བོད་དང་ཤིན་ཅང་ནས་ཡོང་བའི་མི་ལ་དམ་དྲག་བྱོས།

རྒྱ་ནག་ཧྲང་ཧེའི་འཛམ་གླིང་དངོས་མང་འགྲེམས་སྟོན་འདུ་ཚོགས་སུ། བོད་དང་ཤིན་ཅང་ནས་ཡོང་བའི་མི་སུ་འདྲ་ཞིག་ཡིན་རུང། མགྲོན་ཁང་གི་བདག་པོ་ཚོས་ལུས་བཤེར་དང་ཞིབ་དཔྱོད་བྱེད་དགོས་ལ། ཕྱི་ལོག་ནས་རླངས་འཁོར་ག་འདྲ་ཞིག་ཧྲང་ཧེ་གྲོང་ཁྱེར་ནང་ཡོང་དགོས་ཚེ། ངེར་པར་དུ་ས་གནས་ཉེན་རྟོག་ལས་ཁུངས་སོགས་སུ་ཆོག་མཆན་ཞུ་དགོས་ཞེས་རྒྱ་ནག་གཞུང་གིས་གསར་ལམ་ཁག་ནས་ཁྱབ་བསྒྲགས་བྱས་ཡོད་པ་རེད།

Read more

རྒྱ་ནག་གི་གཏེར་ཁ་སྔོག་འདོན་པའི་ཉེན་ཁ།

མི་གྲངས་༡༥༣ ཙམ་ས་འོག་སྦུབ་ལམ་བརྒྱུད་ནས་གཏེར་ཁ་སྔོག་འདོན་བྱེད་བཞིན་པའི་སྐབས། གློ་བུར་དུ་ཆུ་ལོག་གི་རྐྱེན་གྱིས་ས་རྡིབ་སྟེ་གཏེར་ཁ་སྔོག་འདོན་པ་མང་པོ་ཞིག་རྐྱེན་ལམ་དུ་སོང་ཡོད་པ་དང། ད་ལྟའི་ཆར་མྱུར་སྐྱོབ་བྱེད་བཞིན་ཡོད་པས་འཆི་སྐྱོན་བྱུང་བའི་གྲངས་ཚད་ངེས་གཏན་རྙེད་མེད་པ་རེད།

Read more

ཨུ་རུ་སུར་འབར་རྫས་གས་འཐོར་གྱི་དོན་རྐྱེན།

ཨུ་རུ་སུའི་གྲོང་ཁྱེར་མཱོ་སི་ཁོ་ནང་སྔ་དྲོ་མི་རྣམས་བྲེལ་འཚུབ་ཀྱིས་ལས་ཀར་འགྲོ་བཞིན་པ་དང། མྱུར་བསྐྱོད་མེ་འཁོར་ནང་འཚང་ཁ་ཧ་ཅང་ཆེ་བའི་དུས་དང་བསྟུན་ནས། ལུས་ལ་འབར་རྫས་བསྡམས་པའི་བུད་མེད་གཉིས་མྱུར་བསྐྱོད་མེ་འཁོར་བབས་ཚུགས་སུ་ལྐོག་འཛུལ་བྱས་ཏེ། གློ་བུར་དུ་འབར་རྫས་གས་འཐོར་བཏང་བས། མི་གྲངས་༣༨ ལྷག་ཙམ་རྐྱེན་ལམ་དུ་བཏང་ཡོད་པ་རེད།

Read more

ཡུ་རོབ་མཉམ་འབྲེལ་གྱི་དམིགས་བསལ་བོད་ཀྱི་སྐུ་ཚབ།

བོད་ཀྱི་གནད་དོན་འདི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་དང་རྒྱལ་སྤྱའི་སྐུ་ཚབ་འགྲོ་འོང། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་བཅས་དང་ཉེ་པོ་གནས་ཡོད་པའི་དངོས་ཡོད་ཀྱི་ལམ་ནས། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང། ༧ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་དབར་གྱི་གྲོས་མོལ་བཅས་ལ་ཡར་རྒྱས་སོང་མེད་པར་སེམས་འཚབ་ཆེན་པོ་ཡོད་ཅེས་ཡུ་རོབ་མཉམ་འབྲེལ་གྱི་ཚོགས་གཞོན་མཱ་རོ་སི་མཆོག་གིས་གསུངས་ཡོད་པ་རེད།

Read more

བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱ་བཅིངས་གྲོལ་ཞེས་པའི་ཉིན་མོ།

བོད་ནང་དམངས་གཙོའི་བཅོས་བསྒྱུར་བྱེད་འགོ་བཙུགས་པ་དེས་བོད་ལྗོངས་འདི་ཉིད་མུན་ནག་ནས་འོད་ཟེར་དང་དབུལ་ཕོངས་ནས་འབྱོར་ཕྱུག  རྗེས་ལུས་ནས་ཡར་ཐོན། སྲིད་དབང་སྒེར་འཛིན་ནས་དམངས་གཙོ། བཀག་སྡོམ་ནས་སྒོ་དབྱེ་བཅས་ཀྱི་ཕྱོགས་སུ་བསྐྱོད་པའི་ལོ་རྒྱུས་ཀྱི་དུས་རབས་གསར་པ་བཏོད་ཡོད་ཅེས་བོད་རང་སྐྱོང་ལྗོངས་ཞེས་པའི་དཔོན་རིགས་པད་མ་འཕྲིན་ལས་ཀྱིས་གཏམ་བཤད་སྤེལ་ཡོད་པ་རེད།

Read more

འབར་མའི་འོས་བསྡུའི་སྒྲིག་གཞི་ལ་ངོ་རྒོལ།

སླེབས་ལ་ཉེ་བའི་འབར་མའི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ཆ་ཤས་ལེན་ཆེད་དུ། འབར་མའི་དམག་གཞུང་གིས་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་གཏོང་དགོས་པ་དང། དམིགས་སུ་བཀར་ནས་ལྕམ་ཨང་སན་སུས་ཅེ་བཀག་ཉར་འོག་གློད་གྲོལ་གཏོང་དགོས་ཞེས། རྒྱལ་ཚོགས་ཀྱི་དྲུང་ཆེ་སྐུ་ཞབས་བྷན་ཀི་མུན་མཆོག་གིས་གསུངས་ཡོད་པ་རེད།  དེ་ཡང་ཟླ་འདིའི་ཚེས་༢༦ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་དུས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱལ་ཁབ་ཁག་༡༥ མཉམ་

Read more

པཱ་ཀི་སི་ཐན་གྱི་སྲིད་བློན་ཟུར་པ་དང་བྷིན་ལ་ཌན་གཉིས་ཐུག་འཕྲད།

པཱ་ཀི་སི་ཐན་གྱི་སྲིད་བློན་ཟུར་པ་ནཱ་ཝ་རྫི་མཆོག་གིས་རེ་སྐུལ་ནན་པོ་བྱས་པ་ལྟར། གོ་སྒྲིག་བྱས་ཏེ། ཨ་རབ་ལུང་པའི་མི་ཚང་ཆེན་པོ་ཞིག་གི་ནང་དུ། ཁོང་དང་ཨོ་སཱ་མ་བྷིན་ལ་ཌིན་གཉིས་ཉུང་མཐར་ཐེངས་ལྔ་དངོས་སུ་ཐུག་འཕྲད་བྱས་པའི་གནས་ཚུལ་འདུག
དེ་ཡང་ཟླ་འདིའི་ཚེས་༢༣ ཉིན་རྒྱ་གར་གྱི་དུས་བབ་དྲ་གནས་སྟེང་གནས་ཚུལ་སྤེལ་བ་ལྟར་ན། པཱ་ཀི་སི་ཐན་གྱི་སྲིད་བློན་ཟུར་པ་ནཱ་ཝ་རྫི་མཆོག་གིས།

Read more

བལ་ཡུལ་གྱི་སྲིད་བློན་ཟུར་པ་འདས་གྲོངས།

ལོ་གྲངས་བཅུའི་རིང་བལ་ཡུལ་དུ་ནང་འཁྲུག་གི་ཡོ་ལངས་འཇགས་རྗེས། ཐེངས་མང་བསྟུད་མར་སྲིད་བློན་གྱི་ལས་ཁུར་བཞེས་མྱོང་མཁན། བལ་ཡུལ་མང་གཙོ་ལམ་ལུགས་ཀྱི་ཕ་ལྟ་བུར་ངོས་འཛིན་བྱེད་བཞིན་པའི་སྲིད་བློན་ཟུར་པ་དང། བལ་ཡུལ་ཀོང་རེ་སི་ཚོགས་གཙོ་སྐུ་ཞབས་ཀའོ་རཱ་ལཱ་མཆོག་འདས་གྲོངས་སུ་ཕྱིན་ཡོད་འདུག

Read more

འཇར་མན་དུ་བོད་དོན་གླེང་བ།

བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། འཇར་མིན་གྱི་གྲོས་ཚོགས་ཚོགས་ཁང་ནང་བོད་དོན་གྲོས་མོལ་སྡེ་ཚན་གྱི་ཚོགས་འདུ་དང་པོ་དེ། ཟླ་འདིའི་ཚེས་༡༦ ཉིན་འཚོགས་ཡོད་པ་དང། སྐབས་དེར་སྐུ་ཚབ་དོན་གཅོད་ཚེ་བརྟན་བསམ་གྲུབ་ལགས་བོད་དོན་གྲོས་མོལ་སྡེ་ཚན་གྱི་ཚོགས་འདུའི་སྐུ་མགྲོན་དུ་ཕེབས་ཡོད་འདུག ཚོགས་འདུ་དེའི་ནང་འཇར་མིན་གྱི་གྲོས་ཚོགས་མི་སྣ་༦ ལྷག་ཙམ་དང་། ཡུལ་དེའི་ཆབ་སྲིད་ཚོགས་པ་ཆེ་ཁག་གི་མི་སྣ་ཁག་ཅིག་བཅས་ཚོགས་བཅར་གནང་ཡོད་པ་རེད།

Read more

ཐེ་ལན་ཌི་མི་མང་གིས་ངོ་རྒོལ་བ་ཚོར་ཁྲག་སྤྲད་འདུག

སྟོད་གོས་དམར་པོའི་སྡེ་ཚན་ཟེར་བའི་ངོ་རྒོལ་བའི་ཤོག་ཁག་ཅིག་གིས། ཐེ་ལན་ཌི་སྲིད་གཞུང་ལ་ངོ་རྒོལ་བྱེད་མཁན་ཚོར་ཁྲག་གི་ཞལ་འདེབས་བརྒྱབ་ནས། ཡུལ་དེའི་སྲིད་བློན་འོས་འཕེན་གྱི་ལམ་ནས་འདེམས་དགོས་པའི་སྐུལ་མ་བཏང་ཡོད་རུང་། སྲིད་བློན་ཨཱ་བི་ཧི་སི་ཟེར་བས་མི་མང་གི་དགོས་འདུན་ཕྱིར་སློག་བཏང་ཡོད་འདུག
དེ་ཡང་ཟླ་འདིའི་ཚེས་༡༦ ཉིན་བྷི་བྷི་སིའི་དྲ་གནས་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ལོ་མང་རིང་ཐེ་ལན་ཌིའི་སྲིད་བློན་ལས་ཐོག་པ་དང་།

Read more
Page 156 of 179« First...154155156157158...Last »