང་ལོ་༢༡ ཡིན་པ་ཁོང་གཉིས་ཚ་སྟོད་གནས་རྭ་དགོན་གསར་གྱི་གྲྭ་ཡིན་པ་དང༌། ཁོང་གཉིས་ཀྱིས་ཕྱི་ལོ་༢༠༠༩ ཟླ་༡ ཚེས་༢༩ ཉིན་གྱི་དགོང་མོ་ཚོུད་༨ གཡས་གཡོན་དུ་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་བྱས་པ་དང༌། ཁོང་གཉིས་བཙོན་འཇུག་བྱས་ཡོད་འདུག    སྐབས་དེར་བོད་རང་བཙན་དང་བོད་མི་ཚང་མ་ལོངས་ཤོག ྋགོང་ས་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག བོད་ལ་ཆོས་དད་རང་མོས་དགོས། རྒྱལ་གཅེས་ཆོས་གཅེས་ཟེར་བའི་ལས་འགུལ་མཚམས་འཇོག་བྱེད་དགོས། བོད་ལ་འགྲོ་བ་མིའི་ཐོབ་ཐང་སྤྲོད་དགོས་ཞེས་སྐད་འབོད་བྱས་ཡོད་འདུགམ་ཟད་ཤེལ་སྒོ་ཞིག་ལག་ཏུ་ཁྱེར་ཡོད་པ་དང་འདིའི་ནང་དོན་གང་ཡོད་ཤེས་རྟོགས་གསལ་པོ་བྱུང་མི་འདུག ཁོང་རྣམ་གཉིས་ལ་རྒྱ་གཞུང་གི་ས་གནས་ཉེན་རྟོག་པས་རྡུང་རྡེག་དྲག་པོ་བཏང་སྟེ་འཇུ་བཟུང་བྱས་རྗེས་དཔའ་ཤོད་བཙོན་ཁང་དུ་བཅུག་ཡོད་འདུག

Read more
Page 738 of 763« First...736737738739740...Last »