རྒྱལ་སྤྱི།

སློབ་ཐོན་ལས་མེད་གྱེན་ལངས་ཀྱི་འཇིགས་སྐྲག

ཟླ་འདིའི་ཚེས་ ༦ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། ད་ལྟ་རྒྱ་ནག་ཏུ་སློབ་ཐོན་ལས་མེད་ས་ཡ་མང་པོ་ཆགས་ཡོད་པས། ཝིན་ཅཱ་པའོ་ཡིས་༡༩༨༩ ལོར་གནམ་སྡེ་སྒོ་མོའི་ཐང་ཆེན་དུ་སློབ་མས་རྒྱ་ནག་ལ་ངོ་རྒོལ་བྱས་ནས། མི་ལོ་ ༢༠ འཁོར་བའི་དུས་དྲན་དང་བསྟུན་ནས་སློབ་ཐོན་ལས་མེད་རྣམས་ཀྱིས་ངོ་རྒོལ་གྱེན་ལངས་བྱེད་སྲིད་པའི་ཉེན་བརྡ་བཏང་ཡོད་པ་རེད། དེ་ཡང་སྲིད་ཝིན་ཅའོ་པའོ་ཡིས་ཕྱི་ལོ་ ༢༠༠༠ ནས་བརྩིས་ན། ད་ལོ་ནི་རྒྱ་ནག་ཉམས་རྒུད་ཆེ་ཤོས་ཀྱི་ལོ་ཡིན་པ་དང༌། མི་གྲངས་ས་ཡ་ ༢༠ ལྷག་ཙམ་ལས་མེད་ཆགས་ཡོད་པས།

Bangchen admin· · Comments are Disabled ·

རྒྱ་ནག་གི་དམག་དཔུང་ཞི་བདེ་སྲུང་སྐྱོབ་བྱེད་མཁན་ཡིན་ཟེར།

ཟླ་འདིའི་ཚེས་ ༦ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ལོ་ ༢༠༠༩ རྒྱ་ནག་དབུས་གཞུང་གིས་རྒྱ་ནག་དམག་དཔུང་ཁང་ལ། སྔོན་གྲོའི་འཆར་རྩིས་ཨ་སྒོར་ཐེར་འབུམ་ ༩་༡ གསར་སྣོན་བྱས་ཡོད་པ་དང༌། ཕྱི་ལོ་ ༢༠༠༩ ནང་དམག་དཔུང་ལ་འགྲོ་གྲོན་ཁྱོན་བསྡོམས་ཨ་སྒོར་ཐེར་འབུམ་ ༧༠་༢ བཞག་ཡོད་པ་རྣམས། ཡོངས་རྫོགས་ཞི་བདེ་སྲུང་སྐྱོབ་ཀྱི་ཆེད་དུ་ཡིན་ཚུལ་ཁྱབ་བསྒྲགས་བྱས་ཡོད་པ་རེད།
    དེ་ཡང་རྒྱ་ནག་ཕྱི་སྲིད་བློན་ཆེན་ཟུར་པ། རྒྱ་ནག་ཆབ་སྲིད་གྲོས་ཚོགས་ཀྱི་མགྲིན་ཚབ་པ་ལའི་ཊའོ་ཤིན་ཀྱིས། རྒྱ་ནག་དམག་དཔུང་ཁང་ལ་འགྲོ་གྲོན་ཕོན་ཆེན་བཏང་བར། སྦས་གསང་གི་གནས་ཚུལ་གང་ཡང་མེད་ལ། འདི་ནི་རང་སའི་བདེ་འཇགས་དང་ས་མཚམས་བརྟན་སྲུང༌། ཞི་བདེ་སྲུང་སྐྱོབ་ཀྱི་ཆེད་དུ་ཡིན་ཞེས་དང༌།

Bangchen admin· · Comments are Disabled ·

རྩེད་མོ་བར་དྲག་གནོན།

ཟླ་འདིའི་ཚེས་ ༤ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། ཤི་རིའི་ལང་ཀའི་རྩེད་མོའི་རུ་ཁག་ཅིག་པཱ་ཀི་སི་ཐན་ལ་འབྱོར་སྐབས། གློ་བུར་དུ་རླངས་འཁོར་ལ་མེ་མདའ་བརྒྱབ་སྟེ་པཱ་ཀི་སི་ཐན་གྱི་ཉེན་རྟོག་པ་ ༦ གི་སྲོག་ཤོར་ཡོད་པ་དང༌། རྩེད་མོ་བ་ ༦ ལ་རྨས་སྐྱོན་བཏང་ཡོད་པ་དང༌། དྲག་གནོན་གྱི་དོན་རྐྱེན་འདིས་སླར་ཡང་རྒྱ་གར་དང་པཱ་ཀི་སི་ཐན་གཉིས་དབར། དོགས་གཞི་གསར་པ་གཅིག་བཟོས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།

Bangchen admin· · Comments are Disabled ·

བོད་དང་ཐེ་ཝན་རྒྱལ་སྤྱིར་བསྲེ་འདོད་མེད་ཟེར།

ཟླ་འདིའི་ཚེས་༢༢ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རིའི་རྒྱལ་དོན་དྲུང་ཆེ་ཧཱེ་ལ་རི་ཁི་ལིན་ཊོན་གྱིས་བོད་དང་ཐེ་ཝན་གྱི་གནད་དོན་དེ་རྒྱལ་སྤྱིའི་གནད་དོན་དང་བསྲེ་བསླད་གཏོང་འདོད་མེད་ཅེས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཡཱང་ཇཱ་ཆའི་ལ་ཐོག་མར་མཇལ་འཕྲད་བྱེད་སྐབས་སུ་གསུངས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།

Bangchen admin· · 0 མཆན་འགྲེལ། ·

ཕྲུ་གུ་གཡོག་པོར་ཉར་མི་ཆོག་ཟེར།

ཟླ་འདིའི་ཚེས་༢ ཉིན་རྒྱ་གར་གྱི་ཧིན་དྷུའི་ཚགས་པར་སོགས་སུ་ཕྲུ་གུ་གཡོག་པོར་ཉར་མི་ཆོག་པ་དང༌། ཕྲུ་གུ་གཡོག་པོར་ཉར་མཁན་ལ་ཁྲིམས་ལུགས་ཀྱིས་ཞིབ་གཤེར་བྱས་ཏེ་ཉེས་ཆད་གཏོང་རྒྱུ་ཡིན་སྐོར་སོགས་བརྒྱུད་བསྒྲགས་བྱས་ཡོད་པ་རེད། དེ་སྔོན་ཡང་རྒྱ་གར་གཞུང་གིས་ཕྲུ་གུ་གཡོག་པོར་ཉར་མི་ཆོག་པ་དྲིལ་བསྒྲགས་ཐེངས་མང་བྱས་ཡོད་ལ། ད་ལྟ་དངོས་སུ་ལག་བསྟར་གནང་འཆར་ཡོད་འདུག དེང་སྐབས་ཕྲུ་གུ་བྲན་གཡོག་ཏུ་ཉར་བ་དང་གཞང་ཚོང་མ་བྱེད་བཅུག་པ། དམག་ནང་དུ་བཏང་བ། ནག་ཚོང་རྒྱག་བཅུག་པ་སོགས་འཛམ་གླིང་ཁྱོན་ཡོངས་ལ་བསྡོམས་རྩིས་རྒྱག་སྐབས་ས་ཡ་༤༠༠ ཙམ་ཟིན་གྱི་ཡོད་པ་དང༌། དེའི་ནང་ནས་ས་ཡ་༢༥༠ ཙམ་ཕྲུ་གུ་རང་ལོ་༥ ནས་༡༤ བར་ཡིན་མཁན་དཔལ་འབྱོར་འདུ་འགོད་ཀྱི་ཆེད་དུ་བྲན་གཡོག་ལ་བཀོལ་བཞིན་ཡོད་པ་དང༌།

Bangchen admin· · 0 མཆན་འགྲེལ། ·

རྒྱ་གར་གྱི་འོས་བསྡུ་སྐབས་འཇིགས་སྐུལ་རིང་ལུགས་པར་དོགས་ཟོན།

ཟླ་འདིའི་ཚེས་ ༡༩ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་ཤས་སྔོན་འཇིགས་སྐུལ་རིང་ལུགས་པ་མི་བཅུས་རྒྱ་གར་གྱི་མགྲོན་ཁང་ཆེན་པོ་ཏ་ཇི་མ་ཧཱལ་ནང་དུ་འཛུལ་ཏེ་མི་གྲངས་ ༢༠༠ མ་ཟིན་ཙམ་བསད་ཡོད་པ་དང༌། འཇིགས་སྐུལ་རིང་ལུགས་པ་མི་ ༡ མ་གཏོགས་ཚང་མས་མགྲོན་ཁང་དེའི་ནང་རང་སྲོག་དོར་ཡོད་པ་རེད། མི་གཅིག་གསོན་བཟུང་བྱས་ཏེ་འདྲི་བརྩད་ལན་མང་བྱས་མཐར་པཱ་ཀི་སི་ཐན་གྱི་ཡུལ་མི་ཡིན་པ་ར་འཕྲོད་ཡོད་ཀྱང༌། པཱ་ཀི་སི་ཐན་གཞུང་ཕྱོགས་ནས་ངོས་ལེན་གཙང་མ་བྱས་མེད་པ་རེད། རྒྱུ་མཚན་ནི་དེང་སྐབས་པཱ་ཀི་སི་ཐན་གྱི་ས་ཁུལ་ཁག་ཏུ་འཇིགས་སྐུལ་རིང་ལུགས་ཀྱི་གསང་ལས་པ་ཧ་ཅང་མང་པོ་ཡོད་པ་དང༌། དམིགས་བསལ་གྱིས་ཊ་ལིའི་བྷན་འཇིགས་སྐུལ་རིང་ལུགས་ཀྱི་འགོ་ཁྲིད་ཨོ་སཱ་མ་བྷིང་ལ་ཌན་ཡང༌། པཱ་ཀི་སི་ཐན་གྱི་ས་ཁུལ་ཞིག་ནང་ལོ་མང་རིང་གབ་སྟེ་དྲག་སྤྱོད་ཀྱི་ལས་རིགས་འཆར་འགོད་བྱེད་བཞིན་ཡོད་སྐོར་བརྒྱུད་བསྒྲགས་བྱས་ཡོད་པ་རེད།

Bangchen admin· · Comments are Disabled ·
ཉིས་སྟོང་དགུའི་ཨེ་ཤ་ཡའི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ལྷན་ཚོགས།

ཉིས་སྟོང་དགུའི་ཨེ་ཤ་ཡའི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ལྷན་ཚོགས།

ཟླ་འདིའི་ཕྱི་ཚེས་༡༢ ཉིན་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་ཨེ་ཤ་ཡའི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ལྷན་ཚོགས་ཤིག་འཚོགས་ཡོད་པ་དང༌། སྐབས་དེར་རྒྱལ་ཁབ་༡༠ ཡི་འཐུས་ཚབ་དང་ཚོགས་པ་འདྲ་མིན་༡༣ མཉམ་ཞུགས་གནང་ཡོད་འདུག དེ་ཡང་རྒྱ་ནག་དང༌། ཐེ་ཝན། ཀོ་རི་ཡ། ཝི་ཏི་ནམ། འབར་མ། ནང་སོག ཤར་དུ་རུ་ཁ་སོགས་ཀྱི་འཐུས་མི་ཕེབས་ཡོད་པ་རེད།ཚོགས་འདུ་ཆེན་པོ་དེ་ནི་ཨ་རིའི་རྒྱལ་ཚོགས་ཁང་ཆེན་དུ་ཚོགས་ཡོད་ཅིང༌། ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་བཞི་དང་ལྷན་དུ་ཕྱི་འབྲེལ་ཚོགས་ཆུང་གི་འཐུས་མི་འགའ་ཡང་ཕེབས་ཡོད་པ་མ་ཟད། རྒྱལ་ཁབ་ཚང་མིའི་འཐུས་མི་ཚོས་གཏམ་བཤད་ཀྱང་གནང་ཡོད་པ་རེད།

Bangchen admin· · Comments are Disabled ·

གླིང་འབུད་སྦྲུལ་གྱི་འཁྲབ་སྟོན་ཁྲིམས་འགལ་རེད་ཟེར།

ཟླ་འདིའི་ཚེས་ ༡༨ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གར་གྱི་རྒྱལ་ས་ཆེ་ཁག་གི་སྲང་ལམ་དང་ཁྲོམ་གཞུང་དུ་གླིང་འབུད་སྦྲུལ་གྱི་འཁྲབ་སྟོན་བྱེད་མཁན་སྟོང་ཕྲག་མང་པོ་ཡོད་པ་རྣམས། ཉེ་དུས་གཞུང་གིས་འཁྲབ་སྟོན་འདི་ཁྲིམས་འགལ་རེད་ཟེར་ནས་བཀག་བསྡོམས་དང་ཡོ་ཆས་སོགས་བཙན་འཕྲོག་བྱས་ཏེ། གླིང་འབུད་སྦྲུལ་གྱི་འཁྲབ་སྟོན་པ་ཚོར་དཀའ་ངལ་འཕྲད་བཞིན་ཡོད་པ་རེད།

Bangchen admin· · Comments are Disabled ·

ཇོ་མོ་གླང་མའི་རྩེར་ཆུ་ཚོད་ཉེར་བཞིར་སྡོད་འཆར།

ཟླ་འདིའི་ཚེས་༡༧ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། བལ་པོ་ཤར་པའི་མི་རིགས་ཡིན་པ་བུ་སྤུན་གསུམ་རི་བོ་ཇོ་མོ་གླང་མའི་རྩེར་ཆུ་ཚོད་༢༤ སྡོད་འཆར་ཡོད་པའི་སྐོར་གསར་ལམ་ཁག་ལ་གནས་ཚུལ་ཁྱབ་སྤེལ་བཏང་ཡོད་པ་རེད།
    སྤེན་པ་ཟེར་བ་རང་ལོ་༣༡ ཡིན་པ་དང་ཁོང་གི་གཅུང་པོ་ཉི་མ་དང༌། ཕུར་བུ་གཉིས་བཅས་བུ་སྤུན་རྒན་གཞོན་གསུམ་གྱིས། གནམ་གཤིས་དང་ཆར་རླུང་གི་གྲང་ངར་ལ་མ་ལྟོས་པར་འཛམ་གླིང་གི་གངས་རི་མཐོ་ཤོས་ཇོ་མོ་གླང་མའི་སྟེང་ཆུ་ཚོད་༢༤ བསྡད་དེ། འཛམ་གླིང་གི་གྲགས་ཅན་མི་སྣའི་ཐོ་གཞུང་ནང་ཁོང་བུ་སྤུན་གསུམ་གྱི་མིང་ཐོ་འགོད་བར་འབད་བརྩོན་བྱེད་ངེས་ཡིན་ཞེས་དང༌། ད་དུང་འགྲེལ་བརྗོད་གཞན་ཞིག་ལ་ཆུ་ཚོད་༢༤ རིང་ལ་བལ་ཡུལ་རྒྱལ་ཁབ་དང་འཛམ་གླིང་ཡོངས་ལ་ཞི་བདེ་ལྷིང་འཇགས་ཡོང་བའི་ཆེད་དུ། མཚན་གང་པོར་སྨོན་ལམ་གསོལ་འདེབས་བྱས་ཏེ་སྡོད་ངེས་ཡིན་ཞེས་གསར་འགོད་པར་འགྲེལ་བརྗོད་བྱས་ཡོད་པ་རེད།

Bangchen admin· · Comments are Disabled ·

ཨ་རིའི་རྒྱལ་དོན་དྲུང་ཆེའི་གཟིགས་སྐོར་ཐོག་མ།

ཟླ་འདིའི་ཚེས་༡༦ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རིའི་རྒྱལ་དོན་དྲུང་ཆེ་གསར་པ་ཧིལ་ལ་རི་ཁི་ལན་ཊོན་ཉི་ཧོང་དུ་གཟིགས་སྐོར་ལ་འབྱོར་ཡོད་པ་དང༌། དེ་ནས་རིམ་གྱིས་ལྷོ་ཀོ་རི་ཡ་དང༌། ཧིན་དྷུ་ནེ་ཤི་ཡ། རྒྱ་ནག་སོགས་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ལ་གཟིགས་སྐོར་དུ་འགྲོ་རྒྱུ་ཡིན་པའི་གནས་ཚུལ་ཐོན་ཡོད་པ་རེད།  རྒྱལ་དོན་དྲུང་ཆེས་ནེའུ་ཡོག་ཏུ་ཨེ་ཤ་ཡའི་མཐུན་ཚོགས་དང་གསར་འགོད་པར་བརྗོད་གསལ་ལྟར་ན། དྲུང་ཆེ་མཆོག་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ཏུ་གཟིགས་སྐོར་འགྲོ་དོན་གཙོ་བོ་ནི་འཛམ་གླིང་གི་དཔལ་འབྱོར་ཉམས་གསོ་དང་གོ་ལའི་ཚ་དྲོད་འགྱུར་ལྡོག བྱང་ཀོ་རི་ཡའི་རྡུལ་ཕྲན་བཟོ་བསྐྲུན་གྱི་གནད་དོན་སོགས་ལ་གྲོས་བསྡུར་དང་དཔྱད་ཞིབ་བྱ་རྒྱུ དེ་བཞིན་ཞི་བདེ་རྒྱ་མཚོའི་ཤར་ནུབ་ཁུལ་གྱི་རྒྱལ་ཁབ་རྣམས། ཨ་རིའི་འཛིན་སྐྱོང་གསར་པ་ལ་རོགས་པ་ངེས་པར་དུ་དགོས་ངེས་ཡིན་པ་དང༌།

Bangchen admin· · Comments are Disabled ·