རྒྱལ་སྤྱི།

རྒྱ་ནག་གིས་ཧོ་ལན་ཌི་གྲོས་ཚོགས་འཐུས་མིར་ཐོངས་མཆན་སྤྲད་མེད་པ་རེད།

ཕྱི་ཟླ་༦ ཚེས་༡༧ ཉིན་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཧོ་ལན་ཌའི་གྲོས་ཚོགས་འཐུས་མི་ཁག་ཅིག་ཕྱི་ཟླ་༧ པའི་ནང་རྒྱ་ནག་ལ་ཡུལ་སྐོར་དུ་བསྐྱོད་རྒྱུ་ཡིན་འདུག་ཀྱང། རྒྱ་ནག་གཞུང་ཚབ་ཀྱིས་ཐོངས་མཆན་མ་སྤྲད་པར་བཀག་འགོག་བྱས་ཡོད་པ་རེད།

Bangchen admin· · Comments are Disabled ·

སྐྱེས་སྐར་དང་མཉམ་དུ་གློད་གྲོལ་ཡོང་ཐབས།

ཟླ་འདིའི་ཚེས་༡༩ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ནོར་ཝེ་ཞི་བདེའི་གཟེངས་རྟགས་ཐོབ་མྱོང་མཁན་འབར་མའི་མང་གཙོ་ཚོགས་པའི་ཚོགས་གཙོ། མི་ལོ་༡༩ རིང་འབར་མའི་དམག་གཞུང་གི་བཙན་དབང་བཀག་ཉར་འོག་བསྡད་པའི་ལྕམ་ཨན་སང་སིན་ཅི་མཆོག དགུང་ལོ་༦༤ ལ་སོན་པའི་སྐྱེ་སྐར་དང་བསྟུན་ནས་ཡུ་རོབ་མཉམ་འབྲེལ་དང་ནུབ་ཕྱོགས་པའི་ལྟད་མོ་འཁྲབ་སྟོན་པ་སྙན་གྲགས་ཅན་ཚོས། ཆ་རྐྱེན་གང་ཡང་མེད་པ་གློད་གྲོལ་དགོས་པའི་ས་རྟགས་བསྡུ་རུབ་དང་བརྙན་འཕྲིན་ལེ་ཚན་ནང་འཁྲབ་སྟོན་གྱི་ལས་འགུལ་སྤེལ་ཡོད་པ་རེད།

Bangchen admin· · Comments are Disabled ·

རྒྱ་གར་དམར་ཕྱོགས་ཚོགས་པའི་ནང་འཁྲུག

ཟླ་འདིའི་ཚེས་༡༨ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན།བདུན་འགའི་སྔོན་ནས་གློ་བུར་དུ་རྒྱ་གར་གྱི་དམར་ཕྱོགས་པའི་འཇབ་རྒོལ་དམག་དཔུང་རྣམས། གནས་ངེས་མེད་དུ་གྱར་ནས་ས་ཕྱོགས་གང་སར་ཡུལ་མི་མང་པོ་ལྐོག་གསོད་དང་འཕྲོག་བཅོམ་བྱས་པའི་རྐྱེན་གྱིས། རྒྱ་གར་དབུས་གཞུང་གིས་དྲག་པོའི་དམག་དཔུང་གཏོང་དགོས་བྱུང་བའི་གནས་ཚུལ་ཐོན་ཡོད་པ་རེད།

Bangchen admin· · Comments are Disabled ·

རྒྱ་གར་དུ་ཕག་ཆམ་ནད་ཡམས་སླེབས་འདུག

ཟླ་འདིའི་ཚེས་༡༨ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་མི་གྲངས་༣༥ ལ་ཕག་ཆམ་ནད་ཡམས་ཀྱི་འགོས་ནད་ཡོད་པ་ཤེས་རྟོགས་བྱུང་ནས། གཞུང་གི་དམིགས་བསལ་གྱིས་མི་དེ་དག་ལ་སྨན་བཅོས་བྱས་ཏེ་དམངས་ཁྲོད་དུ་ཁྱབ་བརྡལ་མི་འགྲོ་བའི་དོན་དུ་གསར་ལམ་ཁག་ནས་ཁྱབ་བསྒྲགས་བྱས་ཡོད་པ་རེད།    དེ་བཞིན་དོགས་ཡོད་མི་གྲངས་༣༡༥ ཙམ་ལ་ནད་གཞི་དེ་ཡོད་མེད་བརྟགས་དཔྱད་བྱས་ཡོད་པ་དང༌། མང་ཆེ་བ་ཕྱི་རྒྱལ་ཁག་ནས་ཡོང་བའི་རྒྱ་གར་གྱི་ཡུལ་མི་ཡིན་པ་རེད། ད་དུང་གྲོང་ཁྱེར་ཅན་དྷི་སྒར་ལའང་ནད་ཡམས་དེ་སླེབས་ཡོད་པ་གསར་ལམ་ཁག་ནས་ཁྱབ་བསྒྲགས་བྱས་ཡོད་པ་རེད།

Bangchen admin· · Comments are Disabled ·

དུག་ཁབ་མདེའུ་ལས་སྟབས་བདེ་བ་འདུག་ཟེར།

ླ་འདིའི་ཚེས་༡༦ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་ཏུ་བཙོན་པ་དང་ཁྲིམས་འགལ་གྱི་ལས་ཀ་བྱེད་མཁན་རྣམས་ལ་སྲོག་ཁྲིམས་གཅོད་སྐབས། མེ་མདའི་ཚབ་ལ་དུག་ཁབ་བརྒྱབ་ནས་གསོད་ཀྱི་ཡོད་པ་དེ་གཙང་མ་དང༌། བདེ་འཇགས། སྟབས་བདེ་ཡིན་པ་རྒྱ་ནག་དབུས་ཆེས་མཐོའི་མི་མང་ཁྲིམས་ཞིབ་ཁང་གི་འགན་འཛིན་གྱིས་བརྗོད་ཡོད་པ་རྒྱ་ནག་གི་ཉིན་རེའི་ཚགས་པ་སྟེང༌ལུང་འདྲེན་བྱས་ཡོད་པ་ཡོད་པ་རེད།

Bangchen admin· · 0 མཆན་འགྲེལ། ·

ཨི་རན་སྲིད་འཛིན་ལ་སླར་ཡང་རྒྱལ་ཁ་ཐོབ་འདུག

ཟླ་འདིའི་ཚེས་༡༥ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཨི་རན་གྱི་སྲིད་འཛིན་མཱ་མོ་ཌི་ལ་སླར་ཡང་སྲིད་འཛིན་གྱི་འོས་བསྡུའི་རྒྱལ་ཁ་ཐོབ་པའི་ཁྱབ་བསྒྲགས་བྱས་ཡོད་ཀྱང༌། ཨ་རི་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་འོས་བཤེར་སྟངས་འཛིན་ཚུལ་མཐུན་བྱུང་མེད་སྐོར་བརྗོད་དེ། ཨ་རིའི་རྒྱལ་དོན་དྲུང་ཆེ་ཡིས་གསར་འགོད་གསལ་བསྒྲགས་ཤིག་གི་ཐོག ཨི་རན་གྱི་སྲིད་འཛིན་ལ་སླར་ཡང་རྒྱལ་ཁ་ཐོབ་པ་ཨ་རི་གཞུང་གིས་ངོས་ལེན་མེད་ཅེས་ཁྱབ་བསྒྲགས་བྱས་ཡོད་པ་རེད།

Bangchen admin· · Comments are Disabled ·

ཨེ་ཤ་ཡའི་དཔོན་རིགས་ཚོའི་ལྷན་ཚོགས།

ཟླ་འདིའི་ཚེས་༡༥ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེ་མཉམ་འབྲེལ་ལྷན་ཚོགས་ཟེར་བའི་ཚོགས་པ་དེའི་གོ་སྒྲིག་འོག། ཨུ་རུ་སུའི་ས་ཁུལ་ཡི་ཀཱ་ཊི་བུག་ཏུ་ཨེ་ཤ་ཡའི་རྒྱལ་ཁབ་ཆེ་ཤོས་རྒྱ་ནག་དང། ཐཱ་ཇི་ཀི་སི་ཐན། ཁཱས་ཇི་སི་ཐན། ཁཱ་རྫ་སི་ཐན། ཨུ་རུ་སུ་སོགས་རྒྱལ་ཁབ་དྲུག་གི་སྲིད་འཛིན་དང་སྲིད་བློན་སོགས་ཚོགས་ཞུགས་བྱས་ཡོད་པ་དང༌། རྒྱ་གར་དང་པཱ་ཀི་སི་ཐན། ཨི་རན། སོག་པོ་བཅས་ཀྱི་འཐུས་མི་རྣམས་ཟུར་ཉན་ལ་ཞུགས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།

Bangchen admin· · Comments are Disabled ·

བུ་མོ་ལོ་བཅུ་ཅན་ཞིག་གིས་འཇིགས་སྐུལ་བ་ཁོ་རེད་བརྗོད་འདུག

ཟླ་འདིའི་ཚེས་༡༠ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། ལོ་སྡོན་མའི་ཕྱི་ཟླ་༡༢ པའི་ནང་རྒྱ་གར་གྱི་གྲོང་ཁྱེར་མུམ་བྷེ་རུ་འཇིགས་སྐུལ་རིང་ལུགས་པ་མི་བཅུས་རྒྱ་གར་གྱི་ཡུལ་མི་༡༧༠ ཙམ་བསད་ཡོད་པ་དང༌། དེའི་ནང་འཇིགས་སྐུལ་བ་གཅིག་མ་གཏོགས་གཞན་ཡོངས་རྫོགས་རྒྱ་གར་གྱི་དྲག་ཆས་དམག་མིས་བསད་ཡོད་པ་རེད། གཅིག་འཇུ་བཟུང་བྱས་པ་ལས། གསོད་ཐུབ་མ་རེད། དེའི་མིང་ལ་ཁུས་ཙབ་ཟེར་ཡོད་པ་དང༌། ཁོ་ལ་དོགས་པ་བྱས་ནས། ད་ལྟའི་བར་ཁྲིམས་གཏུགས་བྱེད་བཞིན་ཡོད་པ་ལས། སྲོག་ཐོག་གཏོང་ཆོག་པའི་དཔང་རྟགས་གསལ་པོ་རག་མེད་པ་རེད།

Bangchen admin· · 0 མཆན་འགྲེལ། ·

འཛམ་གླིང་ནང་ཡིག་ཚད་སྐབས་ཉེན་རྟོག་པ་མང་ཤོས།

ཟླ་འདིའི་ཚེས་༨ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་ཏུ་སློབ་མ་ས་ཡ་༡༠ ཙམ་གྱིས་དུས་གཅིག་ལ་རྒྱ་ནག་གཙུག་ལག་སློབ་གྲྭ་ཆེན་མོར་ཚུད་རྒྱུགས་གཏོང་སྐབས། ཉེན་རྟོག་པའི་བརྟག་དཔྱད་ཁང་༨༠༠༠ ལྷག་ཙམ་གོ་སྒྲིག་བྱས་ཡོད་པ་དེ། འཛམ་གླིང་ནང་ཡིག་ཚད་སྐབས་ཀྱི་ཉེན་རྟོག་བརྟག་དཔྱད་ཁང་མང་ཤོས་ཆགས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།

Bangchen admin· · 0 མཆན་འགྲེལ། ·

བྱང་ཀོ་རི་ཡའི་སྲིད་འཛིན་གྱི་རྒྱུན་འཛིན་པར་བསྐོ་བཞག།

ཟླ་འདིའི་ཚེས་༦ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། བྱང་ཀོ་རི་ཡའི་སྲིད་འཛིན་ཀིམ་ཇོང་ཨིལ་གྱིས་ཁོ་རང་ཉིད་ཀྱི་བུ་ཆུང་ཤོས་ཀིམ་ཇོང་ཡུའུ། སྲིད་འཛིན་གྱི་རྒྱུན་འཛིན་པར་བསྐོ་བཞག་བྱས་པ་ཁྱབ་བསྒྲགས་བྱས་ཏེ། རྟེན་འབྲེལ་གྱི་མཛད་སྒོ་ཞིག་བྱས་ཡོད་པ་རེད།

Bangchen admin· · 0 མཆན་འགྲེལ། ·