རྒྱལ་སྤྱི།

པེ་ཅིང་ཁྲོམ་གཞུང་གི་ཨོ་བྷ་མའི་འདྲ་པར།

ཟླ་འདིའི་ཚེས་ ༢༡ ཉིན་པེ་ཅིང་དུ་ཡོད་པའི་བྷི་བྷི་སིའི་གསར་འགོད་པས་གནས་ཚུལ་སྤེལ་གསལ་ལྟར་ན། ༡༩༩༨ ལོའི་ཨ་རིའི་སྲིད་འཛིན་བྷིལ་ཁིན་ཊོན་གྱིས་འགྲོ་བ་མིའི་ཐོབ་ཐང་དང་ཆོས་ལུགས་དད་པ་རང་དབང་གི་ཐད་ལ། རྒྱ་ནག་ནི་ད་དུང་ཡང་ནོར་འཁྲུལ་ཅན་གྱི་ལོ་རྒྱུས་ཀྱི་ཕྱོགས་སུ་ལྷུང་ནས་བསྡད་ཡོད་གསུངས་མྱོང་བ་ལྟར། རྒྱ་ནག་ད་དུང་ཡང་ནོར་འཁྲུལ་ཅན་གྱི་ལོ་རྒྱུས་ཀྱི་ཕྱོགས་གཅིག་ནས་ཐར་མེད་པ་དང༌། ཧང་སང་དགོས་པ་གཅིག་ལ་པེ་ཅིང་ཁྲོམ་གཞུང་དུ་ཨོ་བྷ་མའི་པར་རིས་ཁྲོ་ཉམས་ཅན་དང༌། གདོང་ངོས་སུ་ཁྲག་ཐིགས་བརྒྱབ་པ་ཅན་སྦྱར་འགྲེམས་བྱས་འདུག

Bangchen admin· · 0 མཆན་འགྲེལ། ·
མི་རིགས་ནག་པོ་སྲིད་འཛིན་ཐོག་མ།

མི་རིགས་ནག་པོ་སྲིད་འཛིན་ཐོག་མ།

དགུང་ལོ་ ༤༧ ལ་སོན་པའི་སྲིད་འཛིན་ཨོ་བྷ་མ་ནི་ཨ་རིའི་སྲིད་འཛིན་རིམ་བརྒྱུད་ཐེངས་ ༤༤ པའི་ནང་ནས་གཞོན་ཤོས་བཞི་པ་དེ་ཡིན་ལ། ཨ་རིའི་ལོ་རྒྱུས་ནང་མི་རིགས་ནག་པོ་སྲིད་འཛིན་ཆགས་པ་ཐོག་མ་དེའང་ཡིན་པ་རེད། ལོ་བཅུ་ཕྲག་འགའི་སྔོན་དུ་ཨ་རིའི་ནང་མི་རིགས་དཀར་ནག་དབྱེ་འབྱེད་ཀྱི་འཐབ་རྩོད་དེས། མི་རིགས་ནག་པོ་ཕལ་ཆེ་བ་བྲན་གཡོག་ཤ་སྟག་ཡིན་པ་རེད། དཔེར་ན། ཨོ་བྷ་མའི་སྲིད་འཛིན་གྱི་མཛད་སྒོ་ཚོགས་སའི་ཨ་རིའི་རྒྱལ་ཚོགས་ཁང་ཆེན་དེ་མི་རིགས་ནག་པོ་བྲན་གཡོག་ཚོའི་ནུས་ཤུགས་ལ་བརྟེན་ནས་བསྐྲུན་པ་ཞིག་ཡིན་པ་དང༌། དེ་རིང་མི་རིགས་ནག་པོ་གཅིག་གིས་ཁང་ཆེན་འདིའི་ནང་སྲིད་འཛིན་གྱི་མཛད་སྒོ་

Bangchen admin· · 0 མཆན་འགྲེལ། ·

བལ་ཡུལ་དུ་བྱ་ནད་ཁྱབ་པ།

    ཟླ་འདིའི་ཚེས་༡༦ ཉིན་བལ་ཡུལ་གཞུང་ནས་བལ་ཡུལ་དང་རྒྱ་གར་གྱི་མཐའ་མཚམས་ཇཱ་པ་ས་ཁུལ་དུ་བྱ་ནད་དངོས་སུ་ཁྱབ་ཡོད་པའི་དྲིལ་བསྒྲགས་བྱས་ཡོད་པ་དང༌། དེ་ནི་བྱ་ནད་བལ་ཡུལ་དུ་ཁྱབ་པ་ཐེངས་དང་པོ་ཡིན་འདུག
    ལོ་སྔོན་མར་བལ་ཡུལ་དུ་བྱ་ནད་ཁྱབ་ཡོད་པའི་དོགས་གཞི་ཙམ་ལས་དངོས་སུ་ཁྱབ་ཡོད་མེད་ར་སྤྲོད་བྱུང་མེད་མོད་ད་ལོ་བྱ་རོ་ཁག་ཅིག་ལ་བརྟག་དཔྱད་བྱས་འབྲས་སུ་བདུན་ཕྲག་གཉིས་ཙམ་གྱི་གོང་ནས་རྒྱ་གར་ས་མཚམས་བརྒྱུད་བྱ་ནད་དངོས་སུ་ཁྱབ་ཡོད་པ་ཤེས་རྟོགས་བྱུང་འདུག བལ་གཞུང་ནས་ཁུལ་དེར་ལས་མི་དང་སྨན་བཅོས་བྱེད་མཁན་བཏང་ཡོད་པ་མ་ཟད།

Bangchen admin· · 0 མཆན་འགྲེལ། ·

ཨ་རིའི་སྲིད་འཛིན་གསར་པ་ཨོ་བྷ་མ་ལས་གནས་ལ་མ་ཞུགས་སྔོན་གྱི་ལས་འཆར།

དང་པོ་ཆོས་མཇལ།
 ཟླ་འདིའི་ཚེས་༢༠ རེ་གཟའ་མིག་དམར་ཉིན་ཞོགས་པ་སྲིད་འཛིན་མཆོག་དང་བཟའ་ཟླ་མཱཀི་ལའི་གཉིས་སྲོལ་རྒྱུན་གྱི་ལུགས་ལྟར་ཕོ་བྲང་དཀར་པོའི་སྐུ་མགྲོན་གཟིམ་ཤག་ནས་ཐོན་ཏེ། རྒྱུན་ལྡན་སྲིད་འཛིན་གསར་པ་ཚོས་བྱེད་སྲོལ་བཞིན་ལས་ཞུགས་སྔོན་འགྲོའི་ཆོས་མཇལ་ཡི་ཤུའི་ལྷ་ཁང་དུ་བྱེད་རྒྱུ་ཡིན་པ་རེད།
    གཉིས་པ་སྲིད་འཛིན་བྷུ་ཤིའི་དང་ལྷན་འཛོམས།
  གོང་བརྗོད་ཀྱི་ལས་གཞི་གྲུབ་རྗེས་སྲིད་འཛིན་མཆོག་དང་ཁོང་གི་བློན་ཆེན་ཇའ་བྷི་དན། དེ་བཞིན་བཟའ་ཟླ་དང་ལས་རོགས་སོགས་ལ་རྒྱལ་ཚོགས་ཀྱི་འཐུས་མིའི་མཛད་སྒོ་ལྷན་ཚོགས་ཀྱིས་མཇལ་འཕྲད་ཞུ་རྒྱུ་དང༌།

Bangchen admin· · Comments are Disabled ·

ལྕམ་ཧེ་ལི་རི་ཁི་ལིན་ཊོན་གྱི་གསུང་བཤད།

ཨ་རིའི་རྒྱལ་དོན་བློན་ཆེན་གསར་པ་ལྕམ་ཧེ་ལི་ཁི་ལིན་ཊོན་གྱིས་ཨ་རིའི་གཞུང་གསར་པའི་ཆེས་མཐོའི་ལྷན་ཚོགས་མ་འཚོགས་པའི་སྔོན་དུ་དམག་དང་གཞུང་ཚབ་གཏོང་ལེན་གྱི་དབང་ཚད་སོགས་ཀྱི་སྐོར་ལ་ཞིབ་འཇུག་ཡིག་ཆ་འཐུས་ཚང་དགོས་པའི་རེ་འདུན་བཏོན་ཡོད་པ་རེད།
    དེ་བཞིན་ཁུའུ་བྷ་རྒྱལ་ཁབ་ཏུ་གསར་བརྗེ་ལངས་ནས་ད་ལྟའི་བར། མི་ལོ་ལྔ་བཅུའི་རིང་ལ་ཨ་རིའི་གཞུང་དང་ཁུའུ་བྷ་གཞུང་དབར་དངངས་ཚབས་ཆེ་བའི་འབྲེལ་ལམ་དེ་མཇུག་བསྡུས་པའི་དུས་ལ་བབས་ཚུལ་དང༌།

Bangchen admin· · Comments are Disabled ·

མཉམ་འབྲེལ་རྒྱལ་ཚོགས་ལ་མ་བརྩིས་པར་བློ་ཕམ།

    ཕྱི་ཚེས་༩ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེས་ཨི་ཟི་རལ་གྱི་སྲིད་བློན་ལ་གྷ་ཟའི་ནང་གི་དམག་ཕྱིར་འཐེན་བྱེད་རྒྱུར་འབོད་སྐུལ་གནང་ཡང༌། ཨི་ཟི་རལ་གྱིས་ཡ་ལན་མ་བྱས་པར་མུ་མཐུད་གཡུལ་འགྱེད་བྱས་པས་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེའི་མགྲིན་ཚབ་མས་བློ་ཕམ་ཡོད་སྐོར་བརྗོད་འདུག
    གྷ་ཟའི་ནང་ཨི་ཟི་རལ་དང་པཱ་ལི་སི་ཐན་གྱི་ཧ་མཱ་སི་གཉིས་ཀྱིས་དམག་འཐབ་བྱས་ནས་བདུན་ཕྲག་གསུམ་ཙམ་ཕྱིན་ཅིང༌། པཱ་ལི་སི་ཐན་གྱི་མི་མང་༩༢༠ དང་ཨི་ཟི་རལ་གྱི་དམག་མི་༡༣ བསད་ཡོད་པའི་གནས་ཚུལ་ཐོན་བཞིན་འདུག ཨི་ཟི་རལ་གྱི་དྲག་པོའི་གཡུལ་དམག་རྣམས་ཀྱིས་རྒྱལ་ཚོགས་དང་རྒྱལ་སྤྱིའི་འབོད་སྐུལ། གནོན་ཤུགས་གང་ལའང་ལ་མ་ལྟོས་པར་མུ་མཐུད་བཙན་རྒོལ་བྱེད་བཞིན་ཡོད་པ་རེད། ཕྱི་ཚེས་༡༡ ཉིན་རྒྱལ་ཚོགས་ཀྱི་དྲུང་ཆེ་བྷན་ཀི་མོན་ནས་ཨི་ཟི་རལ་གྱི་སྲིད་བློན་ཨེ་ཧུད་ཨོལ་མར་ཏ་ལ་ཁ་པར་བརྒྱུད་ནས་དམག་མཚམས་འཇོག་དགོས་པའི་སྐོར་ལ་བཀའ་མོལ་གནང་ཡོད་པ་དང༌། ཁོང་གིས་དྲག་པོའི་འཐབ་འཛིང་དེ་མཚམས་མ་བཞག་པར་བློ་ཕམ་ཡོད་ཅེས་བརྗོད་ཡོད་འདུག

Bangchen admin· · 0 མཆན་འགྲེལ། ·

ཕྲུ་གུ་གཉིས་གཉེན་སྒྲིག་གི་ཆེད་དུ་བྲོས་བྱོལ།

ཟླ་འདིའི་ཚེས་༩ ཉིན་ཨེ་པི་གསར་ཁང་ནས་གནས་ཚུལ་སྤེལ་གསལ་ལྟར་ན། འཇར་མི་ནི་ཡི་རྒྱལ་ས་བྷར་ལིན་ནས་ཕྲུ་གུ་བུ་ལོ་༧ དང་བུ་མོ་ལོ་༦ ལོན་པ་གཉིས་དགའ་རོགས་བསྒྲིགས་ནས་ཉེ་ཆར་ལོ་སར་གནམ་གང་ཉིན་རང་ཉིད་ཀྱི་ཁྱིམ་ནས་ཕ་མ་རྣམས་གཉིད་དུ་ཡོལ་བའི་སྐབས་དང་བསྟུན་ནས་གསང་བའི་ངང་ཨ་ཧཕ་རི་ཁར་བྲོས་བྱོལ་དུ་ཕྱིན་ཡོད་པ་རེད།

Bangchen admin· · 0 མཆན་འགྲེལ། ·

རྒྱ་ནག་ལ་དཔལ་འབྱོར་ཁྲོམ་རའི་དཀའ་ངལ།

      ཕྱི་ཚེས་༡༣ ཉིན་འཛམ་གླིང་གསར་འགྱུར་དྲ་གནས་སུ་གནས་ཚུལ་སྤེལ་གསལ་ལྟར་ན། ད་ལྟ་རྒྱ་ནག་གི་ཕྱི་འབྲེལ་ཚོང་དོན་དང་ནང་ཁུལ་ཚོང་འབྲེལ་གཉིས་ཀ་ཟླ་བ་སྔོན་མ་ནས་ཞན་དུ་ཕྱིན་ནས་མི་མང་གི་ལས་ཀ་ཤོར་རྒྱུའི་ཉེན་ཁ་ཆེ་རུ་འགྲོ་བཞིན་ཡོད་པ་དང༌། མི་མང་ཁྲོད་ལ་ལས་ཀ་ཇི་ཙམ་མེད་པ་ཆགས་པ་དེ་ཙམ་གྱིས་སྤྱི་ཚོགས་བརྟན་ལྷིང་མེད་པ་ཆགས་རྒྱུ་ཡིན་པས། ལས་མེད་ཀྱི་དཀའ་ངལ་དང་སེམས་ཁྲལ་ཆེ་རུ་འགྲོ་མུས་ཡིན་འདུག

Bangchen admin· · 0 མཆན་འགྲེལ། ·

ཕོ་བྲང་དཀར་པོའི་ནང་སྐུ་ཞབས་བྷུ་ཤིའི་མཐའ་མཇུག་གི་གསུང་བཤད།

    ཟླ་འདིའི་ཚེས་༡༢ ཉིན་ཨ་རིའི་སྲིད་འཛིན་བྷུ་ཤི་མཆོག་གིས་ཕོ་བྲང་དཀར་པོའི་ནང་ཆེས་མཐའ་མའི་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཡོད་པ་དང༌། ཁོང་གིས་ཨི་རག་སོགས་ལ་དམག་འཁྲུག་བརྒྱབ་པ་དེ་ནོར་འཁྲུལ་ཤོར་བའི་སྲིད་ཇུས་ཤིག་ཡིན་རུང༌། རང་བྱུང་གི་ཆག་སྒོ་དང་མ་རྐང་ཁྲོམ་ར་ཉམས་ཆག་ཕྱིན་ཡོད་པ་ནི་འགོག་ཐབས་བྲལ་བ་ཞིག་རེད་ཅེས་བརྗོད་ཡོད་པ་རེད།
    ཡང་ཁོང་གིས་འབྱུང་འགྱུར་ཨ་རིའི་སྤྱི་མཐུན་ཚོགས་པ་ཕོ་བྲང་དཀར་པོའི་ནང་ཡོང་ངེས་པ་དང༌། ཨ་རིའི་ནང་གི་ཁྱོན་ཡོངས་ཀྱི་གནས་བབས་ལ་གཞིགས་ཚེ་སྤྱི་མཐུན་ཚོགས་པ་ནི་དགོས་ངེས་ཅན་ཆགས་ཡོད་ཅེས་སོགས་ཀྱི་གསུང་བཤད་གནང་ཡོད་པ་རེད།

Bangchen admin· · 0 མཆན་འགྲེལ། ·
རྒྱལ་ཚོགས་ཀྱིས་དམག་འཐབ་མཚམས་འཇོག་ལག་བསྟར།

རྒྱལ་ཚོགས་ཀྱིས་དམག་འཐབ་མཚམས་འཇོག་ལག་བསྟར།

རྒྱལ་སྤྱིའི་གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཨི་ཟི་རལ་དང་པཱ་ལི་སི་ཐན་གཉིས་ཀྱི་རྒྱལ་མཚམས་གྷ་ཛྷ་རུ་ཧ་མཱ་སི་འཇིགས་སྐུལ་ཚོགས་པའི་རྐྱེན་གྱིས་ལུང་པ་གཉིས་ཀྱིས་མེ་ཤུགས་འཕུར་མདའ་སོགས་དྲག་པོའི་མཚོན་ཆ་སྤྱད་ནས། འཐབ་རྒོལ་བྱེད་རེས་ཀྱིས་ད་བར་མི་༦༥༠ ལྷག་བསད་ཡོད་འདུག ཉེ་ཆར་བདུན་ཕྲག་གཅིག་གི་གོང་ནས་ཆེས་ཚད་མཐོ་བའི་དྲག་མཚོན་འདྲ་མིན་བེད་སྤྱོད་བྱས་ནས་འཐབ་འཛིང་བྱེད་འགོ་ཚུགས་ཡོད་པ་རེད།ཕྱི་ཚེས་༥ ཉིན་ཨི་ཟི་རལ་གྱིས་དམག་འཐབ་འཕྲུལ་འཁོར་དང༌། དམག་མི་ཁྲི་ཕྲག་གིས་ཧ་མཱ་སི་ལ་དམག་འཐབ་བྱས་ནས་ཧ་མ་སིའི་ཚུར་རྒོལ་མཚམས་འཇོག་གི་ཆེད་དུ་དམིགས་པ་ཞིག་ཡིན་པ་རེད། ལུང་པ་དེ་གཉིས་ཀྱི་ཞི་བའི་ལས་འགུལ་བ་སྟོང་ཕྲག་མང་པོས་ལས་འགུལ་སྣ་ཚོགས་སྤེལ་

Bangchen admin· · 0 མཆན་འགྲེལ། ·