ཉིས་སྟོང་བརྒྱད་ལོའི་འཛམ་གླིང་མཛངས་མ།

ཉིས་སྟོང་བརྒྱད་ལོའི་འཛམ་གླིང་མཛངས་མའི་འགྲན་སྡུར་གྱི་མཛད་སྒོ་དེ་ཉིད། ཟླ་འདིའི་ཚེས་༡༣ གཟའ་སྤེན་པ་ཉིན་ལྷོ་ཨ་ཧཕི་རི་ཁའི་རྒྱལ་ཁབ་ཀྱི་རྒྱལ་ས་ཇོ་ཧ་ནེ་སི་བྷག་ཏུ་འཚོགས་ཡོད་པ་དང༌། དེར་རྒྱལ་ཁབ་༡༠༩ ཡི་མཛངས་མ་ཡོད་པ་རེད།

Read more

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེས་བོད་དོན་གླེང་བ།

ཧཕ་རན་སིའི་གསར་ཁང་ནས་བརྗོད་གསལ་ལྟར་ན། ཟླ་འདིའི་ཕྱི་ཚེས་༡༣ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བྷན་ཀི་མོན་མཆོག་གིས་རྒྱ་ནག་ལ་ྋགོང་ས་མཆོག་དང་ལྷན་དུ་མུ་མཐུད་ནས་ཞི་འགྲིག་ཡོང་ཐབས་དང༌། རྒྱ་ནག་སྲིད་གཞུང་གིས་བོད་རྒྱའི་གནད་དོན་དེ་ཞི་མོལ་གྱི་ལམ་ནས་སེལ་ཐབས་བྱེད་པའི་རེ་བ་ཡོད་ཅེས་གསུངས་ཡོད་འདུག 

Read more

བོད་ཀྱི་ཉིན་མོ་ཞེས་པའི་ལས་འགུལ།

ཟླ་འདིའི་ཚེས་༨ ཉིན་མོར་རྒྱལ་སྤྱིའི་བུད་མེད་ཚོགས་པའི་འཐུས་མི་ཡིན་པ་ཨ་ཤ་རེ་ཌི་ལགས་ཀྱིས་རྒྱལ་སྤྱིའི་བུད་མེད་ཚོགས་པ་དང་འབྲེལ་གཏུག་བྱས་པ་བརྒྱུད་བོད་ཀྱི་ཉིན་མོ་ཞེས་པའི་མཛད་སྒོའི་ལས་འགུལ་ཞིག་སྤེལ་ཡོད་པ་རེད། དེ་ཡང་རྒྱ་གར་ལྷོ་ཕྱོགས་ཡུལ་གྱི་གྲོང་ཁྱེར་མ་དྷ་ར་ས་འམ་ཆན་ནལ་ཞེས་པར་རྒྱལ་ཁབ་འདྲ་མིན་ནས་ཡིན་པའི་འབྱོར་ལྡན་དང་ཤེས་ཡོད་ཅན་ཉིས་བརྒྱ་མ་ཟིན་ཙམ་བསྡུ་སྐོང་གིས་བོད་ཀྱི་ཉིན་མོ་ཞེས་པ་བོད་ཀྱི་ཆོས་རིག་དང་འབྲེལ་བའི་འགྲེམ་སྟོན་ཀྱི་མཛད་སྒོ་ཞིག་བྱས་ཡོད་སོང༌།

Read more

ཧིན་བོད་མཁས་པའི་བགྲོ་གླེང༌།

ཟླ་འདིའི་ཚེས་༧ ཉིན་ཆོས་སྡེ་བཀྲིས་ལྷུན་པོ་དང་ལྡི་ལི་བོད་ཁང་ཟུང་འབྲེལ་གྱི་གོ་སྒྲིག་འོག ལྷོ་ཕྱོགས་བྷེལ་ཀོབ་ཆོས་སྡེ་བཀྲ་ཤིས་ལྷུན་པོར་བོད་དང་རྒྱ་གར་གྱི་མཁས་པའི་བགྲོ་གླེང་ཐེངས་བརྒྱད་པ་དེ་འཚོགས་ཡོད་པ་དང༌།

Read more

ལོ་ལྔའི་རིང་དྲག་སྤྱོད་གཏོར་སྐྱོན་གྱི་དོན་རྐྱེན།

ལོ་ལྔའི་རིང་རྒྱ་གར་ནང་དུ་འཇིགས་སྐུལ་རིང་ལུགས་པས་དྲག་སྤྱོད་ལས་འགུལ་གྱིས་གཏོར་སྐྱོན།

གསར་འགྱུར་བརྒྱུད་དུ་རྒྱ་གར་ནང་དུ་ལོ་ལྔའི་ནང་དྲག་སྤྱོད་ལས་འགུལ་བྱུང་བ་ཁག་ཕྱོགས་བསྡོམས་བྱས་ཡོད་པ་དང༌། དེའི་ནང་འཁོད་དོན། ༢༠༠༣།༣།༡༣ ལ་མོམ་བྷེ་ལ་མེ་འཁོར་ནས་འབར་རྫས་ཀྱིས་བཙན་རྒོལ་བྱས་ཏེ་མི་གྲངས་༡༡ བསད། ༢༠༠༣།༨།༢༥ ལ་སྒེར་སྤྱོད་རླངས་འཁོར་གཉིས་ནང་འབོམ་བཞག་ནས་མི་༦༠ བསད། ༢༠༠༤།༨།༡༥ ཉིན་ཨ་སམ་མངའ་སྡེའི་ནང་འབོམ་གཏོར་ནས་མི་༡༦ བསད་པ་དང༌། ཕལ་ཆེ་བ་སློབ་ཕྲུག་ཡིན་པ་རེད། ༢༠༠༥།༡༠།༢༩ ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་འབར་རྗས་གསུམ་བཏོར་ནས་མི་༦༦ གི་སྲོག་བཅོམ།

Read more

འཇིགས་སྐུལ་རིང་ལུགས་པའི་དྲག་སྤྱོད་ལ་ངོ་རྒོལ།

ཕྱི་ཟླ་༡༡ ཚེས་༢༦ ཉིན་གྱི་འཛམ་གླིང་དངུལ་རྩིས་དང་དཔལ་འབྱོར་གྱི་དཀའ་རྙོག་གྱི་ཐོག་འཇིགས་སྐུལ་པའི་དོན་རྐྱེན་གྱིས་མུ་གེའི་སྒང་ལ་ཟླ་ལྷག་ལྟ་བུར་གྱུར་ཡོད་པ་རེད། རྒྱ་གར་ལ་མཚོན་ན་ད་ལྟའི་ཆར་རྒྱལ་ཁབ་ཀྱི་དངོས་ཤུགས་བརྒྱུད་གསུམ་གྱི་ནུས་པ་ཡོད་ཚད་སྐབས་འདིའི་འཇིགས་སྐུལ་རིང་ལུགས་ཀྱི་ལས་འགུལ་ཐད་འདོན་བཞིན་ཡོད་ལ། ཨ་རི་དང་དབྱིན་ཇི་ལ་སོགས་པའི་རྒྱལ་ཁབ་ཕལ་ཆེ་བས་རྒྱབ་སྐྱོར་བྱེད་མུས་ཡིན་ཀྱང༌། ད་ལྟའི་འཇིགས་སྐུལ་གྱི་ལས་འགུལ་སྤེལ་མཁན་ཡོང་ཁུངས་ངོ་མ་གང་ཞིག་ཡིན་མིན་རྩད་གཅོད་ཐུབ་མེད་པ་རེད། འདས་པའི་འཇིགས་སྐུལ་གྱི་ལོ་རྒྱུས་དང་བྱུང་རིམ་ལ་བལྟས་ན། པཱ་ཀི་སི་ཐན་ནང་ཡོད་པའི་ལེ་ཊ་ཞེས་པ་དེ་ཕྱི་ལོ་༢༠༠༡ ལོར་ཨ་རིའི་གསང་བའི་ལས་ཁུངས་ནས་ཕྱི་རྒྱལ་འཇིགས་སྐུལ་རིང་ལུགས་ཀྱི་ཚོགས་པ་ཞིག་ལ་ངོས་འཛིན་བྱས་འདུག་ཀྱང༌། པཱ་ཀི་སི་ཐན་ལ་ཚོགས་པ་དེ་མེད་པ་བཟོ་རྒྱུའི་སྐོར་ལ་གནོན་ཤུགས་དང་ཉེན་བརྡ་སོགས་གང་ཡང་སྤྲད་མེད་པ་རེད།

Read more

ྋགོང་ས་མཆོག་ཡོ་རོབ་ཁུལ་དུ་ཆིབས་བསྒྱུར།

ཧྥ་རན་སིའི་སྲིད་འཛིན་མཆོག་གིས་རྒྱ་ནག་གིས་ངོ་རྒོལ་དང་འབོད་སྐུལ་སོགས་གནོན་ཤུགས་བཅས་རྩིས་མེད་ཀྱིས་ྋགོང་ས་མཆོག་མཇལ་འཕྲད།

ྋགོང་ས་མཆོག་ཟླ་འདིའི་ཕྱི་ཚེས་༣ ཉིན་བྷེལ་རྗམ་དུ་ཆིབས་བསྒྱུར་གནང་བ་དང༌། སྐབས་དེར་རྒྱལ་ཁབ་འདིའི་སྲིད་བློན་ཡི་བེ་ས་ ལེཐ་མཱེ་སོགས་དཔོན་རིགས་ཁག་དུ་མར་མཇལ་འཕྲད་དང། བོད་དོན་དང་འབྲེལ་བའི་བཀའ་སློབ་གནང་སྐབས། སྟོབས་ཆེན་རྒྱལ་ཁབ་ཁག་༢༧ ཡོད་པའི་ནང་ནས་རྒྱ་ནག་ཡང་གལ་ཏེ་འཛམ་གླིང་གི་ཚོགས་མི་ཡག་པོ་ཞིག་བྱེད་འདོད་ན་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དང་རིག་གཞུང་ལ་བརྩི་བཀུར་བྱེད་དགོས་སྐོར་དང༌། རྒྱ་ནག་ལ་མི་འབོར་དང་དཔལ་འབྱོར་དམག་དོན་སོགས་ཀྱི་ཐད་ནས་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ཞིག་ཆགས་ཐུབ་ངེས་ཀྱང༌།

Read more

དངུལ་རྩིས་ཡར་རྒྱས་གཏོང་ཕྱོགས་སྐོར་གྱི་ཚོགས་ཆེན།

ཟླ་སྔོན་མའི་ཕྱི་ཚེས་༢༩ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དངུལ་རྩིས་ཡར་རྒྱས་གཏོང་ཕྱོགས་སྐོར་གྱི་ཚོགས་ཆེན་ཞིག་འཚོགས་ཡོད་པ་དང༌། ཚོགས་ཆེན་དེའི་ཐོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེས་འཛམ་གླིང་དུ་དབུལ་ཕོངས་ཀྱི་གྲངས་ཀ་ཉུང་དུ་གཏོང་ཐུབ་ན། རྒྱལ་སྤྱིའི་དཔལ་འབྱོར་ཡར་རྒྱས་འགྲོ་བར་ཕན་ཐོགས་ཆེན་པོ་ཡོང་རྒྱུ་རེད་ཅེས་གསུངས་ཡོད་པ་རེད། འོན་ཀྱང་ད་ལྟའི་དཔལ་འབྱོར་གྱི་དཀའ་ངལ་ལ་བརྟེན་ནས་རྒྱལ་ཁབ་མང་པོ་ཞིག་ཚོགས་ཆེན་དུ་བཅར་ཐུབ་མེད་པ་རེད།

Read more

རྒྱ་གར་མོམ་བྷེ་གྲོང་ཁྱེར་དུ་འཇིགས་སྐུལ་རིང་ལུགས་པའི་དྲག་སྤྱོད།

གསར་འགྱུར་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་སྔོན་མའི་ཚེས་༢༦ ཉིན་རྒྱ་གར་ལྷོ་ཕྱོགས་མོམ་བྷེ་རུ་འཇིགས་སྐུལ་རིང་ལུགས་པས་འབར་རྫས་གཏོར་ནས་དྲག་སྤྱོད་ཀྱི་དོན་རྐྱེན་ཚབས་ཆེན་ཞིག་བཟོས་ཡོད་པ་དང༌། དེའི་སྐབས་སུ་ཕྱི་རྒྱལ་བ་གྲངས་༢༢ དང༌། བདེ་སྲུང་མི་སྣ་༢༠ གསར་འགོད་པ་༡ མི་མང་བཅས་ཁྱོན་མི་གྲངས་༡༨༣ ཙམ་བསད་པ་དང༌། མི་༣༠༠ ལྷག་ལ་རྨས་སྐྱོན་བཟོས་ཡོད་པ་རེད། རྒྱ་གར་རྒྱལ་ཡོངས་ལ་གཡོ་འགུལ་ཆེན་པོ་ཞིག་ཐེབས་ཡོད་པ་རེད།

Read more

རྒྱ་གར་མུམ་བྷའི་གྲོང་ཁྱེར་ནང་དྲག་སྤྱོད་པའི་དོན་རྐྱེན།

རེས་གཟའ་ལྷག་པའི་ཉིན་ནས་རྒྱ་གར་གྱི་ཁྲོམ་རའི་ལྟེ་གནས་ཆེ་ཤོས་གྲོང་ཁྱེར་མུམ་བྷའེ་ནང་སྙན་གྲགས་ཅན་གྱི་ཏཇ་མེ་ཧེལ་གསོལ་མགྲོན་ཁང་དང་། ཨོབ་རོ་ཡེ་གསོལ་མགྲོན་ཁང་གཉིས་ཀྱིས་གཙོས་སྨན་ཁང་དང་རི་ལིའི་འབབ་ཚུགས་སོགས་ས་ཁུལ་ཁག་ཅིག་ལ་དུས་གཅིག་ཏུ་འཇིགས་སྐུལ་དྲག་སྤྱོད་པ་ཚོས་འཆར་གཞི་དང་ལྡན་པའི་ཐོག་ནས་མེ་མདའ་བརྒྱབ་པ་དང་། ལག་འབོམ་གཡུགས་ནས་གཏོར་རྒོལ་བཏང་བ། དེ་བཞིན་བཙན་འཁྲིད་བྱས་པ་སོགས་ཀྱི་ད་ལྟའི་ཆར་མི་གྲངས་བརྒྱ་ལྷག་ཙམ་ཞིག་གི་ཚེ་སྲོག་ཤོར་བ་དང་མི་གྲངས་ཉིས་བརྒྱ་ལྷག་ཙམ་རྨས་སྐྱོན་ཕོག་པ་སོགས་བསམ་ཡུལ་འདས་པའི་དྲག་སྤྱོད་སྤེལ་ཡོད་པ་རེད།

Read more
Page 187 of 189« First...185186187188189