ཉག་རོང་དུ་མི་གསུམ་འཛིན་བཟུང།

བོད་ནས་འབྲེལ་ཡོད་བརྒྱུད་འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཟླ་འདིའི་ཚེས་༡༠ གསུམ་བཅུའི་དུས་དྲན་ཉིན་དཀར་མཛེས་ཁུལ་ཉག་རོང་རྫོང་ཐང་སྐྱ་ཤང་ནས་ཡིན་པ་པདྨ་ཡེ་ཤེས་དང༌། བསོད་ནམས་མགོན་པོ། ཚངས་དབྱངས་རྒྱ་མཚོ་གསུམ་ཉེན་རྟོག་དམག་མིས་འཛིན་བཟུང་བྱས་ཡོད་པ་རེད། ཁོང་རྣམས་འཛིན་བཟུང་བྱེད་དགོས་དོན་ཕྱི་ཟླ་༢ ཚེས་༢༥ བོད་ཀྱི་ལོ་སར་ཉིན་ཐང་སྐྱ་ཤང་སྲིད་གཞུང་ལ་མེ་བརྒྱབ་ནས་ཚང་མ་མེར་བསྲེག་བཏང་ནས་ཐལ་བར་བསྒྱུར་ཡོད་པ་དང༌། མི་ལ་གནོད་སྐྱོན་གང་ཡང་བྱུང་མེད་པ་རེད། གོང་གསལ་མི་གསུམ་གནད་དོན་དེ་ལ་བརྟེན་ནས་འཛིན་བྱས་པ་ཞིག་ཡིན་འདུག་པ་དང༌། ཁོང་རྣམས་འཛིན་བཟུང་བྱེད་པའི་སྐབས་མེར་སྲེག་གཏོང་མཁན་ང་ཚོ་ཡིན་པ་མ་ཟད། བོད་ལ་རང་དབང་མེད་པར་རྒྱ་གཞུང་གི་གཉའ་ནོན་དང་བཤུ་གཞོག་གི་འོག་ཏུ་ཡོད་སྟབས་སེམས་ཚོར་མ་བཟོད་པར་དེ་ལྟར་བྱས་པ་ཡིན། བོད་ལ་རང་བཙན་དགོས་ཞེས་སྐད་འབོད་ཤུགས་ཆེ་བརྒྱབ་པ་དང་འབྲེལ་ཉེན་རྟོག་པས་མི་དེ་དག་གི་ཁའི་ནང་རས་བརྫངས་ནས་སྐད་འབོད་བྱེད་མི་ཐུབ་པ་བཟོས་ཡོད་འདུག

Read more

༣་༡༠ དུས་དྲན་ཉིན་གྱི་བོད་ཀྱི་རྒྱལ་དར།

བོད་ཀྱི་གསུམ་བཅུའི་དུས་དྲན་ཉིན་ཏེ། ཟླ་འདིའི་ཚེས་༡༠ ཉིན་གྱི་ཞོགས་པ་ནམ་ལངས་དུས་ཨ་མདོ་ར་རྒྱ་དགོན་པའི་གཙུག་ལག་ཁང་གི་ཐོག་ཏུ་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་བྱས་པ་ཡོད་པ་དང༌། དེ་བཞིན་ཡིག་ཆ་སྦྱར་འགྲེམས་བྱས་པའི་ནང་རྒྱ་ནག་གིས་སྤྲད་པའི་ཁྲ་ཁྲ་ཟང་ཟིང་ལ་མགོ་འཁོར་བ་ལས་བོད་མི་རིགས་ཀྱི་ཆེད་དུ་ཤི་ན་དགའ་བ་རེད། རྒྱ་ནག་གི་མགོ་སྐོར་འོག་ཏུ་མ་ཚུད་པ་དགོས་པ་གལ་ཆེན་པོ་རེད་ཅེས་སོགས་འཁོད་ཡོད་འདུག ད་ལྟ་རྒྱ་ནག་གི་དམག་མི་མང་དུ་བཏང་ནས་དགོན་པ་དེར་ཧ་ཅང་དམ་དྲག་བྱེད་བཞིན་ཡོད་འདུག

Read more

གསུམ་བཅུའི་དུས་དྲན་ཉིན་ལི་ཐང་དུ་རང་བཙན་སྐད་འབོད།

ཕྱི་ལོ་༡༩༥༩ ལོའི་ཕྱི་ཟླ་༣ ཚེས་༡༠ ཉིན་བོད་མིས་ཞི་བའི་རང་དབང་སྒེར་ལངས་བྱས་ནས་མི་ལོ་༥༠ ཧྲིལ་པོ་འཁོར་བའི་དུས་དྲན་ཉིན་ཁམས་ལི་ཐང་དུ་སྔ་ཕྱིར་གྲྭ་པ་གཉིས་ཀྱིས་ཞི་རྒོལ་བྱས་པའི་གནས་ཚུལ་ཐོན་འདུག དེ་ཡང་ཁམས་ལི་ཐང་རྫོང་དུ་ཉིན་གུང་ཆུ་ཚོད་༡༢ ཐོག་འབའ་གེ་མོ་ནས་ཡིན་པའི་གྲྭ་པ་ཞིག་གིས་སྐད་འབོད་བྱས་པ་དང་ཉེན་རྟོག་པ་དང་དམག་མི་ཧ་ཅང་མང་བ་དང༌། བོད་རིགས་མི་མང་ཡང་ཧ་ཅང་མང་པོ་ཡོད་པས་གྲྭ་པ་དེ་ཉེན་རྟོག་པས་འཛིན་བཟུང་བྱེད་རྒྱུར་མི་མང་གིས་འགོག་རྒོལ་བྱས་པར་བརྟེན་སྐབས་དེར་འཛིན་བཟུང་བྱེད་ཐུབ་མེད་ཚུལ་ཡང་ཕྱི་ཕྱོགས་ལ་འགྲེལ་བརྗོད་བྱེད་མཁན་བྱུང་འདུག དེ་བཞིན་ཕྱི་དྲོ་ཆུ་ཚོད་༣།༣༠ ཐོག་ལི་ཐང་རྫོང་འབྲང་ལ་ཤང་ཀླད་དཀར་མདོ་དབྲ་བ་བཀྲ་ཤིས་ཚང་ནས་ཡིན་པ་རང་ལོ་༢༩ ཡིན་པ་གྲྭ་བློ་བཟང་དབང་ཕྱུག་གིས་

Read more

མཆོད་མེ་དྲ་རྒྱ་གཙོ་གཉེར་བྱེད་མཁན་འཛིན་བཟུང༌།

སྒྲོལ་དཀར་སྐྱབས་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཕྱི་ལོ་༢༠༠༩ ཟླ་༢ ཚེས་༢༦ ཉིན་རྨ་ཆུ་རྫོང་དངུལ་རྭ་ཞང་ཁུལ་སྐོར་སྡེ་བའི་གོ་བྷེ་ཚང་གི་ཚེ་འཕེལ་༼དཀོན་མཆོག་ཚེ་འཕེལ་༽ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྒྱལ་ཁབ་བདེ་འཇགས་མི་སྣ་ཟེར་བས་ཆབ་སྲིད་ཀྱི་དོགས་གཞིའི་འོག་གློ་བུར་འཛིན་བཟུང་གིས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་བཀག་ཉར་བྱས་ཡོད་པ་དང༌། ཁོ་པ་འཛིན་བཟུང་སྐབས་རང་ཁྱིམ་སྔོག་བཤེར་གྱིས་གློག་ཀླད་དང་དོགས་ཡོད་ཅ་དངོས་རིགས་ཕྲོགས་ཡོད་འདུག སྐུ་ཞབས་ཚེ་འཕེལ་ལགས་ཀྱིས་ཕྱི་ལོ་༢༠༠༥ ན་གཞོན་སྙན་ངག་པ་སྐྱབས་ཆེན་བདེ་གྲོལ་མཉམ་འགྲོ་གྲོན་སྒེར་གཏོང་གིས་མཆོད་མེ་བོད་ཀྱི་རྩོམ་རིགས་དྲ་བ་གསར་འཛུགས་བྱས་ཡོད་པ་དང༌། རྒྱ་གཞུང་གིས་ཕྱི་ལོ་༢༠༠༧།༢༠༠༨ གཉིས་ནང་ཐེངས་ཁ་ཤས་ལ་དྲ་རྒྱ་བཀག་བསྡོམས་བྱས་ཀྱང་དཀའ་ངལ་ལ་གདོང་ལེན་གྱིས་མུ་མཐུད་མཆོད་མེ་བོད་ཀྱི་རྩོམ་རིགས་དྲ་བའི་ལས་དོན་རྒྱུན་འཁྱོངས་བྱས་ཡོད་པ་རེད།།

Read more

ཁམས་དཀར་མཛེས་ཁུལ་དུ་རྒྱ་རྒོལ་དང་འཛིན་བཟུང༌།

འདི་ག་གསར་ཁང་དུ་ཏྲེ་ཆོས་ལགས་ཀྱིས་ཞལ་པར་བརྒྱུད་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཕྱི་ལོ་༢༠༠༩ ཟླ་༣ ཚེས་༥ ཉིན་ཁམས་དཀར་མཛེས་ཁུལ་དུ་བུ་མོ་ཞིག་དང་ཨ་ནེ་ཞིག་གིས་རྒྱ་གཞུང་གི་སྲིད་བྱུས་ལ་ངོ་རྒོལ་སྐད་འབོད་བྱས་ཡོད་པ་དང༌། དཀར་མཛེས་རྫོང་གི་བུ་མོ་རང་ལོ་༣༦ ཅན་བྱམས་པ་ལྷ་མོ་དང༌། གྲོང་སྡེ་གཞི་ལི་མདའ་ནས་ཡིན་པ་རང་ལོ་༢༢ ཅན་བཙུན་མ་པད་མ་དབྱངས་མཛོམས་གཉིས་ཀྱིས་དཀར་མཛེས་ཀྱི་རྫོང་གི་ལྟེ་གནས་སུ་ྋརྒྱལ་བ་རིན་པོ་ཆེ་བོད་དུ་ཕེབས་དགོས་ཡོད། བོད་ལ་འགྲོ་བ་མིའི་ཐོབ་ཐང་མི་འདུག པཎ་ཆེན་ཆུང་སྲིད་རིན་པོ་ཆེ་གློད་གྲོལ་གཏོང་དགོས། དེ་བཞིན་བོད་ཀྱི་ཉེས་མེད་བཙོན་པ་ཚང་མ་གློད་གྲོལ་གཏོང་དགོས། བོད་ལ་ཞི་བདེ་ལྷིང་འཇགས་མི་འདུག་ཅེས་པ་སོགས་བརྗོད་ནས་སྐར་མ་ཁ་ཤས་རྗེས་སུ་ཉེན་རྟོག་པ་ཡོང་ནས་འཛིན་བཟུང་བྱས་འདུག ད་ལྟ་དཀར་མཛེས་མི་མང་སྨན་ཁང་གི་མདུན་དུ་ཡོད་པའི་བཙོན་ཁང་གསར་པ་དེའི་ནང་བཅུག་ཡོད་འདུག ཡ་མཚན་པ་ཞིག་ལ་ད་ཐེངས་འཛིན་བཟུང་བྱས་པ་ཙམ་ལས་ཉེས་རྡུང་གང་ཡང་བཏང་མི་འདུག་ཟེར།

Read more

ཨ་མདོ་རྔ་སྟོད་དུ་མི་མང་གིས་རྒྱ་རྒོལ།

གནས་ཚུལ་ཤེས་གསལ་ལྟར་ན། ཕྱི་ཟླ ༣ པའི་ཚེས་ ༥ ཉིན་ཨ་མདོ་རྔ་པ་རྔ་སྟོད་སྒོ་མང་གྲྭ་ཚང་གི་དགེ་འདུན་པ་ ༢༠ ལྷག་གིས་སྣེ་ཁྲིད་འོག ཚོ་དྲུག་གྲོང་ཚོའི་མི་སྐྱ་སོགས་མི་གྲངས་ ༢༠༠ ལྷག་གིས་བོད་རྒྱ་ལག་ཏུ་ཤོར་ནས་མི་ལོ་ལྔ་བཅུའི་ལོ་ནག་སྲུང་བརྩི་བྱ་དགོས། ང་ཚོ་ལ་ཞི་བདེ་དང་རང་དབང་དགོས། བོད་མི་རྩམ་གཟན་ཚང་མ་ཡར་ལོངས་ཤོག ཅེས་དགོན་པ་ནས་སྤྱི་ལེ་ ༢ ལྷག་གི་མཚམས་སུ་ཞི་བའི་སྐད་འབོད་བྱས་ཡོད་པ་དང༌། ཁོང་ཚོ་མུ་མཐུད་རྔ་པ་རྫོང་ཐོག་ལ་འགྲོ་རྩིས་བྱེད་སྐབས། དགེ་འདུན་པ་ཚོའི་ནང་མི་དང་ཕ་མ་གཉེན་ཉེ་ཚོས་ངུ་འབོད་བྱེད་བཞིན་བཀག་འགོག་བྱས་ཤིང༌། དེར་ཡོད་རྫོང་ཉེན་རྟོག་པ་དང་དམག་མི་མང་པོས་མཐའ་བསྐོར་ཏེ། གྲྭ་བ་ཚོ་བཙན་གྱིས་ཕྱིར་དགོན་པར་ལོག་བཅུག་ཡོད་པ་དང༌། གྲྭ་ཏིང་འཛིན་ཞུ་བ་ཞིག་འཛིན་བཟུང་བྱས་ཡོད་འདུག ད་ལྟ་རྔ་སྟོད་སྒོ་མང་གྲྭ་ཚང་གི་ཕྱོགས་ཡོངས་སུ་དམག་མིས་བསྐོར་ཏེ་དམ་དྲག་བྱས་ཡོད་པ་མ་ཟད། དགེ་འདུན་པ་དང་མི་སྐྱ་ཚོ་དགོན་པའི་ནང་འགྲོ་འོང་བྱེད་པར་བཀག་བསྡོམས་བྱས་ཡོད་འདུག

Read more

ཁྲིན་ཏུའུ་གྲོང་ཁྱེར་དུ་བོད་རིགས་ཚོར་དམ་དྲག

 རྒྱ་ནག་ཁྲིན་ཏུའུ་ནས་འབྱོར་བའི་ཁུངས་ལྡན་གནས་ཚུལ་ལྟར་ན། ཟླ་འདིའི་ཚེས་༣ ནས་རྒྱུ་ནག་ཁྲིན་ཏུའུ་ཝོ་ཧའོ་སུ་ཟེར་བའི་ས་གནས་བོད་རིགས་ཚོང་པ་འདུ་ས་དེར་རྒྱ་དམག་གིས་བསྐོར་ནས་བོད་རིགས་ཚོ་གར་འགྲོ་གར་འདུག་སོགས་ལ་ཉིན་མཚན་མེད་པར་སྲུང་འདུག་ཟེར། དེ་ཡང་གནས་ཚུལ་མཁོ་སྤྲོད་པས་བཤད་པ་ལྟར་ན། སྤྱིར་བཏང་ད་ལོ་བོད་རིགས་ཚོ་ས་ཆ་གང་དུ་སོང་ཡང་རྒྱ་མི་ཉེན་རྟོག་པ་དང་སྐོར་སྲུང་བས་ལྟ་སྲུང་བྱེད་ཀྱི་ཡོད་པ་དང༌། ལྷག་པར་ཁ་སང་ཁ་ཉིན་ཚེས་༣ ནས་ཁྲིན་ཏུའུ་བོད་རིགས་འདུས་སྡོད་བྱེད་ས་ཝོ་ཧའོ་སུ་ཟེར་ས་དེར་རྒྱ་མི་སྐོར་སྲུང་བ་མང་པོ་སླེབས་སོང༌། ཝོ་ཧའོ་སུ་ཟེར་ས་དེ་ཁམས་དང་ཨ་མདོའི་ཕྱོགས་ཀྱི་བོད་རིགས་ཚོང་པ་རྣམས་འདུས་སྡོད་བྱེད་ས་གཙོ་བོ་ཞིག་རེད། ད་དམག་གིས་བསྐོར་ཚར་སོང༌།

Read more

གསེར་རྟ་རྫོང་ཁོངས་སུ་ངོ་རྒོལ།

ཟླ་འདིའི་ཚེས་༢༥ དང༌། བོད་ཀྱི་ལོ་སར་ཚེས་༡ ཉིན་གསེར་རྟ་རྫོང་ཁོངས་ཀྱི་དགོན་གྲོང་མང་པོའི་ཁང་ཐོག་ལ་དར་ནག་བཙུགས་པ་དང༌། སེ་ར་དགོན་པའི་གྲྭ་མང་གིས་ཁེས་སྐོར་ཞང་སྲིད་གཞུང་གི་སྒོ་འགྲམ་དུ་སྔ་ལོའི་ཚེ་སྲོག་ཤོར་བའི་སྤུན་ཟླ་རྣམས་དང༌། བཙོན་འོག་ན་མནར་གཅོད་མྱོང་བཞིན་པ་རྣམས་ལ་མྱ་ངན་དང་གུས་འདུད་མཚོན་བྱེད་དུ་བྱང་ཆུབ་སེམས་མཆོག་དང༌། རྒྱལ་བའི་ཞབས་བརྟན་གསོལ་འདེབས་བཏོན་ནས་ཟས་བཅད་ངོ་རྒོལ་བྱས་ཡོད་འདུག ཆུ་ཚོད་གསུམ་ལྷག་སོང་མཚམས་ས་གནས་ཉེན་རྟོག་པ་སླེབས་ནས་བོད་རིགས་ལས་བྱེད་པ་དང༌། སྡེ་བ་སོ་སོའི་མི་སྣ་རྣམས་ལ་ཁྱེད་རང་ཚོའི་འགན་ཁུར་ནས་གྲྭ་བ་ཚོ་མྱུར་དུ་དགོན་ནང་དུ་འགྲོར་མ་བཅུག་ཚེ་ཐག་གཅོད་ནན་པོ་བྱེད་ངེས་ཡིན། ཞེས་འཇིགས་སྐུལ་བྱས་པར་བརྟེན་དགོན་པའི་ལྷ་སྡེ་ཁག་དང༌། དེ་མིན་རྟ་ཤུལ་སྡེ་བ་དང༌། དབོན་བཟའ་དང་ཨ་སྐྱབས་སྡེ་བ་ལ་སོགས་པའི་མི་མང་བརྒྱ་ཕྲག་མང་པོ་འདུ་འཛོམས་བྱུང་ནས་གྲྭ་མང་ལ་ལས་འགུལ་མཚམས་འཇོག་མ་བྱས་ཚེ་སྔ་ལོ་བཞིན་གནས་ཚུལ་ཚབས་ཆེན་འབྱུང་ངེས་རེད།

Read more

མང་ར་རྫོང་དུ་དགེ་འདུན་པས་ཁྲོམ་སྐོར།

ཕྱི་ཟླ་༢ པའི་ཚེས་༢༥ ཉིན་ལོ་གསར་ཚེས་༡ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༦ དང་ཕྱེད་ཀའི་ཐོག་ཨ་མདོ་མང་ར་རྫོང་ཀླུ་ཚང་དགོན་པའི་དགེ་འདུན་པ་༢༠༠ ལྷག་གིས་ལཱ་མོ་ཡོངས་འཛིན་རིན་པོ་ཆེའི་ལྷ་ཁང་ནས་འགོ་བཙུགས་ཏེ། སྤྱི་ལེ་༡ ལྷག་གིས་སར་ཡོད་པའི་མང་ར་རྫོང་སྲིད་གཞུང་གི་བར་ཏུ་མར་མེའི་ཁྲོམ་སྐོར་གནང་ཡོད་པ་དང༌། དགོང་མོ་རྒྱ་ནག་གཞུང་གི་སྒོ་ཆེན་མདུན་དུ་འདུ་འཛོམས་ཀྱིས་དགོས་འདུན་ཁག་བཞི་བཏོན་ཡོད་འདུག
    དང་པོ། བོད་མི་གཞོན་སྐྱེས་ཚོའི་བསམ་ཚུལ་དང་སེམས་དོན་རྒྱ་གཞུང་གིས་ཤེས་རྟོགས་ཡོང་རྒྱུ། གཉིས་པ། ད་ལོ་མར་མེའི་ཁྲོམ་སྐོར་འདིས་མཚོན་ཞི་བའི་ལས་འགུལ་དག་འདས་ལོ་ལས་རྒྱ་ཆེ་བ་ཡོང་རྒྱུ་ཡིན་པ་ཤེས་རྟོགས་ཡོང་རྒྱུ། གསུམ་པ། ཀླུ་ཚང་དགོན་པའི་མར་མེའི་ཁྲོམ་སྐོར་འདི་ནི་གཞིས་བྱེས་གཉིས་ཀྱི་བོད་རིགས་སྤུན་ཟླ་ཡོངས་ལ་ལོ་ནག་གི་རྗེས་དྲན་ལེགས་སྐྱེས་སུ་ཕུལ་བ། བཞི་པ། བོད་དོན་བདེན་མཐའ་མྱུར་དུ་སེལ་དགོས་པ་བཅས་ཀྱི་དགོས་འདུན་བཅས་བཏོན་ཡོད་འདུག སྐབས་དེར་ས་གནས་བོད་རིགས་ལས་བྱེད་རྒན་གྲས་དང་དགོན་པའི་དགེ་རྒན་རྣམས་སླེབས་ཏེ། ཞི་བའི་ངོ་རྒོལ་མཚམས་འཇོག་གནང་སྟེ་དགེ་འདུན་པ་རྣམས་ཕྱིར་དགོན་པར་ཕེབས་དགོས་པའི་འབོད་སྐུལ་ཞུས་པ་བཞིན་ལས་འགུལ་དེ་རེ་ཞིག་མཚམས་འཇོག་བྱས་ཡོད་འདུག

Read more

རྨ་ཆུ་རྫོང་དུ་གྲྭ་གཉིས་འཛིན་བཟུང༌།

ཕྱི་ལོ་ཉིས་སྟོང་དགུ་ལོའི་ཧོར་ཟླ་དང་པོའི་སྨོན་ལམ་གྱི་ཚེས་༡༤ རྨ་ཆུ་རྫོང་མུར་བྱེ་ཞང་བྱེ་གཤོང་དགོན་དགའ་ལྡན་ཆོས་འཁོར་གླིང་གི་གྲྭ་གཉིས་རྨ་ཆུ་རྫོང་ཐོག་ཏུ་རྒྱ་ནག་གཞུང་གི་སྤྱི་བདེ་མི་སྣ་ཟེར་བས་བོད་དོན་ལས་འགུལ་སྤེལ་མཁན་གྱི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག  གྲྭ་དེ་གཉིས་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་དུ་སློབ་གཉེར་བྱེད་བཞིན་པའི་སློབ་མ་གཉིས་ཡིན་འདུག་ལ། ཁོང་གཉིས་སློབ་གྲྭའི་གུང་གསེང་རྫོགས་ཏེ་ཕྱིར་སློབ་གྲྭར་འགྲོ་སྐབས་གོང་ཚེས་ཉིན་རྨ་ཆུ་རྫོང་མགྲོན་ཁང་ཞིག་ཏུ་བསྡད་ཡོད་སྐབས་འཛིན་བཟུང་གིས་རྨ་ཆུ་རྫོང་བཀག་ཉར་ཁང་བཙོན་འཇུག་བྱས་ཡོད་འདུག འདས་ལོ་ཕྱི་ཟླ་བདུན་པ་ནས་རྨ་ཆུ་རྫོང་སྲང་ལམ་གཡས་གཡོན་དུ་གཟུགས་ལེན་འཕྲུལ་ཆས་བརྒྱད་དང་རྫོང་སྲིད་གཞུང་དང་སྤྱི་བདེ་ལས་ཁུངས་གཉིས་ཀྱི་སྒོ་འགྲམ་དུའང་ཉེན་ཟོན་སླད་གཟུགས་ལེན་འཕྲུལ་ཆས་ཆེད་འཛུགས་བྱས་ཡོད་འདུག

Read more
Page 113 of 122« First...111112113114115...Last »