ཨ་རིའི་བོད་རྒྱ་ཞི་མོལ་ལ་འབོད་སྐུལ།

ཟླ་འདིའི་ཚེས་༡༦ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཡང་ཇཱི་ཁྲི་ཨ་རིར་སླེབས་པ་དང་བསྟུན་ནས་ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང༌། གྲོས་ཚོགས་གཉིས་ནས་ྋགོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་གི་དབར་ཞི་མོལ་བྱེད་རྒྱུར་རེ་བ་རྒྱག་བཞིན་ཡོད་སྐོར་གསུངས་ཡོད་པ་རེད།
    ཨ་རིའི་སྲིད་འཛིན་དང་གཞུང་གཉིས་ཀའི་ངོས་ནས་བོད་ཀྱི་དཀའ་ངལ་སེལ་ཐབས་སུ་རྒྱ་ནག་གི་དཔོན་རིགས་ཚོས་བོད་ཀྱི་དབུ་ཁྲིད་ཁག་དང་འབྲེལ་མོལ་མ་བཟུང་ན། ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་དེའང་ལྷིང་འཇགས་སྲ་བརྟན་ངང་རྒྱུན་གནས་ཐུབ་རྒྱུར་ཁག་པོ་ཡིན་སྐོར་འགྲེལ་བརྗོད་བྱས་ཡོད་པ་དང༌། དེ་བཞིན་ཕོ་བྲང་དཀར་པོའི་ནང་གི་གསུང་བཤད་དུའང༌། ཨ་རིའི་སྲིད་འཛིན་མཆོག་གིས་རྒྱ་ནག་ཕྱི་སྲིད་བློན་ཆེན་ལ། ངས་ྋཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་དང་རྒྱ་ནག་དབུས་གཞུང་གཉིས་དབར་དོན་ཕན་ལྡན་པའི་འབྲེལ་མོལ་བྱེད་རྒྱུར་རེ་བ་བྱེད་བཞིན་ཡོད་ཅེས་འཁོད་པ་རེད།

Read more

ཕ་ཡིས་བུ་མོར་བཙན་གཡེམ་བྱས་པར་ཁྲིམས་ཆད།

ཟླ་འདིའི་ཚེས་ ༡༩ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། ཡོ་རོབ་ཨོ་སི་ཏྲོན་ལུང་པའི་ནང་ཕས་རང་གི་བུ་མོ་མི་ལོ་ ༢༤ རིང་ས་འོག་ཁང་ཆུང་ཞིག་གི་ནང་གསང་ཉར་བྱས་ཏེ་ཕྲུ་གུ་ ༦ བཟོས་ཡོད་པའི་རྐྱེན་གྱིས། ཁྲིམས་ལུགས་ཐོག་ནས་གཙན་གཡེམ་གྱི་ནག་ཉེས་སུ་བརྩིས་ཏེ་བུ་མོའི་ཕ་རང་ལོ་ ༧༣ སོན་པ་ཞིག་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པ་རེད།

Read more

ཏཱ་ལའི་བླ་མའི་ཡང་སྤྲུལ་གླེང་བ།

    ཟླ་འདིའི་ཚེས་ ༡༦ ཉིན་པེ་ཅིང་དུ་ཡོད་པའི་སྦི་སྦི་སིའི་གསར་འགོད་པས་ྋཏཱ་ལའི་བླ་མའི་ཡང་སྤྲུལ་ངོས་འཛིན་གནང་ཟེར་བའི་ཆེད་རྩོམ་ཞིག་གི་ནང་རང་ལོ་ ༡༩ སོན་ཞིང་རྒྱ་ནག་དམར་ཕྱོགས་ཚོགས་པའི་བཀོད་མངགས་ལ་བརྩི་སྲུང་བྱེད་བཞིན་ཡོད་པའི་པཎ་ཆེན་བླ་མ་འདི་ལ། ད་ལྟ་བཙན་བྱོལ་དུ་གྱར་བསྡད་པའི་བོད་མི་ཚོས་ནམ་ཡང་ྋཏཱ་ལའི་བླ་མའི་ཡང་སྤྲུལ་ངོས་འཛིན་ཐག་གཅོད་བྱེད་པའི་གོ་སྐབས་སྤྲོད་མི་སྲིད་པའི་གནས་སྟངས་ཤིག་ཆགས་ཡོད་པ་རེད་ཅེས་འཁོད་ཡོད་པ་རེད།

Read more

ཡོ་རོབ་མཉམ་འབྲེལ་གྱི་བོད་དོན་སྐོར་ལ་གྲོས་ཆོད།

ཟླ་འདིའི་ཚེས་༡༢ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གིས་བོད་དབང་བསྒྱུར་བྱས་ནས་མི་ལོ་༥༠ འཁོར་བའི་དུས་དྲན་དང་བསྟུན་ནས། ཡོ་རོབ་མཉམ་འབྲེལ་གྱིས་རྒྱ་ནག་གཞུང་ལ་ྋགོང་ས་མཆོག་གི་དགོངས་གཞི་བཞིན། རྒྱ་བོད་གཉིས་དབར་དོན་ཕན་ལྡན་པའི་ཞི་མོལ་འགོ་འཛུགས་དགོས་པ་གཙོར་བཟུང་བྱས་ཏེ་གྲོས་ཆོད་བཞག་ཡོད་པ་རེད།
    དེ་ཡང་ཡོ་རོབ་མཉམ་འབྲེལ་ངོས་ནས་འདས་ལོའི་ཟླ་བ་༡༡ པའི་ནང་བོད་མི་ཚོས་མིང་དོན་མཚུངས་པའི་ཆེས་མཐོའི་རང་སྲིད་རང་སྐྱོང་གི་དགོས་འདུན་བཏོན་པ་གཞི་རྩར་བཟུང་སྟེ་གྲོས་ཆོད་བཞག་ཡོད་པ་དང༌། དེ་བཞིན་འདས་ལོའི་ཟླ་བ་༡༡ པའི་བར་དུ་ྋགོང་ས་མཆོག་གི་སྐུ་ཚབ་ཚོས་ཐེངས་༨ པའི་རྒྱ་ནག་གི་དཔོན་རིགས་ཚོ་དང་ལྷན་དུ་གྲོས་མོལ་བྱས་པའི་བརྒྱུད་རིམ་ནང༌། རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཆེས་མཐོའི་རང་སྲིད་རང་སྐྱོང་གི་ཐོབ་ཐང་དགོས་འདུན་བཏོན་ཡོད་རུང༌།

Read more

རྒྱ་ནག་གཞུང་གིས་སྐུ་ཉིད་ངོ་ཤེས་ཐབས་སུ་རེ་སྐུལ་ནན་པོ་ཞུ་རྒྱུ་ཡིན།

ཟླ་འདིའི་ཚེས་༡༤ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཌི་མོང་སེ་ཊོ་ཊོ་མཆོག་གིས་དབུས། ཧོ་ལིའི་ཝུའུ་ཌི་འཁྲབ་སྟོན་པ་རཱིས་ཆར་ཌི་གྷིར་སོགས་འཛམ་གླིང་ནང་སྙན་གྲགས་ཆེ་བའི་མི་སྣ་བཅུ་ཕྲག་བརྒལ་བས་དབུ་ཁྲིད་དེ། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་དགོས་པ་དང་བོད་རྒྱ་ཞི་མོལ་འགོ་འཛུགས་དགོས་པ། རྒྱ་ནག་གཞུང་གིས་ྋགོང་ས་མཆོག་ལ་མཚན་སྨད་ཞུ་མི་ཆོག་ཅེས་ཡིག་ཆ་བཟོས་པ་དང༌། མི་གྲངས་༡༠༠༠༠༠ ཙམ་གྱིས་མཚན་རྟགས་བསྡུ་རུབ་གནང་ཡོད་པ་རེད།

Read more

གོམ་པ་རྒྱག་མ་ཐུབ་ན་གོག་ནས་འགྲོ་ཡི་ཡིན་ཟེར།

ཟླ་འདིའི་ཚེས་༡༣ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་གྱི་མཐའ་མཇུག་གི་ཉིན་དེར། སྲིད་བློན་ཝིན་ཅཱ་པའོ་ཡིས་གསར་འགོད་ལྷན་ཚོགས་ཐོག་ཁོང་ད་ལྟ་རང་ལོ་༦༧ ལ་སོན་སོང་ནམ་ཞིག་ང་གཏེར་གྱིས་ཕྱུག་པའི་རྒྱ་ནག་གི་གླིང་ཕྲན་ཐེ་ཝན་དུ་སྲོག་དང་བསྡོས་དགོས་ཀྱང༌། གོམ་པ་བརྒྱབ་ནས་འགྲོ་མ་ཐུབ་ཀྱང་གོག་ནས་འགྲོ་རྒྱུའི་གྲ་སྒྲིག་བྱེད་ངེས་ཡིན་ཞེས་བརྗོད་ཡོད་པ་རེད། གསར་འགོད་ལྷན་ཚོགས་ཐོག་གི་བརྗོད་གཞི་འཛམ་གླིང་དཔལ་འབྱོར་ཉམས་གུད་དང་རྒྱ་ནག་ཚོང་ཟོག་ཕྱིར་གཏོང༌། ཐེ་ཝན། བོད། བྱང་ཀོ་རི་ཡ་བཅས་ཀྱི་གནད་དོན་རྣམས་ཡིན་ཞིང༌།

Read more

ལྷམ་གཞུས་པའི་དོན་རྐྱེན་གྱིས་ལོ་གསུམ་རིང་ཁྲིམས་ཆད།

ཟླ་འདིའི་ཚེས་༡༢ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། ལོ་སྔོན་མར་ཨ་རིའི་སྲིད་འཛིན་བྷུ་ཤི་ལ་ཨི་རག་གི་གསར་འགོད་པ་མཱན་ཊི་དཱ་ཧར་ཟེར་བ་ཞིག་གིས་ལྷམ་གཞུས་པར་བརྟེན། མི་ལོ་ ༣ རིང་བཙོམ་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་རེད། དེ་ཡང་ལོ་སྔོན་མའི་ཟླ་བ་ ༡༢ པའི་ནང་སྲིད་འཛིན་བྷུ་ཤིས་ཨི་རག་རྒྱལ་ཁབ་ཏུ་གསར་འགོད་ལྷན་ཚོགས་ཤིག་འཚོགས་པའི་སྐབས་སུ། གློ་བུར་དུ་གསར་འགོད་པ་མཱན་ཊི་དཱ་ཧར་ཟེར་བ་དེས་ལྷམ་ཆ་གཅིག་སྔ་རྗེས་སུ་རིམ་པ་བཞིན་སྲིད་འཛིན་བྷུ་ཤི་ལ་གཞུས་པ་དང་མཉམ་དུ། ཨཱ་རབ་ཀྱི་སྐད་ཐོག་ནས་འདི་ནི་ཁྱེད་ལ་འོ་ཡིས་ཕེབས་སྐྱེལ་བྱས་པ་ཡིན་ལ། འདི་ནི་ཨི་རག་ཏུ་ལུས་ཡོད་པའི་ཡུགས་ས་མ་དང་དྭ་ཕྲུག་ཚོའི་ལེགས་སྐྱེས་ཡིན། ཁྱོད་རང་ཁྱི་རེད་ཟེར་བ་སོགས་ཀྱི་སྐད་འབོད་བྱས་མ་ཐག་སྐོར་སྲུང་བས་འཛིན་བཟུང་བྱས་ཏེ་བཀག་ཉར་བྱས་ཡོད་པ་རེད།

Read more

འཇར་མན་གྱི་སློབ་གྲྭ་ཞིག་ཏུ་མེ་མདའི་དོན་རྐྱེན།

ཟླ་འདིའི་ཚེས་ ༡༠ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། འཇར་མན་སློབ་གྲྭ་ཞིག་ནང་བུ་རང་ལོ་ ༡༧ ལ་སོན་པའི་ཊམ་ཁིར་ཆིས་མར་ཟེར་བས་སྔོན་མ་ཁོ་རང་བསྐྱོད་མྱོང་སའི་སློབ་གྲྭ་ཞིག་ཏུ་མེ་མདའ་བརྒྱབ་ནས་སློབ་མ་བུ་མོ་ ༡༡ དང་དགེ་རྒན་ ༣ དེ་མིན་གཞན་བཅས་ཁྱོན་མི་གྲངས་ ༡༦ བསད་རྗེས་ཁོ་རིང་རང་ཤི་བརྒྱབ་ཡོད་འདུག     
    དེ་ཡང་འཇར་མན་ལྷོ་ཤར་ཁུལ་དུ་བྱུང་བའི་གནས་ཚུལ་འདི་ལ་འགྲེལ་བཤད་སྣ་ཚོགས་རྒྱག་མཁན་བྱུང་ཡོད་པ་དང༌། ཉེན་རྟོག་དབྱེ་ཞིབ་སྡེ་ཚན་གྱིས་འགྲེལ་བརྗོད་བྱས་པ་ལྟར་ན། ལག་དམར་བ་འདི་སློབ་གྲྭར་ཡོད་པའི་སྐབས་སུ་ཡིག་ཚད་དང་སྤྱོད་ལམ་སོགས་ཀྱི་ཐོ་གཞུང་ཧ་ཅང་སྤུས་ཚད་ལྡན་པ་ཡོད་ཚུལ་དང༌། རིག་འཚོ་མ་ཟིན་པའི་དཀའ་ངལ་སོགས་གང་ཡང་མེད་ཐོག

Read more

ཏཱ་ལའི་བླ་མའི་ལས་འགུལ་སྤེལ་བཅུག་མི་ཆོག

ཟླ་འདིའི་ཚེས་༧ ཉིན་པེ་ཅིང་དུ་རྒྱ་ནག་ཕྱི་སྲིད་བློན་ཆེན་ཡཱང་ཇིས་ཁྲི་ཟེར་བས་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་སྐབས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང༌། རྒྱ་ནག་དང་མཐུན་འབྲེལ་ཡག་པོ་ཡོད་པ་དང་མཐུན་འབྲེལ་བཟང་དུ་འགྲོ་བཞིན་པའི་རྒྱལ་ཁབ་ཚང་མས་ྋཏཱ་ལའི་བླ་མ་རྒྱལ་ཁབ་ཁག་ཏུ་གདན་འདྲེན་ཞུ་མི་ཆོག་ལ། རྒྱ་ནག་དང་ཁ་བྲལ་བོད་རང་བཙན་གྱི་ལས་འགུལ་ཡང་སྤེལ་བཅུག་མི་ཆོག་ཅེས་བརྗོད་འདུག
    ད་དུང་ཁོས་ཏཱ་ལའི་བླ་མའི་ཕྱོགས་ནས་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཟེར་བ་དེ། རྒྱ་ནག་ས་ཁུལ་གྱི་སུམ་ཆ་གཅིག་ཟིན་གྱི་ཡོད་པ་དང༌། ཁོང་ཚོའི་དམིགས་ཡུལ་གཙོ་བོ་རྒྱ་ནག་གི་དམག་དཔུང་རྣམས་མཐར་བསྐྲོད་གཏོང་ཐབས་ཡིན་རུང་བོད་ཀྱི་ས་ཆར་ཡུན་རིང་གནས་སྡོད་བྱས་པའི་བོད་མི་མ་ཡིན་པ་ཚོས་ཐབས་རྩོད་འདི་ལ་ནམ་ཡང་ངོས་ལེན་བྱེད་ཐབས་མེད་ཅེས་དང༌།

Read more

མི་མང་གི་མཛད་སྒོ་རེད་དམ་རྟེན་འབྲེལ་རེད།

ཟླ་འདིའི་ཚེས་༥ ཉིན་རྒྱ་ནག་པེ་ཅིང་དུ་ཡོད་པའི་སྦི་སྦི་སི་གསར་འགོད་པས་གནས་ཚུལ་སྤེལ་གསལ་ལྟར་ན། པེ་ཅིང་དུ་འཚོག་བཞིན་པའི་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་ནི། རྒྱལ་ཁབ་ཤིག་གི་གནད་དོན་ཐག་གཅོད་ཀྱི་རང་བཞིན་མིན་པར་མི་མང་གི་མཛད་སྒོ་སམ་རྟེན་འབྲེལ་གྱི་རྣམ་པ་ཙམ་རེད་འདུག་ཅེས། གསར་ལམ་ཁག་ལ་གནས་ཚུལ་ཁྱབ་སྤེལ་བཏང་ཡོད་པ་རེད།
    དེ་ཡང་ཁོང་གིས། ཉིན་གྲངས་༨ ལྷག་ཙམ་གྱི་རིང་ལ་འཚོག་དགོས་པའི་རྒྱ་ནག་མི་མང་འཐུས་མིའི་ཚོགས་ཆེན་དུ་གྲང་ཉུང་མི་རིགས་དང་ཧན་མི་རིགས་ཀྱི་འཐུས་མི་སྟོང་ཕྲག་༣ འཛོམས་ཡོད་རུང༌། རྒྱ་ནག་དམར་ཕྱོགས་ཚོགས་པའི་ཆབ་སྲིད་ཀྱི་སྒྲོམ་གཞི་ལ་རྩོད་གླེང་དང་བགྲོ་གླེང༌། བསྒྱུར་བཅོས་སོགས་ཀྱི་བསམ་འཆར་འདོན་ས་རྩ་བ་ནས་མི་འདུག་ཅེས་དང༌།

Read more
Page 152 of 159« First...150151152153154...Last »