ཏྲེ་ཧོར་ཁུལ་གྱི་གནས་ཚུལ་གསར་པ།

ཏྲེ་ཧོར་རྟའུ་མ་གཟི་ཤང་ཅོང་གཞི་གྲོང་ནས་ཡིན་པ། ཕ་ཚེ་འདས་བློ་བཟང་རྒྱ་མཚོ་དང༌། མ་ཚེ་འདས་པད་སྐྱིད་གཉིས་བུ་རང་ལོ་༥༥ ཅན་ཚེ་དབང་རིག་འཛིན་ཉེ་སྔོན་རྟའུ་ཁུལ་དུ་ཞི་རྒོལ་བའི་གྲས་ཀྱི་གཙོ་བོ་ཡིན་པའི་ཉེས་འཛུགས་འོག ཕྱི་ཟླ་༦ ཚེས་༡༣ ཉིན་འཛིན་བཟུང་བྱས་ནས་ད་སྐབས་ག་སོང་ཆ་མེད་གྱུར་ཡོད་པ་མ་ཚད། ཁོང་གི་ཕ་དམ་པ་ཡང་ཁོང་ཆུང་རང་ལོ་༢ ཡས་མས་སྐབས་རྒྱ་གཞུང་ནས་སྡུག་སྦྱོར་ཚད་མེད་བཏང་རྐྱེན་མ་བཟོད་པ་རང་ཤི་བརྒྱབ་ཡོད་འདུག རྟའུ་མ་གཟི་ཤང་ཅོང་གཞི་གྲོང་ནས་ཕ་མིང་ཚེ་འདས་ཉི་ཆེན་དང༌། མ་མིང་ནོར་སྲས་གཉིས་ཀྱི་བུ་རང་ལོ་༣༨ ཅན་བཀྲིས་དབང་ཕྱུག་ཁོང་གི་གྲོགས་ཉི་མ་གྲགས་པ་དང་གཅིག་མཚུངས་ཀྱི་ཕྱི་རྒྱལ་ཁག་ལ་གནས་ཚུལ་མཁོ་སྤྲོད་བྱས་པའི་ཉེས་འཛུགས་འོག་ཕྱི་ཟླ་༤ པའི་ནང་རྒྱ་གཞུང་ནས་འཛིན་རྩིས་བྱས་སྐབས་རི་ལ་བྲོས་བྱོལ་དུ་སོང་ཡོད་པ་དང་ད་དུང་ཡང་ག་སོང་ཆ་མེད་དུ་གྱུར་ཡོད་འདུག

Read more

གྲྭ་པ་སྐྱབས་བཅོལ་བ་ཞིག་གི་བརྒྱུད་ལམ།

ཉེ་ཆར་ནག་ཆུ་ཨ་མདོ་རྫོང་ནས་ཕེབས་པའི་གྲྭ་པ་ཞིག་བལ་ཡུལ་སྣེ་ལེན་ཁང་དུ་འབྱོར་ཡོད་པ་དང༌། ཁོང་ན་ནིང་འབྲུག་ནས་འཛིན་བཟུང་བྱས་ཏེ་ཕྱིར་སློག་བྱས་པ་ཞིག་རེད་འདུག ༢༠༠༧ ལོའི་ཟླ་༡ ཚེས་༢༥ ཉིན་ཕ་ཡུལ་ནག་ཆུ་ཨ་མདོ་རྫོང་ནས་ཡིན་པའི་མི་ལྔ་ནག་ཆུ་ནས་འབྲུག་བརྒྱུད་རྒྱ་གར་དུ་སྐྱབས་བཅོལ་ལ་ཡོང་བ་དང༌། ཚེས་༢༨ འབྲུག་པའི་སྐོར་སྲུང་བས་འཛིན་བཟུང་བྱས་ཏེ་པག་རོག་རྫོང་དུ་ཉིན་ཤས་རིང་བཀག་ཉར་བྱས་འདུག

Read more

བོད་མི་ཞིག་བརླགས་པ་རེད་ཟེར།

ལྷ་སའི་ཞི་རྒོལ་ཆེན་པོ་བྱུང་རྗེས་ནག་ཆུ་ཨ་མདོ་རྫོང་ནང་འབུམ་ཐར་དང་ཚེ་རིང་མགོན་པོ་གཉིས་འཛིན་བཟུང་བྱས་འདུག

Read more

སྟོང་འཁོར་ཉི་བའི་བླ་གྲྭ་གསུམ་ཟླ་ལྔ་ལྷག་བཙོན་འཇུག

རྒྱ་གར་ལྷོ་ཕྱོགས་སེ་ར་དགོན་དུ་ཡོད་པའི་ཉི་དར་རྒྱས་གླིང་གི་གྲྭ་རྒྱུན་ཐུན་མོང་ནས་གནས་ཚུལ་བརྒྱུད་སྤྲོད་གནང་བ་ལྟར་ན། འདི་ལོར་བོད་ཡོངས་སུ་མ་གྲོས་བསམ་པ་གཅིག་མཐུན་གྱིས་རྒྱ་ནག་དམར་པོའི་སྲིད་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱིས་རང་དབང་དགོས་པའི་ཞི་རྒོལ་བྱེད་སྐབས། དཀར་མཛེས་སྟོང་འཁོར་ཉི་ཁོག་དར་རྒྱས་གླིང་དགོན་དུ་ཡང་རྒྱ་ནག་སྲིད་གཞུང་ནས་རྒྱལ་གཅེས་ཆོས་གཅེས་སོགས་ཀྱི་ལས་འགུལ་སྤེལ་རྩིས་བྱས་པ་དང༌། དགོན་པའི་བླ་གྲྭ་ཡོངས་ནས་ངོས་ལེན་མི་བྱེད་རྒྱུའི་དམ་བཅའ་བཞག་ཡོད་པ་མ་ཟད། གལ་ཏེ་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་སྤེལ་མཚམས་སུ་བླ་གྲྭ་ཡོངས་ཀྱིས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་རྒྱུའི་གྲ་སྒྲིག་བྱས་ཡོད་འདུག

Read more

དཀར་མཛེས་སུ་ཞི་རྒོལ་བྱེད་མཁན་རྣམས་ལ་ཁྲིམས་ཆད་གཅོད་བཞིན་པ།

བོད་ས་གང་སར་ལོ་འདིའི་ལོ་སྟོད་ཙམ་ལ་ཞི་རྒོལ་ཁྲོད་ཞུགས་མཁན་ཚོར་རིམ་བཞིན་ཁྲིམས་ཐག་གཅོད་བཞིན་ཡོད་པ་དང༌། ཉེ་བའི་ཆར་དཀར་མཛེས་ཁུལ་ནས་ཞི་བའི་ཡར་ལངས་ཁྲོད་ཞུགས་མཁན་རྣམས་ལ་དཀར་མཛེས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ནས་རིམ་བཞིན་ཁྲིམས་ཐག་གཅོད་བཞིན་ཡོད་པ་རེད། དེ་ཡང་ཕྱི་ཟླ་༤ ཚེས་༢༣ ཉིན་ངོ་རྒོལ་སྐད་འབོད་བྱེད་མཁན་གྱི་གྲས་སུ་ཡོད་པ་དཀར་མཛེས་བྲག་དཀར་བཙུན་དགོན་གྱི་བཙུན་མ་བསོད་ནམས་བདེ་སྐྱིད་ལོ་༣༢ ཡིན་པ་ཁོང་ལ་ཕྱི་ཟླ་༡༡ ཚེས་༧ ཉིན་དཀར་མཛེས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་ལོ་༣ གྱི་ཁྲིམས་ཐག་བཅད་ཡོད་པ་དང༌། དགོན་པ་དེ་ཉིད་ནས་ཡིན་པ་བཙུན་མ་ཐུབ་བསྟན་སྒྲོལ་མས་ཕྱི་ཟླ་༥ ཚེས་༡༡ ཉིན་ངོ་རྒོལ་འཛིན་བཟུང་བྱས་པ་ཁོང་ལ་ལོ་༤ ཁྲིམས་ཐག་བཅད།

Read more

དཀར་མཛེས་སུ་སློབ་གྲྭ་དང་སྨན་ཁང་ཁག་ཅིག་སྒོ་རྒྱག་འཆར།

འབྲེལ་ཡོད་ནས་འདི་གར་ནས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཉིན་ཤས་སྔོན་དུ་ཁམས་དཀར་མཛེས་རྫོང་ཁུལ་དུ་ཡོད་པའི་ཁང་སར་སྐྱབས་མགོན་སྤྲུལ་སྐུའི་སློབ་གྲྭ་དང་སྨན་ཁང༌། ལམ་བྲག་སྤྲུལ་སྐུའི་སྨན་ཁང༌། དཀར་མཛེས་རྫོང་བོད་ཡིག་སློབ་འབྲིང་བཅས་སྒོ་རྒྱག་རྒྱུའི་གྲོས་ཆོད་བཞག་ནས་མང་ཚོགས་ལ་ཁྱབ་བསྒྲགས་བྱས་འདུག ཕྱི་ཟླ་༡༢ པའི་ཚེས་༡ ཉིན་དཀར་མཛེས་རྫོང་གྲོང་ཁུལ་དུ་ཡོད་པའི་སློབ་ཕྲུག་གི་ཕ་མ་སོགས་རྒན་རྒོན་བགྲེས་སོང་དང་ན་གཞོན་སོགས་བོད་རིགས་མི་མང་ཚོས་བློ་ཕམ་ཆེན་པོའི་ངང་ནས་མ་བསྐུལ་དྭང་བླངས་ཀྱིས་རྫོང་སྲིད་གཞུང་དུ་སྨན་ཁང་དང་སློབ་གྲྭ་དེ་ཚོ་སྒོ་བརྒྱབ་ན་མི་འགྲིག་པའི་ཡི་གེ་དང་ཞུ་བ་ཕུལ་ཡོད་འདུག

Read more

རྫ་དགོན་གསར་དགོན་གྱི་གྲྭ་པ་གཉིས་ལ་ཁྲིམས་ཆད།

ཁམས་དཀར་མཛེས་ཁུལ་སྡེ་དགེ་རྫོང་རྫ་བར་མ་ཤང་དགོན་གསར་དགོན་པའི་དགེ་འདུན་པ་གཉིས་ལ་དཀར་མཛེས་ཁུལ་འབྲིང་རིམ་མི་མང་ཁྲིམས་ཁང་གིས་ཕྱི་ཟླ་༡༡ ཚེས་༤ ཉིན་ཁྲིམས་ཐག་བཅད་ཡོད་འདུག

Read more

བོད་མི་བཞི་ལ་ཁྲིམས་ཆད།

ད་ལྟ་བོད་ནང་དུ་ཁྲིམས་ཆད་གཏོང་ས་མང་དུ་འགྲོ་བཞིན་ཡོད་པ་ལྟར། ཉེ་ཆར་གནས་ཚུལ་ཤེས་གསལ་ལྟར་ན། འདི་ལོའི་ཧོར་ཟླ་༡༠ ཚེས་༢༢ ཉིན་མདོ་སྨད་ཤིས་ཚང་སྒར་གསར་དགོན་པའི་གྲྭ་ཆོས་གྲགས་རྒྱ་མཚོ་དང༌། འཇམ་དབྱངས་བསྟན་པ། ཤིས་ཚང་དཔོན་སྐོར་སྡེ་བའི་མི་སྐྱ་པོ་ཧྲི་དང༌། དར་རྒྱས་ཟེར་བ་བཅས་རྒྱ་ནག་གཞུང་ཀླུ་ཆུ་རྫོང་དུ་ཁྲིད་ནས་གྲྭ་ཆོས་གྲགས་རྒྱ་མཚོ་ལོ་༨ ཀྱི་ཁྲིམས་ཆད་དང༌།

Read more

འབར་གས་ཀྱི་དོན་རྐྱེན་འོག་ནས་འཇུ་བཟུང༌།

ཕྱི་ལོ་༢༠༠༨ཟླ་༣ཚེས་༡༠ ཉིན་ནས་བཟུང་བོད་ས་ཡོངས་སུ་རྫོགས་པའི་རྩམ་ཟན་བོད་མི་ཚང་མས་རྒྱ་ནག་དམར་པོའི་མི་སྤྱོད་ལས་འདས་པའི་མནར་གཅོད་དེ་དག་ལ་མི་བཟོད་པར་ཞི་བའི་ལས་འགུལ་སྣ་ཚོགས་སྤེལ་བར་རྒྱ་དམར་ནས་དྲག་གནོན་གྱིས་བོད་མི་གྲངས་ལས་འདས་པ་དམར་གསོད་དང་འཛིན་བཟུང་ཕྱོགས་གང་ས་ནས་བྱས་པ་དང༌། དེ་བཞིན་ས་གནས་གང་སར་རྒྱལ་གཅེས་ཆོས་གཅེས་ལས་འགུལ་མི་མཐུད་དུ་སྤེལ་བ་དང་ཐ་ན་གཟུགས་མཐོང་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར་ཐོག་ཏུ་ཡང༌། ྋགོང་ས་མཆོག་ལ་མཚན་སྨད་དང༌།

Read more

བོད་རིགས་མཁས་པ་ཁག་ཅིག་ནས་རྒྱ་ནག་གཞུང་ལ་སྙན་ཞུ།

གསར་འགྱུར་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་ནང་གི་བོད་རིགས་མཁས་དབང་བརྒྱ་དང་བརྒྱད་ཀྱིས་རྒྱ་ནག་གཞུང་ལ་བོད་དོན་དང་འབྲེལ་བའི་སྙན་ཞུ་ཞིག་བཏང་ཡོད་པ་དང༌། དེའི་ནང་ྋགོང་ས་མཆོག་ལ་རྒྱ་ནག་གཞུང་གིས་མཚན་སྨོད་ཞུས་པ་བོད་མི་ཡོངས་ལ་མཐོང་ཆུང་བྱས་པ་མཚོན་གྱི་ཡོད་པས་འཕྲལ་དུ་མཚམས་འཇོག་དགོས་པ། འདི་ལོའི་གསུམ་བཅུ་དུས་དྲན་སྐབས་ནས་འཇུ་བཟུང་བྱས་པ་རྣམས་འཕྲལ་དུ་གློད་བཀྲོལ་དང༌། གུན་གསབ་སྤྲད་དགོས་པ།

Read more
Page 121 of 124« First...119120121122123...Last »