རྩེད་རིག

དྷ་རམ་ས་ལར་རྐང་སྤོལ་རྩེད་འགྲན།

དྷ་རམ་ས་ལར་རྐང་སྤོལ་རྩེད་འགྲན།

foot ball matchཟླ་འདིའི་ཚེས་༨ ཉིན་རྒྱ་གར་གྱི་ཀང་ར་རྫོང་གི་རྐང་རྩེད་སྤོ་ལོའི་རུ་ཁག་དང་བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་རུ་ཁག་གཉིས་དྷ་སྟེང་བོད་ཁྱིམ་རྩེད་ཐང་དུ་རྩེད་འགྲན་བྱས་ནས། བོད་པའི་རུ་ཁག་ལ་སྤོ་ལོ་གསུམ་ཐོབ་པ་དང། རྒྱ་གར་རུ་ཁག་ལ་སྤོ་ལོ་གཅིག་ཀྱང་མ་ཐོབ་པར་ཀླད་ཀོར་ཆགས་ཡོད་པ་རེད།

Bangchen admin· · Comments are Disabled ·

ལས་བྱེད་ནང་ཁུལ་གྱི་སྤོ་ལོའི་རྩེད་འགྲན།

gangkyi ballབོད་གཞུང་གི་སྲི་ཞུ་བ་ན་གཞོན་ཁག་གཅིག་གིས་དང་བླང་ཐོག་ནས། ལྷན་ཁང་ཁག་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་བཅས་ཀྱི་ལས་བྱེད་རྣམས། ནང་ཕན་ཚུན་མཐུན་ལམ་དང། དེ་བཞིན་གཟུགས་པོའི་ལུས་རྩལ་དང་འབྲེལ་བའི་འཕྲོད་བསྟེན་ལ་དམིགས་ནས། གཞུང་གི་ལྷན་ཁང་ཁག་དང། གངས་སྐྱིད་ཀྱི་ཉེ་འཁོར་གྱི་རྩེད་འགྲན་པ་རྣམས་རུ་ཁག་ཆ་བགོས་ཀྱིས་གངས་སྐྱིད་དུ་བདུན་འགའི་རིང་ལག་རྩེད་སྤོ་ལོ་འགྲན་སྡུར་བྱས་ཡོད་པ་དང།

Bangchen admin· · Comments are Disabled ·

འཛམ་གླིང་ནང་རྩེ་ཕུད་ཀྱི་རྒྱུག་འགྲན་པ།

ཟླ་འདིའི་ཚེས་༢༠ ཉིན་སྐུ་ཞབས་ཡུ་སཱན་བྷོལ་ཊས་སླར་ཡང་རྒྱུག་རྩལ་འགྲན་ཚོགས་ཀྱི་ལོ་རྒྱུས་ནང་བྱུང་མྱོང་མེད་པའི་རྒྱལ་ཁ་བླངས་ཡོད་པ་རེད། དེ་ཡང་རྒྱལ་སྤྱིའི་ལུས་རྩལ་འགྲན་ཚོགས་ཐེངས་༡༢ པའི་འཛམ་གླིང་ཕུལ་བྱུང་འགྲན་སྡུར་ད་ལྟ་འཇར་མན་གྱི་རྒྱལ་ས་བྷར་ལཱན་གྱི་ཨོ་ལིམ་པིག་ཚོགས་ཁང་དུ་འཚོག་བཞིན་ཡོད་པ་དང་།

Bangchen admin· · 0 མཆན་འགྲེལ། ·

རྩེད་འགྲན་སྐབས་ཀྱི་འཁྲུག་རྩོད།

རྐང་རྩེད་སྤོ་ལོའི་རྩེད་འགྲན་སྐབས་འཁྲུག་རྩོད་ཤོར་བ་དེར་མཐའ་མའི་ཐག་ཆོད་དེ་རུ་ཁག་གཉིས་ཀ་རྩེད་འགྲན་ནང་ནས་ཕྱིར་ཕུད་བཏང་བ་རེད་ཅེས་རྩེད་རིགས་ཚོགས་ཆུང་གི་དྲུང་ཆེ་སྐལ་བཟང་དོན་གྲུབ་ལགས་ཀྱིས་གསུངས་སོང།
    རྒྱལ་ཡུམ་ཆེན་མོའི་རྐང་རྩེད་སྤོ་ལོའི་རྩེད་འགྲན་གྱི་དབུ་འབྱེད་མཛད་སྒོའི་ཐོག་རྒྱལ་དབང་ཀརྨ་མ་པ་མཆོག་གིས་“ྩེད་འགྲན་འདིར་དགའ་ཞེན་དང། དོ་སྣང་བྱས་ནས་མི་མང་པོ་འཛོམས་ཡོད་པ་རེད། དེའི་ཐོག་ནས་གཅིག་གྱུར་གྱི་ནུས་པ་དང་སྤྲོ་སྣང་མཚོན་ཐུབ་པ་ཞིག་ཡོང་གི་རེད་བསམ་གྱི་འདུག་”ཅེས་གསུངས་ཡོད་པ་དང། རྩེད་རིགས་ཚོགས་ཆུང་གི་དྲུང་ཆེས་“རྐང་རྩེད་སྤོ་ལོའི་རྩེད་འགྲན་ཐེངས་བཅོ་ལྔ་བྱས་པ་རེད། དེའི་རིང་རྩེད་འགྲན་པ་རང་གི་ནང་དུ་འཁྲུག་རྩོད་ཐེངས་གཅིག་ཀྱང་ཤོར་མྱོང་མེད། དཀའ་ངལ་དེ་མང་ཚོགས་ཀྱི་ནང་ནས་འཕྲད་ཀྱི་འདུག ཚང་མས་དགོངས་པ་བཞེས་རོགས་”ཞེས་འབོད་སྐུལ་གནང་ཡོད་པ་རེད།

Bangchen admin· · 0 མཆན་འགྲེལ། ·
རྐང་སྤོལ་རྩེད་འགྲན་གྱི་ཕོར་བ་མོན་གྷོ་རུ་ཁག་ལ་ཐོབ་ཡོད་པ་རེད།

རྐང་སྤོལ་རྩེད་འགྲན་གྱི་ཕོར་བ་མོན་གྷོ་རུ་ཁག་ལ་ཐོབ་ཡོད་པ་རེད།

འདི་ལོའི་རྒྱལ་ཡུམ་ཆེན་མོའི་རྐང་རྩེད་སྤོ་ལོའི་རྩེད་འགྲན་ནང་བཙན་བྱོལ་བོད་མིའི་ས་གནས་གང་ས་ནས་ཡོང་བའི་རུ་ཁག་དགུ་མཉམ་ཞུགས་བྱས་ཏེ། ཉིན་བཅུའི་རིང་དྷ་ས་བོད་ཁྱིམ་སློབ་གྲྭའི་རྩེད་ཐང་དུ་འགྲན་སྡུར་བྱས་པ་དང། མཐའ་མའི་རྩེད་འགྲན་ཟླ་འདིའི་ཚེས་༩ ཉིན་བྱས་ཏེ། ཨང་དང་པོ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་ཀྱི་པོ་ཏ་ལ་རུ་ཁག་ལ་ཐོབ་ཡོད་པ་རེད། ཨང་གཉིས་པ་མ་ཏི་ར་སི་རུ་ཁག་ལ་ཐོབ་པ་དང། རྩེད་འགྲན་མཇུག་བསྡོམས་མཛད་སྒོའི་ཐོག་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་ཕེབས་ནས་རྩེད་འགྲན་གཟེངས་རྟགས་ཀྱི་ཕོར་བ་གནང་ཡོད་པ་རེད།།

Bangchen admin· · 0 མཆན་འགྲེལ། ·
བཅོ་ལྔའི་དུང་ཟླའི་འོག་གི་མཛངས་མའི་ཞལ་རས།

བཅོ་ལྔའི་དུང་ཟླའི་འོག་གི་མཛངས་མའི་ཞལ་རས།

ཟླ་འདིའི་ཕྱི་ཚེས་༧ ཉིན་སྟེ། ས་ག་ཟླ་བའི་ཚེས་༡༥ དགོང་མོ་༢༠༠༩ ལོའི་བོད་ཀྱི་མཛངས་མའི་འགྲན་སྡུར་གྱི་རྩེ་ཕུད་དྷ་རམ་ས་ལ་ནས་ཡིན་པ་རང་ལོ་༢༠ ཅན་གྱི་བུ་མོ་བསྟན་འཛིན་ཆོས་འཛོམས་ལ་ཐོབ་སྟེ། བཅོ་ལྔའི་དུང་ཟླའི་འོག་ནས་ལྟད་མོ་བ་ཆེས་མང་བའི་སྐད་སྒྲའི་ཁྲོད་མཛངས་མའི་དབུ་རྒྱན་གཡོགས་པ་དང། མོས་མ་འོངས་པར་མུ་མཐུད་སློབ་སྦྱོང་བྱས་ནས་མི་ཡག་པོ་ཞིག་ཆགས་ཐུབ་པ་བྱེད་རྒྱུ་མ་ཟད། བོད་རྒྱལ་ཁབ་ཀྱི་ཆེད་དུ་ལས་ཀ་བྱེད་ཐུབ་མཁན་ཞིག་བྱེད་རྒྱུ་ཡིན་ཞེས་བརྗོད་ཡོད་པ་རེད། འགྲན་རྩོད་དེ་མཇུག་རྫོགས་རྗེས་ལྟད་མོ་བའི་ནང་ནས་ཕོ་གསར་ཁག་ཅིག་གི་བར་འཁྲུག་འཛིང་ཡང་ཤོར་ཡོད་པ་རེད།

Bangchen admin· · 0 མཆན་འགྲེལ། ·
མཛངས་མའི་རྐྱལ་གོས་འགྲན་སྡུར།

མཛངས་མའི་རྐྱལ་གོས་འགྲན་སྡུར།

ཟླ་འདིའི་ཚེས་༥ ཉིན་༢༠༠༩ ལོའི་བོད་ཀྱི་མཛངས་མའི་འགྲན་སྡུར་ཞུགས་མཁན་རྣམས་ཀྱིས་རྐྱལ་གོས་འགྲན་སྡུར་བྱས་པ་དང། སོ་སོས་གསར་འགོད་པའི་དྲི་བར་ལན་འདེབས་བྱས་ཡོད་པ་རེད། འགྲན་སྡུར་དེའི་ནང་བུད་མེད་བཞི་མཉམ་ཞུགས་བྱས་ཡོད་པ་དང། ལོ་ཆེ་ཤོས་༢༤ དང་ཆུང་ཤོས་༡༨ ཡིན་པ་རེད།

Bangchen admin· · 0 མཆན་འགྲེལ། ·
རྒྱལ་ཡུམ་ཆེན་མོའི་རྐང་རྩེད་སྤོ་ལོའི་རྩེད་འགྲན།

རྒྱལ་ཡུམ་ཆེན་མོའི་རྐང་རྩེད་སྤོ་ལོའི་རྩེད་འགྲན།

རྒྱལ་ཡུམ་ཆེན་མོའི་རྐང་རྩེད་སྤོ་ལོའི་རྩེད་འགྲན་ཐེངས་༡༥ པ་དེ་ཕྱི་ཟླ་༥ པའི་༣༡ ནས་འགོ་འཛུགས་ཀྱིས་དྷ་ས་བོད་ཁྱིམ་རྩེད་ཐང་དུ་རྩེ་བཞིན་ཡོད་པ་དང། རྩེད་འགྲན་དེའི་ནང་བཙན་བྱོལ་བོད་མི་གནས་སྡོད་བྱེད་སའི་ས་གནས་ཁག་ནས་རྩེད་འགྲན་རུ་ཁག་༡༨ མཉམ་ཞུགས་བྱས་ཡོད་པ་རེད། དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་རྒྱལ་དབང་ཀརྨ་པ་མཆོག་ཕེབས་ཡོད་པ་དང། དེ་བཞིན་བོད་གཞུང་གི་ཆེས་མཐོའི་ཁྲིམས་ཞིབ་པ་དང། སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན་གྱིས་དབུས་སྤྱི་འཐུས་ཁག་ཅིག།བོད་གཞུང་གི་བཀའ་བློན་ཁག་ཅིག་བཅས་ཕེབས་ཡོད་པ་རེད།

Bangchen admin· · Comments are Disabled ·
ཉིས་སྟོང་དགུ་ལོའི་བོད་ཀྱི་མཛངས་མའི་འགྲན་སྡུར།

ཉིས་སྟོང་དགུ་ལོའི་བོད་ཀྱི་མཛངས་མའི་འགྲན་སྡུར།

ཟླ་འདིའི་ཚེས་༢༩ ཉིན་བོད་ཀྱི་མཛངས་མའི་འགྲན་སྡུར་གོ་སྒྲིག་པ་བློ་བཟང་དབང་རྒྱལ་ལགས་ཀྱིས་ཕྱི་ལོ་༢༠༠༩ ལོའི་བོད་ཀྱི་མཛངས་མའི་འགྲན་སྡུར་རྗེས་མའི་ཕྱི་ཟླ་༦ ཚེས་༥ ནས་ཉིན་གསུམ་རིང་བྱེད་རྒྱུ་དང༌། མཛངས་མའི་འགྲན་སྡུར་ནང་ཞུགས་མཁན་བུ་མོ་བཞི་བྱུང་བ་བཅས་ཀྱི་གསར་འགོད་གསལ་བསྒྲགས་བྱས་ཡོད་པ་རེད།
    ད་ལོའི་བོད་ཀྱི་མཛངས་མའི་འགྲན་བསྡུར་ནང་དུ་ཞུགས་མཁན་ནི། སྒྲོལ་དཀར། ས་གནས་དྷེ་ར་དྷུན་དང༌། B.comདང་མཉེན་ཆས་འཆར་འགོད་ཀྱི་སློབ་སྦྱོང་ཐོན་པ་ཞིག་ཡིན་པ་དང༌། ལོ་༢༤།ངག་དབང་ཆོས་དབྱིངས། ས་གནས་དྷར་རྗེ་གླིང་དང༌།

Bangchen admin· · 0 མཆན་འགྲེལ། ·

རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན།

ཨོ་ལིམ་པིག་ལུས་རྩལ་འགྲན་ཚོགས་ཐེངས་ཉེར་དགུ་པ་དེ་ཉིད་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་༢༠༠༨ ལོའི་ཟླ༨ ཚེས་༨ ནས་ཚེས་༢༤ བར་ཉིན་བཅུ་དྲུག་རིང་འཚོགས་པ་དང་དེའི་ནང་དུ་རྒྱལ་ཁབ་དང་ས་ཁུལ་མི་འདྲ་བ་༢༠༤ ཡི་རྩེད་འགྲན་པ་འཛོམས་ཡོད་པ་རེད། དེའི་ཁྲོད་གསེར་དངུལ་ཟངས་གསུམ་གྱི་རྟགས་མ་གང་རུང་ཐོབ་མཁན་རྒྱལ་ཁབ་༨༧ བྱུང་བ་དང༌། ལྷག་མ་རྒྱལ་ཁབ་༡༡༧ ལ་རྟགས་མ་གང་ཡང་ཐོབ་མེད་པ་རེད། དང་པོ། རྒྱ་ནག་ལ་གསེར་གྱི་རྟགས་མ་༥༡ དངུལ་༢༡ ཟངས་༢༨ བསྡོམས་༡༠༠། གཉིས་པ། ཨ་མི་རི་ཀ་ལ་གསེར་༣༦ དངུལ་༣༨ ཟངས་༣༦ བསྡོམས་༡༡༠། གསུམ་པ། ཨུ་རུ་སུ་ལ་གསེར་༢༣ དངུལ་༢༡ ཟངས་༢༨ བསྡོམས་༧༢། བཞི་པ། དབྱིན་ཇི་ལ་གསེར་༡༩ དངུལ་༡༣ ཟངས་༡༥ བསྡོམས་༤༧། ལྔ་པ། འཇར་མན་ལ་གསེར་༡༦ དངུལ་༡༠ ཟངས་༡༥ བསྡོམས་༤༡། དྲུག་པ། ཨོ་སི་ཊུ་ལི་ཡ་ལ་གསེར་༡༤ དངུལ་༡༥ ཟངས་༡༧ བསྡོམས༤༦། བདུན་པ། ལྷོ་ཀོ་རི་ཡ་ལ་གསེར་༡༣ དངུལ་༡༠ ཟངས་༨ བསྡོམས་༣༡། བརྒྱད་པ། ཉི་ཧོང་ལ་གསེར་༩ དངུལ་༦ ཟངས་༡༠ བསྡོམས་༢༥། དགུ་པ། ཨི་ཊ་ལི་ལ་གསེར་༨ དངུལ་༡༠ ཟངས་༡༠ བསྡོམས་༢༨། བཅུ་པ། ཧཕ་རན་སི་ལ་གསེར་༧ དངུལ་༡༦ ཟངས་༡༧ བསྡོམས་༤༠། […]

Bangchen admin· · Comments are Disabled ·