དགེ་འདུན་ཆོས་འཕེལ།

ངའི་མིང་ལ་དགེ་འདུན་ཆོས་འཕེལ་ཟེར་གྱི་ཡོད། ཁམས་སྐྱེ་རྒུ་མདོ་རུ་སྐྱེས་ཞིང་རང་ལོ་༨ ཐོག་ནས་སློབ་གྲྭར་སོང་སྟེ་ལོ་རིམ་བཅུ་པ་ཐོན། ༢༠༠༢ ལོར་རྒྱ་འགོག་རང་སྲུང་གི་ལས་འགུལ་ཁྲོད་ཞུགས་ནས་རྒྱ་དམར་གྱི་བཙོན་ཁང་དུ་དཀའ་སྡུག་མྱངས་དགོས་བྱུང༌། ༢༠༠༣ གྱི་ལོ་མཇུག་རྒྱ་གར་ལ་སྐྱབས་བཅོལ་དུ་འབྱོར་ནས་ལོ་གསུམ་ཙམ་ལ་ཤེས་རབ་དགའ་ཚལ་སློབ་གླིང་དུ་སློབ་གཉེར་བྱས། ད་ལྟ་རང་གི་རྐང་པའི་སྒང་ལངས་ནས་མི་རིགས་དང་ཕ་ཡུལ་ལ་ཕན་པའི་ལས་འགུལ་ཁག་ལ་དངོས་བརྒྱུད་གཉིས་ཀྱི་སེམས་ཤུགས་མ་ཆག་པར་ཡོད།

Read more

ཉི་མ།

ཕྲན་གྱི་མིང་ལ་ཉི་མ་ཟེར་ཞིང༌། ཕྱི་ལོ་༡༩༧༦ ལོར་ཆོས་རྒྱལ་སྲོང་བཙན་སྒམ་པོའི་འཁྲུང་ཡུལ། དབུས་སྟོད་མལ་གྲོ་དང་འདབས་ཆགས་པའི་འབྲི་གུང་དུ་སྐྱེས། ཆུང་དུས་ནས་བོད་ཀྱི་འབྲས་སྤུངས་དགོན་དུ་སློབ་གཉེར་བྱས། ༡༩༩༣ ལོར་བཙན་བྱོལ་དུ་ཡོང་ནས་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་དུ་བསྡུས་རྟགས་བློ་གསུམ་ནས་ཕར་ཕྱིན་དང༌། དབུ་མ། མཛོད་བཅས་ཀྱི་རབ་འབྱམས་པའི་ལག་འཁྱེར་ཐོབ། ད་ལྟ་དམ་ཆོས་འདུལ་བའི་གཞུང་ལ་མུ་མཐུད་ནས་སྦྱང་བཞིན་ཡོད།

Read more

བསྟན་འཛིན་སྒྲོལ་མ།

བསྟན་འཛིན་སྒྲོལ་མ་ནི་སྦེལ་ཀོབ་བོད་ཁྱིམ་འཛིན་རིམ་དགུ་པར་སློབ་སྦྱོང་བྱེད་བཞིན་ཡོད་པ་དང༌། ཁོང་ནི་ཕྱི་ལོ་༡༩༨༩ ལོའི་ཟླ་བ་༥ པའི་ཚེས་༡༠ ཉིན་ཁམས་ཉག་ཆུ་རྫོང་མགོ་ལོག་ཞིང་པར་སྐྱེས་ཤིང་ཆུང་དུས་ནས་སློབ་ཆུང་འགྲིམས་པ་དང༌། ༢༠༠༡ ལོར་ཤེས་ཡོན་གྱི་གོ་སྐབས་ལེན་ཕྱིར་རྒྱ་གར་ལ་འབྱོར་བ་རེད། ཁོང་གིས་བརྗོད་དོན། ངས་དེ་རིང་རིགས་མཐུན་གྱི་སྤུན་ཟླ་ཚོར་ཤེས་ཡོན་ཧ་ཅང་གལ་ཆེ་བ་དང་སློབ་ཕྲུག་ཤིག་གིས་རྫས་ངན་བེད་སྤྱོད་བྱས་པ་དེ་ཐབས་སྡུག་ཡིན་པའི་སྐོར་ལ་བསམ་ཚུལ་ཐུང་ངུ་ཞིག་ཞུ་འདོད་བྱུང༌།

Read more

མཁྱེན་རབ་རྒྱ་མཚོ།

མཁྱེན་རབ་རྒྱ་མཚོ་ནི་ཕྱི་ལོ་༡༩༨༣ ལོར་མདོ་སྨད་ཀླུ་ཆུ་ཤིས་ཚང་ཡུལ་དུ་སྐྱེས་ཤིང༌། ཕྱི་ལོ་༢༠༠༠ ལོར་རྒྱ་གར་ལ་ཕེབས་ནས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཆོས་ཞུགས་བྱས་ཏེ་ད་བར་གཞུང་པོད་ལྔ་དང་རིག་གནས་སོགས་ལ་འབད་པ་ལྷོད་མེད་གནང་བཞིན་ཡོད་འདུག ད་ལན་འདི་གའི་མོན་གྷོ་གསར་འགོད་པས་སྤྱི་ཚོགས་ཁྲོད་ཀྱི་མི་རབས་གསར་པའི་འགན་འཁྲི་དང་ལས་དོན་གང་བསྒྲུབ་དགོས་མིན་སྐོར་སོགས་ལ་ཁོང་ལ་བཅར་འདྲི་བྱས་པ།

Read more

ཚེ་རིང་སྒྲོལ་དཀར།

ཚེ་རིང་སྒྲོལ་དཀར་ནི་བྷེལ་ཀོབ་བདེ་སླར་གཞིས་ཆགས་སུ་སྐྱེས་ཤིང་སློབ་མཐར་ཕྱིན་རྗེས་སྤྱི་ཚོགས་ནང་ལས་ཀར་ཞུགས། ད་ལྟ་བྷེལ་ཀོབ་ས་གནས་བོད་ཀྱི་བུད་མེད་ཚོགས་པའི་རྒྱུན་ལས་ཡིན་པ་རེད།

ཁོང་གིས་བོད་མིས་བོད་དོན་ལས་འགུལ་སྤེལ་ཕྱོགས་སྐོར་བསམ་ཚུལ་གསུང་དོན།

Read more

གཡུ་སྒྲོན།

གཡུ་སྒྲོན་ལགས་ནི་ལྷ་ས་ནས་ཡིན་པ་དང་༢༠༠༠ ལོར་རྒྱ་གར་དུ་འབྱོར་ཏེ་དང་ཐོག་སུ་ཇ་སློབ་གྲྭར་སློབ་སྦྱོང་བྱས། ད་ལྟ་རང་ལོ་༡༩ ཡིན་པ་དང་བྷེལ་ཀོབ་བོད་ཕྲུག་ཁྱིམ་སྡེར་འཛིན་རིམ་༡༢ པར་སློབ་སྦྱོང་བྱེད་ཀྱི་ཡོད་པ་རེད།

ཁོང་གིས་ང་ཚོ་བཙན་བྱོལ་བའི་སློབ་མ་ཞིག་གི་ངོས་ནས་བཤད་ན་ང་ཚོའི་སྤྱི་ཚོགས་ནང་དམིགས་བསལ་གྱིས་དོ་སྣང་དང་མཉམ་འཇོག་བྱེད་དགོས་པའི་གནས་སྟངས་སྐོར་གསུང་དོན།

Read more

ཡེ་ཤེས་དབང་མོ།

ན་གཞོན་ཡེ་ཤེས་དབང་མོ་ལགས་ནི་ལྷ་སར་སྐྱེས་པ་དང༌། ༡༩༩༩ ལོར་རྒྱ་གར་དུ་འབྱོར་ནས་སུ་ཇ་སློབ་གྲྭར་ཞུགས། ད་ལྟ་བྷེལ་ཀོབ་བོད་ཁྱིམ་སློབ་གྲྭར་འཛིན་རིམ་༡༢ པར་སློབ་སྦྱོང་དང་དེ་གའི་བུ་མོ་སྤྱིའི་རྒན་བདག་གི་ལས་ཁུར་བླངས་ཡོད་པ་རེད། ཁོང་གིས་མ་འོངས་བོད་ཀྱི་སོན་རྩའི་འགན་དབང་སྐོར་གསུང་དོན།

Read more

ཚེ་རིང་དཔལ་ལྡན།

ན་གཞོན་ཚེ་རིང་དཔལ་ལྡན་ལགས་ནི་ཕ་ཡུལ་བྲག་འགོ་ནས་ཡིན་པ་དང༌། ཕྱི་ལོ་༡༩༩༨ ལོར་བཙན་བྱོལ་དུ་འབྱོར་རྗེས་སུ་ཇ་སློབ་གྲྭར་ཞུགས།

ད་ལྟ་བྷེལ་ཀོབ་བོད་ཁྱིམ་སློབ་གྲྭའི་འཛིན་རིམ་༡༢ པར་སློབ་སྦྱོང་བྱེད་མུས་ཡིན་པ་རེད། ཁོང་གིས་རྒྱ་གར་ནང་བོད་ཀྱི་སློབ་ཕྲུག་ཚོའི་བོད་ཀྱི་སྐད་ཡིག་ཤེས་ཚད་སྐྱོ་བོ་ཡིན་པའི་རྒྱུ་རྐྱེན་དང་དེ་ལས་གཡོལ་ཐབས་སྐོར་གསུངས་དོན།

Read more

རྭ་རྒྱ་འཕྲིན་ལས།

བོད་ཡིག་གི་རིན་ཐང་ནི་ཡུལ་གྱར་འགྲུལ་བཞུད་དང་ལས་ཀ་ཆུང་ཚག་རིགས་གཉེར་རྒྱུའི་ཆེད་ཁོ་ན་ག་ལ་ཡིན། ཁོ་བོའི་མིང་ལ་རྭ་རྒྱ་འཕྲིན་ལས་ཟེར་ཞིང་ཕ་ཡུལ་མཚོ་སྔོན་མཚོ་ལྷོ་ནས་ཡིན་ལ། ད་སྐབས་དྷ་རམ་ས་རུ་རང་འཚོ་ཙམ་དུ་བསྡད་ཡོད། ནམ་རྒྱུན་རང་གི་ཟ་རོགས་འཐུང་རོགས་ཚོ་ལ་རང་གི་རིག་གཞུང་ཐད་ཀྱི་སྐད་ཆ་སྣ་ཚོགས་ཀྱིས་རྣ་བ་སུན་པར་བྱས་པ་ཐེངས་གཅིག་ག་ལ་ཡིན་མོད།

Read more

བསྟན་འཛིན་སྒྲོལ་མ།

བསྟན་འཛིན་སྒྲོལ་མ་ལགས་ནི་ལྡི་ལི་མཐོ་སློབ་ཏུ་སློབ་སྦྱོང་བྱེད་བཞིན་ཡོད་པ་དང༌། ཁོང་གིས་བོད་པའི་གཞོན་སྐྱེས་ཚོས་བོད་སྐད་དང༌། བོད་ཡིག་གི་སྐོར་ལ་དོ་སྣང་བྱེད་དགོས་སྐོར་གསུང་དོན། གཞོན་སྐྱེས་ཚོར་ཞེ་དྲག་བཤད་རྒྱུ་ཅི་ཡང་མེད།

Read more
Page 2 of 3123