རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིང་ཐའོ་ཨ་རིར་སྐོར་བསྐྱོད་ལ་འབྱོར་བ།

tibetan strugle in usa“དཔལ་འབྱོར་དང་བདེ་སྲུང། འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་ཐད་ལ་ཨ་རྒྱ་ཕྱོགས་གཉིས་ཀའི་ངོས་ནས་གྲོས་མོལ་བྱེད་ངེས་ཡིན་རུང། ངའི་བསམ་པར་གནད་དོན་འདི་དག་རྩོད་གཞི་ཅན་ཆགས་ཀྱི་ཡོད་པས། ང་ཚོས་མུ་མཐུད་ནས་བཟང་ཕྱོགས་སུ་འགྲོ་བར་ཤུགས་སྣོན་རྒྱག་གི་ཡིན་”ཞེས། ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་རཱོ་བྷར་ཊི་མཆོག་གིས་གསར་འགོད་པ་ཚོར་གསུངས་ཡོད་པ་རེད།

Read more

བལ་ཡུལ་དུ་རྒྱལ་ཚོགས་ཀྱི་ལས་ཁུངས་སྒོ་བརྒྱབ་པ།

བལ་ཡུལ་རྒྱལ་ཁབ་ཀྱི་ནང་ཁུལ་རྩོད་རྙོག་ཞི་འགྲིག་བྱེད་ཐབས་མ་བྱུང་བར་རྒྱལ་ནང་དུ་ཆེད་བཙུགས་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་ཞི་འགྲིག་ལས་ཁུངས་ United Nations Mission in Nepal (UNMIN) ཞེས་པ་དངོས་སུ་བལ་ཡུལ་ནས་ཕྱིར་བསྡུ་བྱས་ཡོད་པ་རེད།

Read more

ཚོགས་པ་ཁག་ཉི་ཤུས་ཨ་རིའི་སྲིད་འཛིན་ལ་ཞུ་འབོད་བྱས་འདུག

རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིང་ཐའོ་ད་ཐེངས་ཨ་རིར་སླེབས་ལ་ཉེ་བ་འདི་ནི། བོད་ཀྱི་གནད་དོན་ཐད་དོན་དང་ལྡན་པའི་གླེང་སློང་བྱེད་རྒྱུའི་གོ་སྐབས་བཟང་པོ་ཞིག་ཡིན་པ་དང། ཨ་རིའི་གཞུང་འདི་མང་གཙོ་དང་སྨྲ་བརྗོད་རང་དབང་སོགས། ནུས་པ་ལྡན་པའི་ལམ་ལུགས་དང་རིན་ཐང་བཅས་གསལ་སྟོན་བྱེད་དགོས་ཞེས། བོད་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ཉི་ཤུས་ཨ་རིའི་སྲིད་འཛིན་ལ་ཕུལ་བའི་ཞུ་འཕྲིན་དེའི་ནང་བཀོད་ཡོད་པ་རེད།

Read more

དུས་རབས་གཅིག་གི་ས་མཚམས་རྩོད་རྙོག་གཙང་སེལ།

ཏཱ་ཇིག་སི་ཐན་རྒྱལ་ཁབ་དང་རྒྱ་ནག་གཉིས་དབར་དུས་རབས་གཅིག་ཙམ་གྱི་རིང་ས་མཚམས་ཀྱི་རྩོད་རྙོག་ཅིག་འགྲོ་བཞིན་ཡོད་པ་དང། ཉེ་ཆར་ཏཱ་ཇིག་སི་ཐན་གཞུང་གི་གྲོས་ཚོགས་འོག་མའི་གཏན་འབེབས་ལྟར། རྒྱ་ནག་ལ་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་༡༠༠༠ སྤྲད་ནས། རྒྱལ་ཁབ་ཕྱོགས་གཉིས་ཀྱི་ས་མཚམས་རྩོད་རྙོག་གཙང་སེལ་ཐུབ་ཡོད་པ་རེད།

Read more

མི་ལྔ་བརྒྱ་རྐྱེན་ལམ་སོང་ཡོད་པ་ཤེས་རྟོགས་བྱུང་ཟེར།

flood in brzel 2011བྷར་རྫིལ་རྒྱལ་ཁབ་ཀྱི་ལྷོ་ཤར་ཁུལ་དུ་གངས་དང་ཆར་པ་ཤུགས་ཆེན་བབས་ནས། ཆུ་ལོག་དང་འདམ་རྙོག་གིས་གྲོང་བརྡལ་ཁག་གསུམ་ཙམ་ནང། ཁང་ཁྱིམ་སྟོང་ཕྲག་མང་པོ་གཏོར་བཤིག་བཏང་བ་དང། ད་ལྟའི་སྐབས་མི་གྲངས་༥༠༠ རྐྱེན་ལམ་དུ་སོང་བ་ཤེས་རྟོགས་བྱུང་ཡོད་ཅིང། ད་དུང་ཡང་ཉེན་སྐྱོབས་རུ་ཁག་གིས་འཚོལ་ཞིབ་བྱེད་བཞིན་ཡོད་པས། ས་གནས་སྲིད་གཞུང་གིས་མི་གྲངས་ཆིག་སྟོང་མ་ཟིན་ཙམ་རྐྱེན་ལམ་དུ་སོང་ཡོད་པའི་ཚོད་དཔག་བྱས་ཡོད་པ་རེད།

Read more

བལ་ཡུལ་དུ་ཞི་འགྲིག་མ་བྱུང་བར་རྒྱལ་ཚོགས་ལས་དོན་ཕྱིར་བསྡུ།

བལ་ཡུལ་རྒྱལ་ཁབ་ཀྱི་ནང་ཁུལ་རྩོད་རྙོག་ཞི་འགྲིག་མ་ཐུབ་པའི་དཀའ་ངལ་མུ་མཐུད་གནས་མུས་ཡིན་པ་དང་རྒྱལ་ནང་དུ་ཞི་འགྲིག་ཆེད་བཙུགས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་དོན་ཉིན་ཤས་རྗེས་ཕྱིར་བསྡུ་བྱེད་བཞིན་པ་རེད་འདུག།

Read more

ཨ་རིའི་བདེ་སྲུང་དྲུང་ཆེས་རྒྱ་ནག་ཏུ་སྐོར་བསྐྱོད།

“ཨ་རྒྱ་ཕྱོགས་གཉིས་དབར་གྲོས་མཐུན་བརྒྱུད་ནས་ནོར་འཁྲུལ་ཅན་གྱི་འབྲེལ་ལམ་དང་གནས་ཚུལ་སོགས་ཉུང་དུ་གཏོང་རྒྱུ་དང།  དེ་དང་འབྲེལ་ནས་རྒྱལ་ཁབ་ཕྱོགས་གཉིས་ཀྱི་དམག་དོན་འབྲེལ་བ་དམ་དུ་བཏང་ནས། གནད་དོན་གང་ཅིའི་ཐད་ལུགས་མཐུན་གྱི་སྒོ་ནས་རྒྱུན་གནས་ཐུབ་རྒྱུར་འབད་བརྩོན་བྱེད་རྒྱུ་ཡིན་ཞེས་”ཨ་རིའི་བདེ་སྲུང་དྲུང་ཆེ་རོ་བྷར་གྷེ་ཊིས་གསུངས་ཡོད་པ་རེད།

Read more

འོས་འཕེན་གྱི་ལམ་ནས་རང་བཙན་གྱི་བདག་དབང་འཚོལ་བ།

sudan-referendum-ལོ་བཅུ་ཕྲག་གཉིས་ཀྱི་རིང་སུ་ཌན་རྒྱལ་ཁབ་ཏུ་ནང་འཁྲུག་བྱུང་ནས་མི་གྲངས་ས་ཡ་༢ ཙམ་རྐྱེན་ལམ་དུ་སོང་ཡོད་པ་དང།  ས་ཡ་མང་པོ་སྐྱབས་བཅོལ་ལ་འགྲོ་དགོས་བྱུང་ཡོད་པ་རེད། ད་ཐེངས་སུ་ཌན་ལྷོ་བྱང་གཉིས་ཀྱིས་འོས་འཕེན་ལམ་ལུགས་ཀྱི་ཐོག་ནས། རྒྱལ་ཁབ་གཅིག་བྱས་ནས་སྡོད་ཀྱི་ཡིན་ནམ་ཁ་གྱེས་ནས་སྡོད་ཀྱི་ཡིན་ཞེས་འོས་འཕེན་གྱི་ཡོད་པས། ཡུལ་དེའི་དཔོན་རིགས་ཚོས་སྔོན་དུས་ལྟར་ནང་འཁྲུག་མི་ཡོང་བར་འགན་ལེན་བྱེད་དགོས་ཞེས། ཨ་རིའི་སྲིད་འཛིན་ཨོ་བྷ་མས་བརྒྱུད་ལམ་ཁག་ནས་ཁྱབ་བསྒྲགས་བྱས་ཡོད་པ་རེད།

Read more

ཨ་རིའི་ཕྱོགས་འགལ་ཚོགས་པས་གྲོས་ཚོགས་སྟངས་འཛིན་བྱེད་པ།

house-republicanལོ་སྔོན་མའི་ཟླ་༡༡ ནང་ཨ་རིའི་འོས་བསྡུ་བར་མའི་སྐབས་ཨ་རིའི་སྤྱི་མཐུན་ཚོགས་པར་རྒྱལ་ཁབ་ཐོབ་སྟེ། ད་ལྟའི་སྐབས་ཨ་རིའི་གྲོས་ཚོགས་ནང་སྤྱི་མཐུན་ཚོགས་པའི་འཐུས་མི་མང་པོ་སླེབས་ཡོད་པ་དང། གྲོས་ཚོགས་ཀྱི་ཚོགས་གཙོ་ཡང་སྤྱི་མཐུན་ཚོགས་པའི་སྐུ་ཞབས་ཇོན་བྷོ་ནར་ཆགས་ཡོད་པས། གཞུང་འཛིན་སྐྱོང་བྱེད་མཁན་མང་གཙོ་ཚོགས་པའི་འཆར་འགོད་མང་པོ་ཞིག་ལ། གྲོས་ཚོགས་ཀྱི་རྒྱབ་སྐྱོར་ཐོབ་མིན་ལ་འཇིགས་སྣང་བྱེད་བཞིན་ཡོད་པ་རེད།

Read more

རྒྱལ་སྤྱིའི་ལོ་གསར་སྐབས་དྲག་སྤྱོད་པས་གཏོར་རྒོལ།

egept attaked near the churchཨི་རྗེབ་ལུང་པའི་ཡེ་ཤུའི་ཁང་ཆེན་པོ་ཞིག་གི་ནང། མི་མང་སྟོང་ཕྲག་མང་པོ་འཛོམས་ནས་རྒྱལ་སྤྱིའི་ལོ་གསར་སྲུང་བརྩི་དང་ཆོས་ལུགས་ཀྱི་བྱེད་སྒོ་གཉེར་བྱེད་བཞིན་པའི་སྐབས། ཕྱོགས་གང་ནས་ཡོང་མིན་མི་ཤེས་པའི་སྣུམ་འཁོར་ཞིག་གི་ནང་འབར་རྫས་གས་འཐོར་བཏང་ནས། མི་གྲངས་༢༡ རྐྱེན་ལམ་དུ་བཏང་བར་བརྟེན་དབུས་གཞུང་གིས་ལྷ་ཁང་སྲུང་སྐྱོབ་ཡག་པོ་བྱས་མེད་པའི་ངོ་རྒོལ་བྱས་ཡོད་པ་རེད།

Read more
Page 118 of 154« First...116117118119120...Last »