པཱ་ཀི་སི་ཐན་ནང་དྲ་གནས་བཀག་འགོག

baksuthan yutobཔཱ་ཀི་སི་ཐན་གཞུང་གིས་འཛམ་གླིང་ཐོག་ཡོངས་ཁྱབ་ཏུ་འགྲོ་བཞིན་པའི་དྲ་གནས་ཡུས་ཊུབ་དང་ཧྥ་སི་བྷུག་གཉིས་བཀག་སྡོམ་བྱེད་རྒྱུའི་ཐག་གཅོད་དོན་ནི། དྲ་གནས་དེ་བརྒྱུད་ནས་འཛམ་གླིང་ནང་ཁ་ཆེའི་མི་རིགས་ལ་ངོ་རྒོལ་བྱེད་མཁན་དང། ཁ་ཆེའི་ཆོས་ལུགས་ལ་གུས་བརྩི་མི་བྱེད་མཁན་མང་དུ་འགྲོ་བཞིན་ཡོད་པའི་རྐྱེན་གྱིས་རེད་ཅེས། གཞུང་འབྲེལ་གྱི་འབྲེལ་ཡོད་མི་སྣས་བརྗོད་ཡོད་པ་རེད།

Read more

ཐེ་ཝན་གྱི་རང་བཙན་ལ་བར་ཆད་གཏོང་སྲིད་པའི་སེམས་ཚབས།

ཐེ་ཝན་དང་རྒྱ་ནག་གཞུང་གཉིས་དབར་རང་དབང་གི་ཚོང་འབྲེལ་གྲོས་གཞི་ཞེས་པའི་ཚོང་དོན་ཡིག་ཆ་ལ། ཟླ་བ་རྗེས་མར་ཕྱོགས་གཉིས་ཀས་མིང་རྟགས་བཀོད་ནས་འགྲེམས་སྤེལ་དང་ལག་བསྟར་བྱེད་རྒྱུའི་ཁྱབ་བསྒྲགས་བྱས་ཡོད་པར། ཐེ་ཝན་ཕྱོགས་འགལ་ཚོགས་པས་འགོ་ཁྲིད་དེ་མི་མང་བརྒྱ་ཕྲག་མང་པོའི་ཐེ་ཝན་གྲོས་ཚོགས་ཁང་གི་སྒོ་འགྲམ་ངོ་རྒོལ་བྱས་ཡོད་པ་རེད།

Read more

བོད་རྒྱ་འབྲེལ་མོལ་གྱི་འཕེལ་རིམ་ལ་ཞིབ་འཇུག་བྱེད་བཞིན་ཡོད།

arrusuཨུ་རུ་སུ་གཞུང་ཕྱོགས་ནས་བོད་ཀྱི་གནད་དོན་སེལ་ཆེད་དུ། ༧ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་གཉིས་དབར་འབྲེལ་མོལ་ཡོང་རྒྱུར་འབད་བརྩོན་དང་མཐུན་འགྱུར་ཞུ་རྒྱུའི་གྲ་སྒྲིག་ཆ་ཚང་ཡོད་ཅེས་ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་གྱིས་གསུངས་ཡོད་པ་རེད།

Read more

ཨ་རི་དང་རྒྱ་ནག་དབར་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་གྲོས་མོལ།

འགྲོ་བ་མིའི་ཐོབ་ཐང་དང་ཆོས་ལུགས་དད་པ་རང་དབང། ངལ་རྩོལ་བའི་ཐོབ་ཐང། ཁྲིམས་ཀྱིས་དབང་བསྒྱུར། དེ་དང་འབྲེལ་ནས་དཔལ་འབྱོར་ཉམས་རྒུད་བཅས་ཀྱི་ཐད་ལ། ཨ་རི་དང་རྒྱ་ནག་གཉིས་དབར་གྲོས་མོལ་བྱས་པ་དེ་ནི། ཕྱོགས་གཉིས་ཀྱི་ལས་དོན་རིམ་གྱིས་རྒྱུན་སྐྱོང་ཐུབ་པའི་རྨང་གཞི་ཡིན་པ་ལས། གྲུབ་འབྲས་མྱུར་དུ་ཐོན་རྒྱུ་ཁག་པོ་རེད་ཅེས། ཨ་རིའི་རྒྱལ་དོན་དྲུང་ཆེའི་ལས་རོགས་ཀྱིས་གསར་འགོད་པར་བརྗོད་ཡོད་པ་རེད།

Read more

རྒྱ་ནག་ནང་གི་ཉེན་ཁ་ཆེ་ཤོས་ཀྱི་བུད་མེད།

ང་རྒྱ་ནག་གི་ཚཱེ་ཅིང་བདུན་རེའི་དུས་དེབ་ཀྱི་རྩོམ་སྒྲིག་པའི་ལས་གནས་ནས། གློ་བུར་དུ་རྩ་དགོངས་ཞུ་དགོས་བྱུང་བ་དེ་ནི་མགོ་རྙོག་གི་གནད་དོན་ཞིག་རེད། ད་ལྟའི་སྐབས་འདིའི་སྐོར་མང་པོ་བཤད་ཐུབ་ཀྱི་མི་འདུག  ལས་དོན་གཞན་ཞིག་གི་འགོ་བརྩམས་ནས་འདས་པའི་ལོ་རྒྱུས་ནང་། ངས་ཇི་ལྟར་བྱས་ཡོད་པ་དེ་ལྟར་བྱེད་འདོད་ཡོད་ཅེས། རྒྱ་ནག་ནང་གི་བུད་མེད་ཧུའུ་ཧྲུས་ལི་ཞེས་པས་བརྗོད་ཡོད་པ་རེད།

Read more

ཚེ་རིང་འོད་ཟེར་ལ་གཟེངས་རྟགས།

woeser_portrait1བོད་བུད་མེད་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་སུ་༢༠༡༠ ལོའི་གསར་འགྱུར་དང་འབྲེལ་བའི་རྒྱལ་སྤྱིའི་གཟེངས་རྟགས་ཤིག་སྤྲོད་གཏན་ཁེལ་ཡོད་པ་རྒྱལ་སྤྱིའི་བུད་མེད་གསར་ལམ་ཐེབས་རྩ་ཚོགས་པའི་ཟླ་འདིའི་ཚེས་༡༡ ཉིན་གནས་ཚུལ་སྤེལ་འདུག

Read more

བོད་ནང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་བཏང་བ་དེ་སྦས་ཐབས་རེད།

stories.large.2010.05.11.pav0402-hrརྒྱ་ནག་གཞུང་གིས་ཕྱི་རྒྱལ་དང་རྒྱ་ནག་སོགས་གང་དུའང་བོད་ཀྱི་གནས་སྟངས་སྐོར་འགྲེམས་སྟོན་བྱེད་སྐབས། བོད་མི་རྣམས་རྒྱ་ནག་གཞུང་ལ་དགའ་ཞེན་ཆེན་པོ་དང་། འཚོ་བ་བཟང་ཚུལ་སོགས་ཀྱི་འཁྱོག་བཤད་བྱེད་བཞིན་པར་ནམ་ཡང་ཡིད་ཆེས་བྱེད་མི་རུང་ཞེས། ཁེ་ན་ཌའི་བོད་ཀྱི་ཚོགས་པའི་འཐུས་མི་ཌར་མཱོ་ཊར་ཝི་ལགས་ཀྱིས། ཧྲང་ཧེ་དངོས་མང་འགྲེམས་སྟོན་ཁང་དུ་འགྲོ་མཁན་ཁེ་ན་ཌའི་གཞུང་འབྲེལ་མི་སྣ་དང་། ཡུལ་སྐོར་སྤྲོ་འཆམ་པ་རྣམས་ལ་བརྗོད་ཡོད་པ་རེད།

Read more

མི་མང་བརྒྱ་ལྷག་གི་ཚེ་སྲོག་ཤོར་འདུག

aptopix_iraq_violence_john-1_t607གློ་བུར་དུ་འབར་རྫས་གས་འཐོར་དང་མི་མང་ཁྲོད་དུ་མེ་མདའ་བརྒྱབ་པ་སོགས་ཀྱིས། མི་གྲངས་༡༠༠ ལྷག་ཙམ་རྐྱེན་ལམ་བཏང་ཡོད་པ་དང། ༣༥༠ ཙམ་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པ་དེ་ནི། ལོ་འདིིའི་ནང་ཨི་རག་གི་ཆག་སྒོ་ཆེ་ཤོས་དེ་ཆགས་ཡོད་པ་རེད།

Read more

རྒྱ་ནག་ཁྲུང་ཆིང་གྲོང་ཁྱེར་དུ་རླུང་འཚུབ་བརྒྱབ་ནས་མི་༢༣ ཤི་བ།

བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་༥ བའི་ཚེས་༥ ཉིན་གྱི་མཚན་གུང་། ཁྲུང་ཆིན་གྲོང་ཁྱེར་གྱི་ཏན་ཅང་རྫོང་དང་། ལིའང་ཕིན་རྫོང་ལ་ཚད་རིམ་༡༢ ཅན་གྱི་ཆར་རླུང་དྲག་པོ་འཚུབ་ནས་སྡོད་ཁང་བརྡིབས་པ་དང་སྐྱེ་དངོས་ལ་གནོད་སྐྱོན་ཐེབས་པ་མ་ཟད་མི་སྣར་ཤི་རྨས་ཆེན་པོ་བཟོས་ཡོད་འདུག

Read more

རྒྱ་ནག་སྐམ་ས་ཆེན་མོར་ཐེ་ཝན་གྱི་ལས་ཁུངས་དང་པོ།

༢༠༠༨ ལོར་ཐེ་ཝན་གྱི་སྲིད་འཛིན་མཱ་ཡིང་ཇུའུ་ལ་དབང་ཆ་ཐོབ་པ་ནས་བཟུང། ཕྱོགས་གཉིས་ཀྱི་འགལ་ཟླ་ཉུང་དུ་གཏོང་ཐབས་ལ་ལས་དོན་སྣ་ཚོགས་བསྒྲུབས་ཡོད་པ་དང། ད་ཐེངས་རྒྱ་ནག་སྐམ་ས་ཆེན་མོའི་ནང་བཙུགས་པའི་ཐེ་ཝན་གྱི་ལས་ཁུངས་འདིའང། ཕྱོགས་གཉིས་ཀྱི་འབྲེལ་ལམ་བཟང་ཕྱོགས་སུ་འགྲོ་ཆེད་དུ་རེད་ཅེས་བརྗོད་ཡོད་པ་རེད།

Read more
Page 134 of 160« First...132133134135136...Last »