རྒྱ་མི་རིགས་ཀྱིས་དྷ་སའི་སྐོར་དཔེ་དེབ་བྲིས་པ།

བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་ཡོད་པའི་བཙན་བྱོལ་བོད་གཞུང་གི་སྐུ་ཚབ་དོན་གཅོད་ཁང་གིས་གོ་སྒྲིག་གནང་བའི་འོག་འདི་ལོའི་བོད་མིའི་སྒེར་ལངས་སུམ་བཅུའི་དུས་དྲན་དང་སྟབས་བསྟུན་འདི་ག་ཨ་རིའི་ཁུལ་དུ་གནས་སྡོད་བྱེད་མཁན་རྒྱ་རིགས་གསར་འགོད་པ་དང༌། བརྙན་འཕྲིན། དྲ་རྒྱ། དུས་དེབ་སོགས་གསར་འགྱུར་ལས་རིགས་པ་མི་གྲངས་༡༧ ལས་གྲུབ་པའི་སྐུ་ཚབ་ཚོགས་པ་ཞིག་རྡ་རམ་ས་ལར་ཆེད་བཅར་བྱས་ཏེ།

Read more

ཡུ་གུར་སློབ་མས་བོད་པའི་སློབ་མ་ཚོའི་གྱེན་ལངས་ལ་རྒྱབ་སྐྱོར།

urgur students“ས་གནས་སྲིད་གཞུང་གི་སློབ་གྲྭའི་དྲ་རྒྱ་ཡོངས་རྫོགས་བཀག་བསྡོམས་བྱས་ནའང། རྒྱ་ནག་ནང་ཡོད་པའི་ཡུ་གུར་མི་རིགས་ཀྱི་སློབ་མ་དང།  པེ་ཅིང་མི་རིགས་སློབ་གྲྭ་ཆེན་མོ་སོགས་ན་མཚོ་སྔོན་ཞིང་ཆེན་ཁུལ་གྱི་བོད་པའི་སློབ་མ་ཚོས། སྐད་ཡིག་རང་དབང་ཆེད་གྱེན་ལངས་བྱས་པའི་གནས་ཚུལ་ཚང་མ་ཤེས་སོང”ཞེས། ཡུ་གུར་སློབ་མ་ཞིག་གིས་གསར་འགོད་པར་འགྲེལ་བརྗོད་བྱས་ཡོད་པ་རེད།

Read more

རྒྱ་དཀར་ནག་གཉིས་ཀྱི་སྲིད་བློན་མཇལ་འཕྲད་གནང་འཆར།

རྒྱ་དཀར་ནག་གཉིས་ཀྱི་སྲིད་བློན་མཇལ་འཕྲད་འཆར་ཡོད་པ་དང། རྒྱལ་ཁབ་ཕྱོགས་གཉིས་ཀྱི་འབྲེལ་ལམ་སྲ་བརྟན་ཡོང་ཆེད་དུ། ཉེ་དུས་༧གོང་ས་མཆོག་ལ་རྒྱ་གར་གྱི་ཇཱ་མི་ཡ་མཱི་ལི་ཡ་ཨ་སི་ལཱ་མི་ཡ་Jamia Millia Islamia གཙུག་ལག་སློབ་གྲྭའི་མཁས་དབང་གི་གཟེངས་རྟགས་འབུལ་འཆར་ཡོད་པ་དེ། ད་ལྟའི་སྐབས་རྒྱ་གར་གཞུང་ཕྱོགས་ནས་མོས་མཐུན་གནང་མེད་པ་རེད་ཅེས་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་འདུག

Read more

ཨ་རིའི་སྤྱི་ཁྱབ་ཁྲིམས་རྩོད་པས་རྒྱ་ནག་ཏུ་གཟིགས་སྐོར།

རྒྱ་ནག་གཞུང་གིས་རྒྱ་མི་རིགས་ཀྱི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ལ་བརྩི་སྲུང་བྱེད་དགོས་པ་དང། དེའི་ནང་ནས་ཞི་བདེའི་གཟེངས་རྟགས་བཞེས་མཁན་སྐུ་ཞབས་ལིའུ་ཞོ་པོ་ཡི་གནད་དོན་དེ། ཨ་རྒྱ་གཉིས་དབར་གཞི་རྩའི་ཆ་ནས་མི་མཐུན་པའི་ལས་དོན་ཞིག་ཆགས་ཡོད་པ་རེད་ཅེས། ཨ་རིའི་སྤྱི་ཁྱབ་ཁྲིམས་རྩོད་པས་པེ་ཅིང་དུ་གསར་འགོད་གསལ་བསྒྲགས་ཤིག་གི་ཐོག་ཏུ་བརྗོད་ཡོད་པ་རེད།

Read more

འོས་ཤོག་དགོས་ན་སྤྲེའུ་ཕྱིར་ཕུད་གཏོང་དགོས་ཟེར།

67monkey-46-blogདེང་སྐབས་རྒྱ་གར་གྱི་མངའ་སྡེ་འདྲ་མིན་ནང་ས་གནས་གྲོས་ཚོགས་ཀྱི་འོས་ཤོག་འཕེན་ལ་ཉེ་བ་དང། བྷི་ཧར་མངའ་སྡེའི་ས་གནས་ཁག་ཅིག་ནང། སྟོན་ཐོག་སྤྲེའུའི་ཁྱུ་ཚོགས་མང་པོས་ཟོས་པ་དང་གཏོར་བཅོམ་གཏོང་བའི་དཀའ་ངལ་ཆེ་བས། གྲོས་ཚོགས་འོས་མི་རྣམས་ཀྱིས་གྲོང་གསེབ་ཁག་ཏུ་འོས་ཤོག་གི་ཆེད་དུ་སྤྲེའུ་ཕྱིར་ཕུད་གཏོང་རྒྱུའི་ལས་འགུལ་སྤེལ་འཆར་ཡོད་པ་རེད།

Read more

སྲིད་འཛིན་ཧུའུ་ཡི་རྗེས་འཛིན་པ་ཞི་ཅིན་ཕེང་ཆགས་རྒྱུ་རེད་ཟེར།

xi jingpin1རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐཱའོ་ཡི་སྲིད་འཛིན་གྱི་ལས་ཡུན་རྫོགས་ལ་ཉེ་བ་དང། རྒྱ་ནག་གི་དཔོན་རིགས་ཚོས་ད་ལྟའི་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཞི་ཅིན་ཕེང་། ཐེངས་རྗེས་མའི་རྒྱ་ནག་གི་སྲིད་འཛིན་ཆགས་རྒྱུ་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་དང། འདིའང་པེ་ཅིང་དུ་འཚོག་ལ་ཉེ་བའི་ཉིན་གྲངས་བཞིའི་རིང་གི་འཆར་འགོད་ལྷན་ཚོགས་སུ་གྲོས་མོལ་བྱེད་རྒྱུ་ཡིན་པ་རེད།

Read more

རྒྱ་ནག་གི་ལོ་ལྔའི་འཆར་འགོད་ལྷན་ཚོགས།

རྒྱ་ནག་གི་ལོ་ལྔའི་འཆར་འགོད་ལྷན་ཚོགས་ཆེན་མོ་ཐེངས་༡༢ པ་དེ་འཚོག་ལ་ཉེ་བ་དང། སྐབས་དེར་རྒྱ་ནག་རྒྱལ་ཡོངས་སུ་ཁྱབ་ཆེ་བའི་གསར་འགྱུར་ལས་རིགས་ཀྱི་གསར་འགོད་པ་དང་རྩོམ་སྒྲིག་པ་རྣམས་མཉམ་ཞུགས་ཀྱིས། སྲིད་བློན་ཝིན་ཅཱ་པའོ་ཡི་ཉེ་དུས་ཀྱི་གཏམ་བཤད་གཞིར་བཞག་ནས། རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ལ་བསྒྱུར་བཅོས་གཏོང་དགོས་པའི་བསམ་འཆར་འདོན་རྒྱུ་ཡིན་པ་རེད།

Read more

བྱང་ཀོ་རི་ཡའི་ངལ་རྩོལ་ཚོགས་པ་ལོ་རེ་ལྔ་འཁོར་བའི་དུས་སྟོན།

kim and his fatherབྱང་ཀོ་རི་ཡའི་ངལ་རྩོལ་ཚོགས་པ་དབུ་བརྙེས་ནས་༦༥ འཁོར་བའི་དུས་སྟོན་ཐོག རྒྱུན་ལྡན་ལས་ལྡོག་སྟེ་ཕྱི་རྒྱལ་གྱི་གསར་འགོད་པ་སུ་འདྲ་ཞིག་ཡིན་རུང་། དུས་སྟོན་ཐོག་འཛུལ་ཞུགས་ཀྱི་ཆོག་མཆན་སྤྲད་ནས། བྱང་ཀོ་རི་ཡའི་དམག་དཔུང་གི་སྟོབས་ཤུགས་འཛམ་གླིང་ནང་ཁྱབ་བསྒྲགས་བྱས་ཡོད་པ་རེད།

Read more

རྒྱ་རིགས་ལུའུ་ཞའོ་པོ་ལ་ཞི་བདེའི་གཟེངས་རྟགས་ཐོབ་པ།

liuལོ་གྲངས་ཉི་ཤུ་ལྷག་ཙམ་རིང་ལ་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་དང་མང་གཙོའི་ཆེད་དུ་ཕྱག་ལས་གནང་མཁན། ད་ལྟའི་སྐབས་རྒྱ་ནག་གི་བཙོན་ཁང་དུ་ཡོད་པའི་རྩོམ་པ་པོ་སྐུ་ཞབས་ལུའུ་ཞའོ་པོ་ལ། ཕྱི་ལོ་༢༠༡༠ ཞི་བདེའི་གཟེངས་རྟགས་འབུལ་རྒྱུའི་ཐག་གཅོད་གནང་ཡོད་པ་རེད།

Read more

ལག་ཐོགས་ཁ་པར་ནང་གི་ས་ཁྲ་ལ་ངོ་རྒོལ།

mapiniphone_2ཨ་རིའི་ནང་རྟེན་གཞི་བྱས་པའི་ལག་ཐོགས་ཁ་པར་ཐོན་གསར་པ་ཨཱ་ཡི་ཧྥོན་ནང། རྒྱ་གར་ཨ་རུ་ནཱ་ཅལ་མངའ་སྡེ་རྒྱ་ནག་གི་ཆ་ཤས་ཀྱི་ས་ཁུལ་ལྟ་བུའི་ས་ཁྲ་བཟོས་པ་དེ། ང་ཚོའི་ངོས་ནས་མཐའ་གཅིག་ཏུ་དགག་པ་རྒྱག་གི་ཡོད་ཅེས། མངའ་སྡེ་དེ་ནས་ཡིན་པའི་རྒྱ་གར་གྱི་གྲོས་ཚོགས་འོག་མའི་འཐུས་མི་ཏཱ་ཀམ་སན་ཇཱས་གསུངས་ཡོད་པ་རེད།

Read more
Page 128 of 160« First...126127128129130...Last »