རྒྱ་གར་མེ་འཁོར་བློན་ཆེན་གྱི་འཆར་འགོད།

ཟླ་འདིའི་ཚེས་༥ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་གར་གྱི་ཆབ་སྲིད་ཚོགས་པར་ཀོང་རི་སི་ལ་འོས་བསྡུ་ཆེན་པོའི་རྒྱལ་ཁ་ཐོབ་པ་དང༌། མངའ་སྡེ་ཁག་གི་འོས་ཐོབ་ཀྱི་གྲངས་འབོར་ལ་གཞིགས་ནས། མེ་འཁོར་བློན་ཆེན་སོགས་བློན་ཆེན་མང་པོ་གསར་བསྐོས་བྱས་ཏེ་བློན་ཆེན་ཁག་གི་ལས་གནས་ལ་ཧ་ཅང་འཕོ་འགྱུར་ཆེན་པོ་བཏང་ཡོད་པ་རེད། དེའི་ནང་ནས་མེ་འཁོར་བློན་ཆེན་ལཱ་ལུས་པར་སཱ་ཐིའི་ཚབ་ཏུ་ནུབ་བྷན་གལ་མངའ་སྡེའི་ཁ་གཏད་ཚོགས་པའི་ཚོགས་གཙོ་མཱ་མཱ་ཏཱ་མཆོག རྒྱ་གར་རྒྱལ་ཡོངས་མེ་འཁོར་བློན་ཆེན་གྱི་གོ་གནས་ལ་བསྐོ་བཞག་བྱས་ཡོད་པ་རེད།

Read more

རྒྱ་ནག་གི་རྩོམ་པ་པོ་ལེའུ་ཞོ་པོ་དངོས་སུ་འཛིན་བཟུང།

ཉེ་དུས་རྒྱ་ནག་ཏུ་ཉིས་སྟོང་བརྒྱད་ལོའི་རྩ་ཁྲིམས་ཞེས་པའི་ད་ལྟའི་རྒྱ་ནག་གི་སྲིད་ཇུས་ལེགས་བཅོས་དགོས་པའི་མ་རྩོམ་ཡིག་སྤེལ་མཁན་རྩོམ་པ་པོ་ལུའུ་ཞོ་པོ་ཟླ་བ་ལྔའི་སྔོན་ནས་སྲིད་གཞུང་འབྲེལ་ཡོད་སྡེ་ཚན་ནས་བཀའ་ཉར་དྲི་རྩད་ཀྱི་ཆེད་དུ་བཙོན་འཇུག་བྱས་ཡོད་པ་དང༌། མ་འོངས་རྒྱ་ནག་གི་སྲིད་ཇུས་ལེགས་བཅོས་དགོས་པའི་སྐོར་རྩོམ་ཡིག་དེ་ཕྱི་ཕྱོགས་ཀྱི་རྒྱ་མི་གྲགས་ཅན་མི་སྣས་དེ་ཙམ་འཐུས་ཚང་ཞིག་བྱུང་མེད་སྐོར་བརྗོད་བཞིན་པ་དང་དུས་མཚུངས་སུ། དེ་ནི་དྲག་པོའི་སྲིད་དབང་འོག་ཏུ་དཔའ་ངར་ཅན་གྱི་བྱ་བཞག་ཅིག་ལ་ངོས་འཛིན་ཡང་བྱས་ནས། ཚང་མས་ཁོང་ལ་རྒྱབ་སྐྱོར་བྱེད་པ་དང་དེ་ལུགས་མོས་མཐུན་གྱི་མིང་རྟགས་བཀོད་པའི་ལས་འགུལ་ཡང་གང་སར་སྤེལ་བཞིན་ཡོད་པ་རེད།

Read more

གཞས་པ་གྲགས་ཅན་མེཀ་ཁལ་རྗེག་སན་འདས་གྲོངས།

ཕྱི་ཚེས་༢༥ཉིན་ལོ་སི་ཨན་ཇེལ་གྲོང་ཁྱེར་གྱི་སྨན་ཁང་ཞིག་ནང་འཛམ་གླིང་གི་གཞས་པ་གྲགས་ཅན་མེཀ་ཁལ་རྗེག་སན་འདས་གྲོངས་སུ་གྱུར་ཡོད་པ་རེད། ཁོང་གི་རོལ་དབྱངས་རུ་ཁག་ཚོགས་མི་རཱན་ཌི་རྗེག་སན་གྱིས་བརྗོད་གསལ་ལྟར་ན། ཉིན་གུང་ཙམ་ལ་ཁོང་སྙིང་གི་ཁྲག་རྩ་འགག་ནས་དྲན་མེད་དུ་བརྒྱལ་བ་དང། སྐབས་དེར་མགྱོགས་མྱུར་སྨན་ཁང་དུ་བསྐྱལ་ནས་སྐྱོབ་ཐབས་བྱས་པ་རེད་ཅེས་དང། ཁོང་གི་གཅེན་པོ་ཇེར་མཱན་ནེ་ཡིས་བརྗོད་གསལ་ལ། སྨན་པས་ཆུ་ཚོད་གཅིག་ཙམ་གྱི་རིང་ལ་དྲན་པ་སོས་ཐབས་ཀྱི་འབད་བརྩོན་བྱས་ཀྱང་གསོན་པོར་གནས་ཐུབ་མ་སོང་ཞེས་བརྗོད་ཡོད་པ་རེད།

Read more

ཀི་རི་ཀེཊའི་རྩེད་རིགས་འགྲན་སྡུར།

ཕྱི་ཟླ་༦ཚེས་༥ ཉིན་༢༠༠༩ ལོའི་རྒྱལ་སྤྱིའི་ཀི་རི་ཀེཊི་ལྷན་ཚོགས་ཀྱི་འཛམ་གླིང་ཉི་ཤུ་༢༠ ཞེས་པའི་འགྲན་སྡུར་ཐེངས་གཉིས་པ་དབྱིན་ཡུལ་དུ་འཚོགས་པ་དང། དེའི་ནང་རྒྱ་གར། པ་ཀི་སི་ཐན། ཨོ་སི་ཁྲུ་ལི་ཡ། ནིའུ་ཛི་ལན་ཌི། བྷང་ལ་དྷེ་ཤི། དབྱིན་ཇི། ཤྲི་ལངྐ། ལྷོ་ཨ་ཧྥི་རི་ཁ། ཨ་རེ་ལན་ཌི། ནི་དྷར་ལན་ཌི། ནུབ་ཨིན་ཌི་སི། ས་ཁོ་ལན་ཌི་བཅས་རྒྱལ་ཁབ་རུ་ཁག་༡༢ མཉམ་ཞུགས་བྱས་ཤིང། ཉིན་༡༧ རིང་གི་འགྲན་སྡུར་གྱི་རྒྱུད་རིམ་ཁྲོད་པ་ཀི་སི་ཐན་དང་ཤྲི་ལངྐ་གཉིས་མཐའ་མའི་འགྲན་སྡུར་ནང་སླེབས་པ་དང། ཕྱི་༦ཚེས་༢༠ ཉིན་དབྱིན་ཡུལ་གྱི་ལོར་ཌའི་རྩེ་རར་མཐའ་མཇུག་འགྲན་སྡུར་གྱི་རྒྱལ་ཁ་པ་ཀི་སི་ཐན་ལ་ཐོབ་ཡོད་པ་རེད།

Read more

བཀྲེས་སྐོམ་གྱི་དཀའ་ངལ་འདུག

ཟླ་འདིའི་ཚེས་༢༠ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཟས་དང་སོ་ནམ་ཞིང་ལས་ཀྱི་ཚོགས་པས་དཔྱད་ཐོ་ཞིག་འགྲེམས་སྤེལ་བྱས་ཡོད་པའི་ནང༌། འཛམ་གླིང་གི་མི་འབོར་ཐེར་འབུམ་གཅིག་ལ་ཟས་མི་རག་པའི་བཀྲེས་སྐོམ་གྱི་དཀའ་ངལ་འཕྲད་བཞིན་པ་དང༌། དེའི་ཐོག་༢༠༠༨ ཀྱི་དཔལ་འབྱོར་ཉམས་གུད་ཀྱིས་རྐྱེན་བྱས་ཏེ། བཀྲེས་སྐོམ་གྱི་དཀའ་ངལ་ཡོད་མཁན་ས་ཡ་༡༠ མང་དུ་སོང་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།

Read more

ཤར་ལྷོ་ཨེ་ཤ་ཡའི་དམག་འཁྲུག

ཟླ་འདིའི་ཚེས་༢༠ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་གཞུང་གིས་རྒྱ་གར་དམར་ཕྱོགས་ཚོགས་པའི་འཇབ་རྒོལ་དམག་དཔུང་དང་གཡུལ་འགྱེད་བྱས་པ་དང༌། པཱ་ཀི་སི་ཐན་གཞུང་གིས་ཏཱ་ལི་བྷན་གྱི་འཇིགས་སྐུལ་རིང་ལུགས་པའི་དམག་དཔུང་དང་འཐབ་འཁྲུག་བྱེད་བཞིན་ཡོད་པ་འདི། ལམ་ལྷོང་མ་བྱུང་ན་ནང་འཁྲུག་ལངས་ནས་ལོ་མང་རིང་འགོག་སྲུང་བྱེད་མི་ཐུབ་པའི་འཇམ་དམག་ཆགས་སྲིད་པའི་གནས་ཚུལ་ཐོན་ཡོད་པ་རེད།

Read more

རྒྱ་ནག་གིས་ཧོ་ལན་ཌི་གྲོས་ཚོགས་འཐུས་མིར་ཐོངས་མཆན་སྤྲད་མེད་པ་རེད།

ཕྱི་ཟླ་༦ ཚེས་༡༧ ཉིན་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཧོ་ལན་ཌའི་གྲོས་ཚོགས་འཐུས་མི་ཁག་ཅིག་ཕྱི་ཟླ་༧ པའི་ནང་རྒྱ་ནག་ལ་ཡུལ་སྐོར་དུ་བསྐྱོད་རྒྱུ་ཡིན་འདུག་ཀྱང། རྒྱ་ནག་གཞུང་ཚབ་ཀྱིས་ཐོངས་མཆན་མ་སྤྲད་པར་བཀག་འགོག་བྱས་ཡོད་པ་རེད།

Read more

སྐྱེས་སྐར་དང་མཉམ་དུ་གློད་གྲོལ་ཡོང་ཐབས།

ཟླ་འདིའི་ཚེས་༡༩ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ནོར་ཝེ་ཞི་བདེའི་གཟེངས་རྟགས་ཐོབ་མྱོང་མཁན་འབར་མའི་མང་གཙོ་ཚོགས་པའི་ཚོགས་གཙོ། མི་ལོ་༡༩ རིང་འབར་མའི་དམག་གཞུང་གི་བཙན་དབང་བཀག་ཉར་འོག་བསྡད་པའི་ལྕམ་ཨན་སང་སིན་ཅི་མཆོག དགུང་ལོ་༦༤ ལ་སོན་པའི་སྐྱེ་སྐར་དང་བསྟུན་ནས་ཡུ་རོབ་མཉམ་འབྲེལ་དང་ནུབ་ཕྱོགས་པའི་ལྟད་མོ་འཁྲབ་སྟོན་པ་སྙན་གྲགས་ཅན་ཚོས། ཆ་རྐྱེན་གང་ཡང་མེད་པ་གློད་གྲོལ་དགོས་པའི་ས་རྟགས་བསྡུ་རུབ་དང་བརྙན་འཕྲིན་ལེ་ཚན་ནང་འཁྲབ་སྟོན་གྱི་ལས་འགུལ་སྤེལ་ཡོད་པ་རེད།

Read more

རྒྱ་གར་དམར་ཕྱོགས་ཚོགས་པའི་ནང་འཁྲུག

ཟླ་འདིའི་ཚེས་༡༨ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན།བདུན་འགའི་སྔོན་ནས་གློ་བུར་དུ་རྒྱ་གར་གྱི་དམར་ཕྱོགས་པའི་འཇབ་རྒོལ་དམག་དཔུང་རྣམས། གནས་ངེས་མེད་དུ་གྱར་ནས་ས་ཕྱོགས་གང་སར་ཡུལ་མི་མང་པོ་ལྐོག་གསོད་དང་འཕྲོག་བཅོམ་བྱས་པའི་རྐྱེན་གྱིས། རྒྱ་གར་དབུས་གཞུང་གིས་དྲག་པོའི་དམག་དཔུང་གཏོང་དགོས་བྱུང་བའི་གནས་ཚུལ་ཐོན་ཡོད་པ་རེད།

Read more

རྒྱ་གར་དུ་ཕག་ཆམ་ནད་ཡམས་སླེབས་འདུག

ཟླ་འདིའི་ཚེས་༡༨ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་མི་གྲངས་༣༥ ལ་ཕག་ཆམ་ནད་ཡམས་ཀྱི་འགོས་ནད་ཡོད་པ་ཤེས་རྟོགས་བྱུང་ནས། གཞུང་གི་དམིགས་བསལ་གྱིས་མི་དེ་དག་ལ་སྨན་བཅོས་བྱས་ཏེ་དམངས་ཁྲོད་དུ་ཁྱབ་བརྡལ་མི་འགྲོ་བའི་དོན་དུ་གསར་ལམ་ཁག་ནས་ཁྱབ་བསྒྲགས་བྱས་ཡོད་པ་རེད།    དེ་བཞིན་དོགས་ཡོད་མི་གྲངས་༣༡༥ ཙམ་ལ་ནད་གཞི་དེ་ཡོད་མེད་བརྟགས་དཔྱད་བྱས་ཡོད་པ་དང༌། མང་ཆེ་བ་ཕྱི་རྒྱལ་ཁག་ནས་ཡོང་བའི་རྒྱ་གར་གྱི་ཡུལ་མི་ཡིན་པ་རེད། ད་དུང་གྲོང་ཁྱེར་ཅན་དྷི་སྒར་ལའང་ནད་ཡམས་དེ་སླེབས་ཡོད་པ་གསར་ལམ་ཁག་ནས་ཁྱབ་བསྒྲགས་བྱས་ཡོད་པ་རེད།

Read more
Page 167 of 181« First...165166167168169...Last »