རྒྱ་གཞུང་གིས་ཡར་ལུང་གཙང་པོར་ཆུ་མཛོད་རྒྱག་འགོ་ཚུགས་པ།

རྒྱ་ནག་གཞུང་གིས་བོད་ཀྱི་ཡར་རྒྱས་ཞེས་པར་ཁ་གཡར་ནས། རྒྱ་སྒོར་ཐེར་འབུམ་བདུན་ལྷག་ཙམ་གྱི་སྔོན་རྩིས་འཆར་འགོད་བྱས་ཏེ། ཟླ་འདིའི་ཚེས་༡༢ ནས་འགོ་འཛུགས་ཀྱིས་༢༠༡༤ ནང་ཆུ་མཛོད་ཡོངས་རྫོགས་ལེགས་གྲུབ་ཀྱི་ཚོད་རྩིས་བྱེད་ཀྱི་ཡོད་པས། རྒྱ་གར་གཞུང་ལ་ཆུའི་དཀའ་ངལ་འཕྲད་སྲིད་པའི་སེམས་འཚབ་ལངས་བཞིན་ཡོད་པ་རེད།

Read more

རྒྱ་ནག་ཧྲང་ཧེ་ནང་མེ་སྐྱོན་གྱིས་མི་གྲངས་ཞེ་དགུ་གྲོངས་འདུག

house fire in chanhaརྒྱ་ནག་ཧྲང་ཧེ་གྲོང་ཁྱེར་དུ་མི་ཚང་བརྒྱ་དང་ལྔ་བཅུ་གནས་སྡོད་བྱས་ཡོད་པའི་ཁང་བརྩེགས་༢༨ ཅན་ཞིག་ལ་མེ་སྐྱོན་ཤོར་ནས། མི་གྲངས་༤༩ རྐྱེན་ལམ་དུ་སོང་ཡོད་པ་དང་བརྒྱ་ཕྲག་མང་པོ་སྨན་ཁང་དུ་མྱུར་སྐྱོབ་བྱེད་བཞིན་ཡོད་པ་རེད། རྒྱ་ནག་ཉེན་རྟོག་ལས་ཁང་གི་སྤྱི་ཁྱབ་པས་ད་ལྟའི་སྐབས་རྒྱུ་རྐྱེན་གང་ལས་བརྟེན་ནས་མེ་སྐྱོན་བྱུང་ཡོད་མེད་ཤེས་རྟོགས་ཐུབ་མེད་ཀྱང། གང་མགྱོགས་གསལ་པོ་བཟོ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་ཡོད་པ་རེད།

Read more

ཉམས་མྱོང་དེ་མཐའ་མ་ཞིག་ཆགས་རྒྱུའི་ཡིད་ཆེས་བརྟན་པོ་ཡོད།

peace-summit-3ཟླ་འདིའི་ཚེས་༡༢ ཉིན་ཉི་ཧོང་གི་གྲོང་ཁྱེར་ཧི་རོ་ཤི་མའི་གྷི་རན་ཌི་ཕ་རན་སི་ཧོ་ཀྲེལ་ནང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གྱི་འཛམ་གླིང་ཞི་བདེའི་ལྷན་ཚོགས་ཐེངས་༡༡ པ་དེ་དབུ་འཛུགས་ཀྱིས་སྐུ་མགྲོན་གཙོ་བོ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་༧གོང་ས་མཆོག་དང། ལྷོ་ཨ་ཕི་རི་ཀའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཌི་ཀ་ལག་མཆོག ཨི་རན་གྱི་ལྕམ་སྐུ་ཤི་རིན་ཨི་བྷ་ཌི་མཆོག མོ་ཧཱ་མཌ་ཨེལ་བྷ་ར་ཌི་མཆོག བྱང་ཕྱོགས་ཨར་ལེན་ཌིའི་ལྕམ་སྐུ་མ་གུ་རི་མཆོག ཨ་རི་ནས་ཡིན་པའི་ལྕམ་སྐུ་ཇུ་ཌི་ཝིལ་ལེམ་སི་མཆོག་བཅས་མི་སྣ་དྲུག་ཕེབས་ཡོད་པ་རེད།

Read more

ལྕམ་ཨང་སན་སུ་ཅེ་གློད་གྲོལ་བཏང་འདུག

asan1བདུན་ཅིག་གི་སྔོན་དུ་འབར་མའི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་སྐབས། འབར་མའི་དམག་གཞུང་གིས་རྒྱབ་སྐྱོར་བྱེད་ས་འབར་མའི་ཆིག་སྒྲིག་ཚོགས་པ་དང། ཡར་ཐོན་ཚོགས་པ་གཉིས་ལ་རྒྱལ་ཁ་ཐོབ་ནས་གཞུང་འཛིན་དབང་ཆ་ཐོབ་ཡོད་པ་དང། ད་ལྟའི་སྐབས་འབར་མའི་མང་གཙོ་ཚོགས་པར་གཞུང་འཛིན་གྱི་ནུས་པ་མེད་པས། མང་གཙོ་ཚོགས་པའི་ཚོགས་གཙོ་ལྕམ་ཨང་སན་སུ་ཅེ་བཟང་བཙོན་བཀག་ཉར་འོག་ནས་གློད་གྲོལ་བཏང་ཡོད་པ་རེད།

Read more

ཞི་བདེའི་གཟེངས་རྟགས་བཞེས་མཁན་ཚོའི་རྒྱལ་སྤྱིའི་ལྷན་ཚོགས།

ཉི་ཧོང་གི་གྲོང་ཁྱེར་ཧི་རོ་ཤི་མའི་སྤྱི་ཁྱབ་ལྷན་ཁང་དང་། ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གྱི་རྒྱལ་སྤྱིའི་ལྷན་ཚོགས་ཀྱི་གཏན་འཇགས་ཚོགས་དྲུང་ལས་ཁུངས་གཉིས་ཀྱི་གོ་སྒྲིག་འོག ཉིན་གྲངས་གསུམ་རིང་ཉི་ཧོང་གི་གྲོང་ཁྱེར་ཧི་རོ་ཤི་མའི་ནང་། ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་མི་སྣ་སྙན་གྲགས་ཅན་༢༠ ཙམ་གྱིས། རྒྱལ་སྤྱིའི་ལྷན་ཚོགས་ཐེངས་བཅུ་གཅིག་པ་འཚོག་གཏན་འཁེལ་ཡོད་པ་རེད།

Read more

བལ་ཡུལ་གྱི་ཉེན་རྟོག་པ་དང་འཛིན་སྐྱོང་མི་སྣར་རྒྱ་གཞུང་གི་སྦྱོང་བརྡར།

རྒྱ་ནག་པེ་ཅིང་དུ་བལ་ཡུལ་གྱི་ཉེན་རྟོག་པ་དང་འཛིན་སྐྱོང་མི་སྣ་ཁག་ཅིག་ལ། བདུན་གཉིས་རིང་པེ་ཅིང་གཞུང་ལ་ངོ་རྒོལ་བྱེད་མཁན་དང་། དམིགས་སུ་བཀར་ནས་བལ་ཡུལ་དུ་ཡོད་པའི་བོད་མི་ཚོས་རྒྱ་ནག་ལ་ངོ་རྒོལ་བྱེད་སྐབས། བཀག་འགོག་ཇི་ལྟར་བྱེད་དགོས་མིན་ཐད་ལ་སྦྱོང་བརྡར་སྤྲོད་བཞིན་ཡོད་པ་རེད།

Read more

ལིའུ་ཞོ་པོ་ཡི་ཁྲིམས་རྩོད་པ་བཀག་ཉར།

ཟླ་འདིའི་ཚེས་༩ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ལོ་འདིའི་ཞི་བདེའི་གཟེངས་རྟགས་ཐོབ་མཁན་རྒྱ་རིགས་ལིའུ་ཞོ་པོ་ཡི་ཁྲིམས་རྩོད་པ། སྐུ་ཞབས་མཱོ་ཞོ་ཕིང་དབྱིན་ཡུལ་ནང་ཁྲིམས་ལུགས་ཚོགས་འདུར་བསྐྱོད་སྐབས། རྒྱ་ནག་གསང་བའི་ལས་ཁུངས་ནས་གནམ་ཐང་དུ་བཀག་འགོག་བྱས་ཡོད་པ་དང་།

Read more

འབར་མའི་མི་མང་ཉིས་ཁྲི་སྐྱབས་བཅོལ་ལ་འགྲོ་དགོས་བྱུང་འདུག

bumar refugee in thalandའབར་མའི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་སྐབས། དམག་གཞུང་ལ་འབར་མའི་མང་གཙོ་ཚོགས་པ་དང་དེ་མིན་གྱི་ངོ་རྒོལ་ཚོགས་པ་བཅས་ཀྱིས། འོས་འཕེན་དྲང་བདེན་མིན་པའི་བསྒྲགས་གཏམ་དང་ངོ་རྒོལ་གྱི་ལས་འགུལ་སྤེལ་བས། འབར་མའི་དམག་གཞུང་གིས་དྲག་གནོན་བྱས་པའི་རྐྱེན་གྱིས། ཡུལ་དེའི་མི་གྲངས་ཁྲི་གཉིས་ཙམ་ཁྱིམ་མཚེས་རྒྱལ་ཁབ་ཐེ་ལན་ཌིའི་ས་མཚམས་སུ་སྐྱབས་བཅོལ་ལ་འགྲོ་དགོས་བྱུང་ཡོད་པ་རེད།

Read more

རྒྱལ་ཚོགས་ཀྱི་གཏན་འཇགས་ཞབས་སྟེགས་རག་ཐབས་བྱེད་རྒྱུ་ཡིན།

ཨ་རིའི་སྲིད་འཛིན་ཨོ་བྷ་མཆོག་གིས་རྒྱ་གར་གྱི་གྲོས་ཚོགས་ཚོགས་ཁང་དུ། རྒྱ་གར་དབུས་གཞུང་གི་རེ་འདུན་བྱེད་བཞིན་པ་ལྟར། ངས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས་བསྒྱུར་བཅོས་བྱེད་ཐབས་དང།  དེ་དང་འབྲེལ་ནས་རྒྱ་གར་ལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་གཏན་འཇགས་འཐུས་མིའི་ཞབས་སྟེགས་རབ་ཐབས་བྱེད་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།

Read more

མ་འོངས་པའི་བདེ་འཇགས་ལ་འགན་སྲུང་ཐུབ་ཀྱི་རེད།

manmohan-singh-and-barack-obamaཨ་རིའི་སྲིད་འཛིན་ཨོ་བྷ་མ་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ཁ་ཤས་ནང་བསྐོར་བསྐྱོད་གནང་གི་ཡོད་པ་དང་། དང་ཐོག་རྒྱ་གར་གྱི་གྲོང་ཁྱེར་བྷོམ་བྷེ་རུ་ཕེབས་ནས། ཉིན་གྲངས་གསུམ་རིང་རྒྱ་གར་གྱི་སྲིད་བློན་དང་སྲིད་འཛིན་གཙོས་ཆེས་མཐོའི་དཔོན་རིགས་ཁག་དང། ཚོང་ལས་སྡེ་ཚན་གྱི་འགན་འཛིན། མཐོ་རིམ་སློབ་མ་སོགས་མཇལ་འཕྲད་གནང་སྟེ། མཐར་རྒྱ་གར་གྱི་གྲོས་ཚོགས་སུ་གསུང་བཤད་གནང་ཡོད་པ་རེད།
Read more
Page 154 of 187« First...152153154155156...Last »