དྲ་ལམ་བརྒྱུད་ནས་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ།

chinese police in shaha“ང་ཚོར་དྲང་བདེན་དགོས། ང་ཚོར་ཁང་པ་དགོས། ང་ཚོར་ལས་ཀ་དགོས། ང་ཚོར་ཟས་དགོས་”ཞེས་དྲ་ལམ་བརྒྱུད་ནས་རྒྱ་ནག་གི་གྲོང་ཁྱེར་༡༣ ཙམ་གྱི་ནང་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་དང། རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིང་ཐའོ་ཡིས། “མི་མང་གི་བསམ་བློ་སྣེ་འཁྲིད་བྱེད་མཁན་གྱི་དྲ་ལམ་ལ་དམ་དྲག་བྱེད་དགོས་པ་དང། སྤྱི་ཚོགས་སྲ་བརྟན་དང་ཞི་བདེ་ལ་རྒོལ་བའི་དཀའ་ངལ་གྱི་རིགས་གཙང་སེལ་བྱེད་དགོས་”ཞེས་ཁྱབ་བསྒྲགས་བྱས་ཡོད་པ་རེད།

Read more

ཨེ་རྗིབ་ཀྱི་སྲིད་འཛིན་མུ་བྷ་རག་དགོངས་པ་ཞུ་དགོས་བྱུང་བ།

ཟླ་འདིའི་ཚེས་༡༡ ཉིན་ཨེ་རྗིབ་ཀྱི་སྲིད་འཛིན་ཧོ་སི་ནི་མུ་བྷ་རག་གིས་མི་ལོ་༣༠ ཙམ་གྱི་རིང་སྲིད་དབང་སྒེར་སྤྱོད་བྱས་རྗེས་གཞི་ནས་སྲིད་འཛིན་གྱི་ལས་གནས་ནས་དགོངས་པ་ཞུ་དགོས་ཐུག་ཡོད་པ་རེད།

Read more

བཙོན་ནས་གློད་གྲོལ་རྗེས་སུའང་མུ་མཐུད་ལྟ་སྲུང་བྱེད་ཀྱི་འདུག

chen guangcheng2དེ་སྔོན་བཙན་དབང་གིས་ཕྲུ་གུ་མངལ་ཤོར་འཇུག་པ་དང། ས་ཆ་འཕྲོག་ལེན་ལ་ངོ་རྒོལ་བྱེད་མཁན་རྒྱ་ནག་གི་མི་སེར་མིག་ལོང་བ་ཁྲེན་ཀུང་ཁྲེང་གིས། ཁོ་རང་གིས་དེ་སྔོན་རྒྱ་གཞུང་ལ་ངོ་རྒོལ་བྱས་ནས་བཙོན་ཁང་དུ་བཅུག་པ་དང་གློད་གྲོལ་ཐོབ་རྗེས། ད་དུང་རྒྱ་གཞུང་གིས་རྒྱུན་མི་ཆད་པའི་གསང་བའི་ལྟ་སྲུང་འོག་གནས་ཡོད་ཚུལ་པེ་ཅིང་ལ་ཡོད་པའི་རུའུ་ཊར་གསར་ཁང་ལ་བརྗོད་ཡོད་པ་རེད།

Read more

རྒྱ་ནག་ནང་བཟའ་ཚང་ཁ་འཐོར་གྱི་གྲངས་ཚད་འཕར་ཡོད་འདུག

coupleའཛམ་གླིང་ནང་མི་འབོར་མང་ཤོས་ཀྱི་རྒྱ་ནག་རྒྱལ་ཁབ་ནང་ཕྱི་ལོ་༢༠༡༠ ལོར་བཟའ་ཚང་ཁ་འཐོར་གྱི་གནས་ཚུལ་ཇེ་མང་ལ་ཕྱིན་ཡོད་པ་རེད། བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་ནང་༢༠༡༠ ལོར་བཟའ་ཚང་ས་ཡ་གཅིག་དང་འབུམ་དགུ་བཅུ་གོ་དྲུག་ཁ་འཐོར་དུ་སོང་ཡོད་པ་དང། གྲངས་ཚད་དེ་ནི་༢༠༠༩ ལོ་དང་བསྡུར་ན་བརྒྱ་ཆ་༡༩་དང་གྲངས་ཆུང་༥ ཙམ་འཕར་ཡོད་འདུག

Read more

ཨེ་རྗིབ་ནང་དུ་ཆབ་སྲིད་ཀྱི་དཀའ་རྙོག་མུ་མཐུད་ལྷག་བཞིན་པ།

ཟླ་འདིའི་ཚེས་༧ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། བདུན་ཕྲག་གཉིས་ཙམ་གྱི་སྔ་རོལ་ནས། ཨེ་རྗིབ་མི་མང་གྱིས་གཞི་རྒྱ་ཆེ་བའི་སྒེར་ལངས་ལས་འགུལ་ཞིག་སྤེལ་ཡོད་པ་དང་། ཚེས་༦ རེས་གཟའ་ཉི་མའི་ཉིན། གཞི་ནས་ཨེ་རྗིབ་ཀྱི་སྲིད་འཛིན་གཞོན་པ་ཨོ་མར་སུ་ལི་མན་དང་། ཁ་གཏད་ཀྱི་འགོ་འཁྲིད་བར་ཐུག་འཕྲད་བྱས་ཡོད་འདུག

Read more

བལ་ཡུལ་གྱི་སྲིད་བློན་གསར་འདེམས་དང་དམ་འབུལ།

བལ་ཡུལ་གྱི་སྲིད་བློན་འདེམས་བསྐོ་ཐེངས་བཅུ་བདུན་ཙམ་བྱས་པའི་མཐར་སྐུ་ཞབས་ Jhala Nath Khanal མཆོག་གཞུང་འཛིན་སྲིད་བློན་ལ་གསར་དུ་མང་མོས་འོས་འདེམས་བྱུང་ཡོད་པ་རེད།

Read more

བལ་ཡུལ་གྱི་སྲིད་བློན་བསྐྱར་འདེམས་བྱེད་གཏན་འཁེལ་བ།

བལ་ཡུལ་གྱི་སྲིད་བློན་གསར་པ་འོས་འདེམས་ཐུབ་ཐབས་སུ་སྒྲིག་གཞི་གསར་བ་ཁག་གཅིག་གཏན་འབེབས་བྱས་རྗེས། ད་ཆ་སྲིད་བློན་འོས་འདེམས་ཐེངས་༡༧ པ་དེ་བྱེད་རྒྱུའི་དུས་ཚོད་གཏན་འཁེལ་བྱུང་འདུག

Read more

བོད་དང་ཐེ་ཝན་གཉིས་རྒྱ་ནག་གི་དོ་སྣང་བྱེད་ས་གཙོ་བོ་དེ་ཡིན།

meting durring the dinnerབོད་དང་ཐེ་ཝན་གཉིས་ཀྱི་རང་བཙན་གྱི་བདག་དབང་དང་། ས་ཁུལ་ཆིལ་སྒྲིལ་བཅས་ལ་ད་ལྟའི་སྐབས་རྒྱ་ནག་དབུས་གཞུང་གིས་དོ་སྣང་དང་བདག་གཅེས་བྱེད་ས་གཙོ་བོ་དེ་ཡིན་ཞིང། ཨ་རྒྱ་ཕྱོགས་གཉིས་ཀས་རང་རང་གི་བདག་གཅེས་བྱེད་སའི་གནད་དོན་གཙོ་བོ་ཁག་ལ་མཐོང་ཆེན་བྱས་ན། ང་ཚོའི་འབྲེལ་བ་དེ་ཞི་འཇམ་དང་སྲ་བརྟན་ངང་འཕེལ་རྒྱས་འགྲོ་ངེས་རེད་ལ། དེ་ལས་ལྡོག་ན་ཕྱོགས་གཉིས་ཀར་དཀའ་ངལ་དང་སེམས་འཚབ་ཡོང་ངེས་རེད་ཅེས། རྒྱ་ནག་གི་སྲིད་འཛིན་ཧུའུ་ཡིས་ཨ་རིའི་སྲིད་འཛིན་དང་དཔོན་རིགས་ལྷན་འཛོམས་ཤིག་གི་ཐོག་ཏུ་བརྗོད་ཡོད་པ་རེད།

Read more

མའོ་ཡུལ་དམག་དམིགས་བསལ་ཚོགས་པར་རྩིས་སྤྲོད།

བལ་ཡུལ་རྒྱལ་ནང་གི་དམར་ཕྱོགས་མའོ་རིང་ལུགས་ཀྱི་ཆབ་སྲིད་ཚོགས་པའི་མི་དམངས་ཡུལ་དམག་རྣམས་དངོས་སུ་བལ་ཡུལ་གཞུང་འབྲེལ་དམིགས་བསལ་ཚོགས་ཆུང་ལ་རྩིས་སྤྲོད་བྱས་ཡོད་པ་རེད།

Read more

དགའ་བསུ་ཞུ་མཁན་ཚོར་གླ་ཆ་སྤྲད་འདུག

chinese paid well come huརྒྱ་ནག་གི་སྲིད་འཛིན་ཧུའུ་ཅིང་ཐའོ་ཨ་རིར་སྐོར་བསྐྱོད་ལ་ཕེབས་སྐབས། ཨ་རིར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་གོ་སྒྲིག་འོག ཨ་རིར་ཡོད་པའི་རྒྱ་རིགས་སློབ་ཕྲུག་དང་དེ་མིན་རྒྱ་རིགས་ཚོ་དགའ་བསུ་ཞུས་བར་ཡོང་ན་གླ་ཆ་སྤྲོད་རྒྱུ་དང། མ་ཡོང་ན་རྒྱལ་ནང་ཡོད་པའི་ནང་མི་ཚོར་དཀའ་ངལ་འཕྲད་སྲིད་པའི་ཉེན་བརྡ་བཏང་ཡོད་འདུག

Read more
Page 122 of 159« First...120121122123124...Last »