གྲྭ་པ་ཞིག་གི་རང་ལུས་མེར་བསྲེག

བོད་ཀྱི་ལོ་གསར་ཚེས་༣ ཉིན་སྟེ། ཕྱི་ཟླ་2 ཚེས་27 ཉིན་གོང་ཆུ་ཚོད་1ཙམ་ལ་ཨ་མདོ་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་བཀྲ་བྷེ་ལགས་ཀྱིས་བོད་བསྟན་སྲིད་ཀྱི་དོན་དུ་རང་ལུས་མེར་བསྲེག་བཏང་སྟེ། རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཡོད་སྟབས་རྒྱ་གཞུང་གི་ཉེན་རྟོག་པས་མེ་མདའ་བརྒྱབ་ཡོད་འདུག

 ཕྱི་ཚེས་26 ཉིན་གྱི་ཕྱི་དྲོ་ཨ་མདོ་རྔ་བ་ཀིརྟི་དགོན་པ་དང་རྔ་བ་རྫོང་ཐོག་བཅས་སུ། ཁ་སང་གི་དམར་གསོད་ལ་མ་སྐྲག་ན། དེ་རིང་གི་རྡུང་རྡེག་ལ་ཅིའི་ཕྱིར་སྐྲག སང་ཉིན་ང་ཚོས་ཡར་ལངས་རྒྱག་དགོས། ཞེས་བཀོད་པའི་སྦྱར་ཡིག་མང་པོ་ཞིག་སྦྱར་ཡོད་སྟབས། ཚེས་27 གྱི་ཞོགས་པ་རྔ་བ་རྫོང་ཐོག་གི་བོད་རིགས་མང་པོ་ཞིག་འདུ་འཛོམས་བྱས་ཡོད་པ་དང༌། ལོ་གསར་སྨོན་ལམ་ཆེན་མོ་ཚོགས་སུ་བཅུག་མེད་སྟབས། རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་ ༡༠༠༠ ཙམ་ཚོགས་ཆེན་འདུ་ཁང་མདུན་དུ་འདུ་འཛོམས་བྱས་ཡོད་འདུག

Read more

ལི་ཐང་དུ་འཛིན་བཟུང་བྱས་པ་ཁག་ཅིག་གློད་གྲོལ།

སེར་སྨད་ལི་ཐང་གྲྭ་བློ་དགའ་ལགས་ཀྱིས་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན། ལི་ཐང་ནས་འཛིན་བཟུང་བྱས་པའི་ནང་ནས་མི་བདུན་ཟླ་འདིའི་ཕྱི་ཚེས་༢༢ ཉིན་འབའ་ཐང་རྫོང་ནས་གློད་གྲོལ་བཏང་ཡོད་པ་དང༌། ཐོག་མ་ཕྱི་ཚེས་༡༥ དང་༡༦ སོ་སོར་སྐད་འབོད་བྱས་ནས་འཛིན་བཟུང་བྱས་པ་མི་༡༥ ལ་ལག་ལྕགས་བརྒྱབ་པ་དང་མགོ་ལ་རས་ནག་པོ་རེས་བཏུམ་ནས་ཕྱི་ཚེས་༢༠ ཉིན་དཀར་མཛེས་ཁུལ་འདབ་པ་རྫོང་དུ་ཁྲིད་ཡོད་པ་དང༌། དེའི་ནང་ནས་སྐད་འབོད་ཐོག་མ་བྱེད་མཁན་བློ་བཟང་ལྷུན་གྲུབ་དང༌། ཕྱི་ཚེས་༡༦ ཉིན་ྋགོང་ས་མཆོག་གི་སྐུ་པར་ཆེན་པོ་ཞིག་བསྣམས་ནས་ཕེབས་མཁན་བསོད་ནམས་བསྟན་པ་གཉིས་དམིགས་བསལ་ནག་ཆེན་དུ་བརྩི་བཞིན་ཡོད་པས་གང་དུ་ཁྲིད་ཡོད་མེད་གསལ་ཁ་མེད་ཀྱང༌། གཞན་རྣམས་༡༣ དེ་ཕྱི་ཚེས་༢༡ ཉིན་ལི་ཐང་བརྒྱུད་འབའ་ཐང་རྫོང་དུ་རྩིས་སྤྲོད་བྱས་ཡོད་པ་རེད།

Read more

ནག་ཆུ་ཁུལ་དུ་འཁྲུག་ཟིང་དང་སྐད་འབོད།

གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཚེས་༡༩ ཉིན་ནག་ཆུ་རྫོང་ཁུལ་ནས་ཡིན་པའི་བོད་པ་རླངས་འཁོར་ཁ་ལོ་བ་ཞིག་གི་འགྲུལ་པ་རྣམས་རྒྱ་མི་རླངས་འཁོར་གཏོང་མཁན་ཞིག་གིས་བཙན་ཤེད་ཀྱིས་ཁོ་རང་གི་རླངས་འཁོར་དུ་འཇུག་རྩིས་བྱས་པ་མ་ཟད། བོད་མི་དེ་ལ་མཐོང་ཆུང་དང་དམའ་འབེབས་ཀྱི་ཚིག་ངན་བཤད་པས། བོད་མི་དེ་ཁོང་ཁྲོ་ལངས་ནས་ཕན་ཚུན་འཁྲུག་པ་ཤོར་ཡོད་འདུག དེ་ནས་ས་གནས་དེའི་བདེ་འཇགས་མི་སྣ་གཙོ་བོ་རྒྱ་མི་དེས་ཀྱང་རྒྱ་མི་ཁ་ལོ་བ་དེའི་ཕྱོགས་བྱས་ནས། བོད་མི་དེར་རྡུང་རྡེག་བཏང་བ་མ་ཟད། བཙོན་ཁང་དུ་འཁྲིད་རྩིས་བྱས་པས།

Read more

བཙུན་མ་ཞིག་གིས་སྐད་འབོད་བྱས་ནས་འཛིན་བཟུང་བྱས་པ།

ཕྱི་ཚེས་༢༠ ཉིན་གྱི་ཞོགས་པ་དཀར་མཛེས་རྫོང་ཐོག་ཏྲེ་ཧོར་དར་རྒྱས་རུ་མདའ་གྲོང་ནས་ཡིན་པ་ཕ་ཕུར་བུ་རབ་བརྟན་དང༌། མ་བསོད་ནམས་དཔལ་སྐྱིད་གཉིས་ཀྱི་བུ་མོ་རང་ལོ་ ༤༣ ཅན་དར་རྒྱས་ཧ་དྷི་བཙུན་དགོན་གྱི་བཙུན་མ་བསོད་ནམས་ཆོས་སྐྱིད་ཀྱིས་ྋགོང་ས་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པ་དང་རང་ཡུལ་གངས་ཅན་ཞིང་དུ་བཞུགས་གདན་འཇགས་དགོས་པ། བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་མྱུར་དུ་གློད་བཀྲོལ་གཏོང་དགོས་པ། བོད་ཀྱི་བདག་པོ་བོད་མི་ཡིན་པ། བོད་ལ་འགྲོ་བ་མིའི་ཐོབ་ཐང་དགོས་པ་སོགས་ཀྱི་སྐད་འབོད་ཤུགས་ཆེར་བྱས་མ་ཐག་ཉེན་རྟོག་པས་ཉེས་རྡུང་འོག་འཛིན་བཟུང་གིས་བཙན་ཁྲིད་བྱས་ཡོད་འདུག

Read more

གསེར་རྟ་རྒྱའུ་གདོང་དགོན་དུ་དམ་དྲག་དང་དགོན་བདག་བྲོས་བྱོལ།

བོད་ནས་འབྲེལ་ཡོད་བརྒྱུད་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན་ཟླ་འདིའི་ཚེས་༡༧ ཉིན་གསེར་རྟ་རྫོང་ཁོངས་གསེར་སྨད་རྒྱའུ་གདོང་དགོན་དུ་རྒྱ་གཞུང་གིས་ལས་བྱེད་པ་ཡོང་ནས་ལོ་གསར་གཏོང་དགོས་པ་དང༌། གྲྭ་མང་ལ་ལོ་གསར་གཏོང་ཆེད་རྒྱ་སྒོར་ལྔ་སྟོང་སྤྲོད་རྒྱུ་དང༌། དགོན་བདག་སྤྲུལ་སྐུ་ཤེས་རབ་བློ་ལྡན་ལགས་སུ་ཁྱེད་རང་གིས་རྒྱའུ་གདོང་དགོན་པར་ལོ་གསར་གཏོང་ཐུབ་པ་ཞིག་གྱིས་དང་ཟླ་རེ་བཞིན་རྒྱ་སྒོར་སུམ་བརྒྱ་རེའི་ཟླ་ཕོགས་སྤྲད་རྒྱུ་ཡིན་ཚུལ་བརྗོད་ཡོད་ཀྱང༌། གྲྭ་མང་ཡོངས་ཀྱིས་ལོ་སར་གཏོང་བྱེད་དུ་སྤྲད་པའི་རྒྱ་སྒོར་༥༠༠༠ དང་སྤྲུལ་སྐུ་ལ་ཟླ་རེ་བཞིན་སྒོར་༣༠༠ རེ་ཟླ་ཕོགས་སྤྲད་རྒྱུ་བཅས་ལ་དང་ལེན་མ་བྱས་པར་བརྟེན། དགོན་པའི་སྒྲུབ་མཆོད་ཉིན་བཅོ་ལྔའི་རིང་འཚོགས་སྲོལ་ཡོད་པ་བཞིན་འཚོགས་ནས་དངོས་གཞིའི་གར་འཆམ་འཆམས་མ་བཅུག་པར་མཚམས་འཇོག་བྱེད་དགོས་བྱུང་ཡོད་པ་དང༌།

Read more

བཙུན་མ་གཉིས་དང་མི་སྐྱ་གཉིས་ལ་ཁྲིམས་ཆད།

ཉེ་ཆར་དཀར་མཛེས་སྤང་རི་སྣའི་བཙུན་མ་གཉིས་དང་མི་སྐྱ་གཉིས་བཅས་མི་བཞི་ལ་རྒྱ་ནག་གཞུང་གིས་ཁྲིམས་ཆད་བཏང་ཟིན་པ་དང༌། དཀར་མཛེས་དགེ་ཆུང་གྲོང་ནས་ཡིན་པ་ཕ་ཡེ་ཤེས་རྒྱལ་མཚན་དང༌། མ་འབྲུག་སྡུང་གཉིས་ཀྱི་བུ་མོ་རང་ལོ་ ༣༥ ཅན་སྤང་རི་སྣ་བཙུན་དགོན་གྱི་འགན་འཛིན་ཟུར་པ་བསོད་ལྷ་མཚོ་ལ་ལོ་༡༠ ཁྲིམས་ཆད་དང༌། དགེ་ཆུང་གྲོང་ནས་ཡིན་པ་ཕ་ཚེ་འདས་བསྟན་འཛིན་འཕྲིན་ལས་དང༌། ཞེས་མོ་གཉིས་ཀྱི་བུ་མོ་རང་ལོ་ ༣༦ ཅན་བཙུན་མ་བུ་མོ་ལ་ལོ་༢ ཉིས་ཀྱི་ཁྲིམས་ཆད་བཏང་ཡོད་པ་རེད། ཕྱི་ཟླ་ ༥ ཚེས་ ༡༤ ཉིན་སྤང་རི་སྣའི་བཙུན་མ་ཡོངས་ནས་ཞི་རྒོལ་བྱེད་སྐབས་གཙོ་བོ་ཁོང་གཉིས་ཀྱིས་ཞི་རྒོལ་བྱས་རྐྱེན་འཛིན་བཟུང་བྱས་པ་རེད། ད་སྐབས་དར་རྩེ་མདོ་ནས་ལམ་ཐག་ཀི་ལོ་མི་ཊ་ ༡༤༠ ཙམ་གྱི་སར་༼ཧྲི་མོན༽ཟེར་བའི་ས་གནས་ཀྱི་བཙོན་ཁང་ཞིག་བསྐྱལ་ཡོད་འདུག

Read more

བེ་རིའི་གྲྭ་པ་ཞིག་འཇུ་བཟུང༌།

བོད་ནས་ཁ་པར་བརྒྱུད་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཟླ་བ་༢ པའི་ཚེས་༡༤ ཉིན་རང་ལོ་༡༩ སོན་པའི་བེ་རི་དགོན་གྱི་གྲྭ་བྱམས་པ་བློ་གྲོས་ལགས་ཀྱིས་དཀར་མཛེས་རྫོང་གི་ཁྲོམ་ལམ་དུ་ྋགོང་ས་མཆོག་སྐུ་ཚེ་བརྟན་པའི་སྐད་འབོད་དང་ཡིག་ཆ་འགྲེམས་སྤེལ་བྱས་པར་བརྟེན། རྒྱ་ནག་གཞུང་གི་ས་གནས་ཉེན་རྟོག་པས་འཛིན་བཟུང་གིས་བཙོན་འཇུག་བྱས་ཡོད་པ་རེད། གྲྭ་བྱམས་པ་བློ་གྲོས་ཀྱི་ཤག་རོགས་ཁོང་གི་ཨ་ཞང་སྐལ་བཟང་ཡེ་ཤེས་ལགས་ཀྱིས་དེ་སྔོན་ངོ་རྒོལ་བྱས་ཏེ། རྒྱ་གཞུང་གིས་འཛིན་བཟུང་བྱས་པར་བརྟེན། ཁོང་སེམས་སྡུག་དང་བཅས་ཨ་མ་ལ། ང་བུར་སྐྱེས་གོ་ཆོད་མི་འདུག ངའི་ཨ་ཞང་བོད་ཀྱི་དོན་དུ་སྐད་འབོད་བརྒྱབ་ནས་བཟུང་ཚར་བ་རེད། ད་དུང་ང་འདི་འདྲ་སྡོད་ག་ལ་རུང༌། ཅེས་བརྗོད་ནས་ཟླ་བ་འདི་ཡི་ཚེས་༡༤ ཉིན་བོད་དོན་སྐད་འབོད་བྱས་མཐར་རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་རེད་ཅེས་གྲྭ་བེ་རི་དཔལ་ལྡན་རྣམ་རྒྱལ་ལགས་ཀྱིས་གནས་ཚུལ་མཁོ་གཏོང་གནང་སོང༌།

Read more

ཁམས་ལི་ཐང་དུ་རྒྱ་གཞུང་ལ་ངོ་རྒོལ་དང་མི་མང་ཕོན་ཆེ་འཛིན་བཟུང༌།

འདི་ཟླའི་ཕྱི་ཚེས་༡༥ རེ་གཟའ་ཉི་མ་ཉིན་གྱི་ཞོགས་པ། བོད་ནང་གི་ཆུ་ཚོད་༨ པ་ཡོལ་ཙམ་ལ་ཁམས་ལི་ཐང་མཐིལ་ནས་ཡིན་པ། འབའ་གེ་མོ་བ་གྲྭ་བློ་བཟང་ལྷུན་འགྲུབ་༼ཡོངས་གྲགས་སུ་ལྷུན་འགྲུབ༽ཅེས་པས་རྒྱ་གཞུང་ལ་ངོ་རྒོལ་བྱས་འདུག འདི་གར་སེར་སྨད་ལི་ཐང་གྲྭ་བློ་དགའ་ལགས་ཀྱིས་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཕ་ཀུན་མཁྱེན་དང༌། མ་བློ་བཟང་སྒྲོལ་མ་གཉིས་ཀྱི་བུ་བློ་བཟང་ལྷུན་འགྲུབ་ཀྱིས། ྋགོང་ས་ཡིད་བཞིན་ནོར་བུའི་སྐུ་ཚེ་བསྐལ་བརྒྱར་བརྟན་པར་ཤོག། བོད་རང་དབང་རང་བཙན་གཙང་མ་ཡིན། བོད་ཡུལ་གྱི་དམྱལ་ཁམས་ན་བོད་ཀྱི་ལོ་སར་མེད། ཅེས་སོགས་སྐད་ཤུགས་ཆེན་པོས་རྒྱ་གཞུང་ལ་ངོ་རྒོལ་བྱས། ཁོས་ལག་ཏུ་དབྱུག་པ་ཞིག་ཐོགས་ཡོད་པ་དང་དེ་ནི་ཉེ་འགྲམ་གྱི་མིས་ཤ་ཚ་བྱས་ཏེ་ངོ་རྒོལ་ལ་འགོག་རྐྱེན་མི་ཡོང་བའི་ཆེད་རེད་ཟེར། ཉིན་དེའི་སྔ་ནུབ་སོགས་སུ་མྱ་ངན་གྱི་ལོ་གསར་འདི་བོད་རྒྱ་གཉིས་ཙམ་མ་ཡིན་པར་འཛམ་གླིང་གི་མི་རྣམས་ཀྱིས་ངེས་པར་ཤེས་དགོས་ཞེས་དང༌། མུ་མཐུད་དོན། རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་ཚེས་བཅོ་ལྔ་ཉིན་རང་སྲོག་བློས་གཏོང་བྱེད་ཀྱི་ཡིན། ངའི་སྲོག་ཐོག་ལ་རྒྱ་དམག་གིས་མེ་འབུད་སྟངས་དེ་གྲོགས་པོ་ཁྱེད་རྣམས་ཀྱིས་ངེས་པར་མཐོང་དགོས་ལ་གཞན་ལ་བརྗོད་ཀྱང་དགོས།

Read more

མི་ཉག་རབ་སྒང་དགོན་དུ་ཉེན་རྟོག་སྤྱི་ཁང་མེར་བསྲེག

    ཕྱི་ལོ་༢༠༠༨ ལོར་མི་ཉག་རབ་སྒང་དགོན་དུ་ཆེད་འཛུགས་བྱས་པའི་ཉེན་རྟོག་སྤྱི་སྲུང་ཁང་མེར་བསྲེག་བཏང་བ་དང༌། གཞུང་ལམ་ཐོག་བོད་རང་བཙན་ཡིན་པའི་ཡི་གེ་བྲིས་ཡོད་པ་རེད།
དེ་ཡང་བོད་ནས་འབྱོར་བའི་ཁུངས་ལྡན་གནས་ཚུལ་ལྟར་ན། ཕྱི་ཟླ་༡ པོའི་ཚེས་༣༠ ཡས་མས་ཤིག་ལ་རབ་སྒང་དགོན་དུ་ཕྱི་ལོ་༢༠༠༨ ལ་ཆེད་འཛུགས་བྱས་པའི་རྒྱ་དམག་དང་ཉེན་རྟོག་པའི་སྤྱི་སྲུང་ཁང་ཞིག་ཡོད་པ་མེར་བསྲེག་བཏང་བ་དང་གཞུང་ལམ་ཐོག་ཏུ་བོད་རང་བཙན་ཡིན། ྋརྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོ་ནས་ཁྲི་ལོ་བརྟན་པར་ཤོག ྋརྒྱལ་བ་རིན་པོ་ཆེ་ཁྲི་ལ་འཁོད་པར་ཤོག ང་ཚོ་གངས་ཅན་པ་ཡོངས་ཀྱི་དཀའ་སྡུག་མཉམ་ཁུར་ཡིན། རྒྱ་ནག་གིས་འདུག་ཚོད་འཛིན་དགོས། ཅེས་སོགས་ལྕགས་རྩི་དམར་པོས་སྣུམ་ལམ་ཐོག་བྲིས་པ་དང་འཕྲེད་དར་ཐོག་བྲིས་ནས་ཕྱར་ཡོད་འདུག་ལ། འཕྲེད་དར་ཉིན་གཅིག་རིང་ལྷག་ཡོད་པ་དང་ལམ་ཐོག་གི་ཡི་གེ་ཉིན་གཉིས་ཙམ་ལ་བསུབ་མ་ཐུབ་པར་ལྷག་ཡོད་པ་རེད། ཁང་པ་མེར་བསྲེག་བཏང་བས་ཉེན་རྟོག་པ་དང་དམག་མི་སོགས་སུ་ལ་ཡང་གནོད་སྐྱོན་བྱུང་མི་འདུག

Read more

གྲྭ་པ་དགུ་བཙོན་འཇུག་དང་གཅིག་རང་ཤི།

འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ལྷོ་ཁ་མི་མང་ཁྲིམས་ཞིབ་ཁང་ཟེར་བའི་ཁྲིམས་བཤེར་འོག་ལོ་སྔོན་མ་གསུམ་བཅུའི་དུས་དྲན་སྐབས་སུ་ངོ་རྒོལ་ལས་འགུལ་ནང་འཛུལ་ཞུགས་བྱས་པའི་ཉེས་མིང་འོག་ལྷོ་ཁ་ས་གནས་སུ་གྲྭ་པ་༩ ལ་བཙོན་འཇུག་གི་ཁྲིམས་ཆད་ལོ་གྲངས་༢ ནས་༡༥ བར་བཅད་ཡོད་པ་དང༌། དེའི་ནང་བསམ་ཡས་དགོན་དུ་དཔེ་ཁྲིད་གནང་བཞིན་ཡོད་པའི་གྲྭ་པ་གཅིག་རང་ཤི་བརྒྱབ་ཡོད་པ་རེད།  ཁོང་གིས་ཞལ་ཆེམས་ཤིག་བཞག་ཡོད་པའི་ནང་རང་ཤི་བརྒྱབ་པ་ནི་ངོ་རྒོལ་གྱི་འོས་འགན་ཁྱེར་བ་ཞིག་ཡིན་ཞེས་བཀོད་ཡོད་འདུག དེ་མིན་གྲྭ་བསྟན་འཛིན་བུ་ཆུང་ལ་ཁྲིམས་ཆད་ལོ་༡༥ དང་བསྟན་འཛིན་བཟོད་པ་ལ་ལོ་༡༣། དགེ་ལེགས་དང༌། ངག་དབང་བསྟན་འཛིན་གཉིས་ལ་ལོ་༢ ཀྱི་བཙོན་འཇུག་གི་ཁྲིམས་ཆད་བཏང་ཡོད་པ་རེད། བསམ་ཡས་དགོན་པ་ནས་ཡིན་པའི་གྲྭ་རྒྱལ་མཚན་ལ་ཁྲིམས་ཆད་ལོ་༡༥ དང་ཉི་མ་བཀྲིས་དང་ཕུན་ཚོགས་ལ་ལོ་༡༣ བསྟན་འཛིན་ཟླ་བ་དང་རིག་ལྡན་ལ་ལོ་༢ ཁྲིམས་ཆད་བཏང་ཡོད་པ་རེད། དེ་བཞིན་ལོ་སྔོན་མའི་གསུམ་བཅུའི་དུས་དྲན་ལ་ཁ་གཡར་ནས། བོད་མི་མང་པོ་གང་སར་བཙོན་འཇུག་བྱས་ཡོད་པ་རེད།།

Read more
Page 114 of 122« First...112113114115116...Last »