ཁོང་ཚོ་ནི་བོད་ལ་འོད་སྣང་སྤྲོད་མཁན་ཞིག་རེད།

ལྡི་ལི་རུ་བོད་མི་དྲུག་གིས་ཟས་བཅད་ངོ་རྒོལ་ཐེངས་གཉིས་པ་བྱེད་བཞིན་པའི་སྐབས། རྒྱ་གར་བོད་དོན་རྒྱབ་སྐྱོར་བ་ལྕམ་ཨཱ་ཤཱ་རེ་གྲིའ་ལགས་བོད་མི་ཚོར་གདུང་སེམས་མཉམ་བསྐྱེད་ཆེད་ཉིན་ལྔའི་རིང་ཟས་བཅད་ལས་འགུལ་ནང་མཉམ་ཞུགས་གནང་ཡོད་པ་དང༌། ཁོང་ནི་རྒྱུན་རིང་བོད་དོན་རྒྱབ་སྐྱོར་གནང་མཁན་ཞིག་རེད།

ཁོང་གིས་ཟས་བཅད་ངོ་རྒོལ་གནང་ནས་ཉིན་བཞི་པའི་སྐབས་ལས་འགུལ་དེའི་ཐོག་ལ་ཚོར་བ་གང་ཡོད་པ་དང༌། དམིགས་ཡུལ་སྐོར་བཅར་འདྲི་ཞུས་པར། ཁོང་གིས་གསུང་དོན།

ང་རང་བོད་དོན་དང་འབྲེལ་བའི་ལས་འགུལ་མི་ཉུང་བ་ཞིག་གི་ནང་མཉམ་ཞུགས་བྱས་པ་ཡིན། ད་ཐེངས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ཟས་དང་ཆུ་གང་ཡང་མེད་པའི་ཟས་བཅད་ངོ་རྒོལ་གསལ་བསྒྲགས་བྱེད་དུས་ང་རང་ལ་ཡང་གོ་སྐབས་ཡག་པོ་འདུག་བསམ་བྱུང༌།

Read more

བློ་ཕམ་གྱི་ངང་འདིར་སླེབས་ཡོད།

ཤིང་བཟའ་རིན་པོ་ཆེ་དང༌། བསྟན་འཛིན་བརྩོན་འགྲུས་སོགས་བོད་མི་ལྔ་བཅུ་ཙམ་གྱིས་བོད་དོན་ལས་འགུལ་ཆེད་གསང་བའི་ཐོག་བོད་དུ་བསྐྱོད་ཡོད་ནའང༌། ས་མཚམས་སུ་སླེབས་སྐབས་རྒྱ་གར་གསང་བའི་ལས་ཁུངས་ནས་ཤེས་རྟོགས་བྱུང་སྟེ། འཇུ་བཟུང་བྱས་ཡོད་པ་དང༌། བསྟན་འཛིན་བརྩོན་འགྲུས་ལགས་ད་ཆ་ཀང་ར་རྫོང་གི་ཉེན་རྟོག་པར་རྩིས་སྤྲོད་ཀྱིས་དུས་ཚོད་ངེས་མེད་བར་ནང་དུ་དོ་དམ་བྱེད་བཞིན་ཡོད་པ་རེད། གཞན་རྣམས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཟླ་འདིའི་ཚེས་༩ ཉིན་འབྱོར་བ་དང༌། མི་མང་གིས་སྣེ་ལེན་ཞུས་ཡོད་པ་རེད།

Read more

རང་བཙན་གཙང་མའི་ལས་འགུལ་རྩོམ་དགོས་ཀྱི་རེད།

ལྡི་ལི་རུ་བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་གི་གོ་སྒྲིག་འོག་ས་གནས་ཁག་སོ་སོ་ནས་མི་མང་ཆེད་བཅར་གྱིས་བོད་ནང་གི་དྲག་གནོན་མཚམས་འཇོག་དགོས་པའི་དགོས་འདུན་འོག་ཆུ་ཚོད་༢༤ རིང་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་བཞིན་ཡོད་པ་དང༌། ཟླ་འདིའི་ཚེས་༡༠ ཉིན་རཱ་ཇི་གྷཌ་ནས་ཇན་ཏར་མན་ཏར་བར་དུ་ཞི་བའི་གོམ་བགྲོད་བྱས་པ་དང༌། ཉིན་དེར་རྒྱ་གར་གྱི་ཧི་མ་ལ་ཡའི་ནང་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་བོད་དོན་རྒྱབ་སྐྱོར་བ་བླ་མ་ཆོས་འཕེལ་བཟོད་པ་ལགས་ཀྱིས་ད་བར་དུ་ང་ཚོས་རྒྱ་བོད་གཉིས་ཕན་གྱི་དབུ་མའི་ལམ་གྱི་ཐོག་ལ་རེ་བ་བརྒྱབ་པ་རེད་མོད། གྲུབ་འབྲས་ཤིག་ཐོན་གྱི་མི་འདུག ད་ལྟ་ནས་རང་བཙན་གཙང་མའི་འཐབ་རྩོད་བྱེད་རྒྱུ་གལ་ཆེན་པོ་རེད་ཅེས་གསུངས་སོང༌།

Read more

ཚང་མས་འགན་ཁུར་བའི་དུས་ལ་བབ་འདུག

སློབ་གཉེར་ཉམས་ཞིབ་ཚོགས་ཆུང་གི་ཚོགས་མི་འབྲས་བློ་གླིང་ཕྱག་མཛོད་དགེ་བཤེས་གྲགས་པ་ཤེས་རབ་ལགས་སུ་བཅར་འདྲི།

ལོ་སྔོན་མའི་བོད་གཞུང་ཆོས་དོན་ལས་ཁུངས་ཀྱི་གོ་སྒྲིག་འོག་རིས་མེད་ཀྱི་བཤད་གྲྭ་ཁག་གི་སློབ་གཉེར་ཉམས་ཞིབ་ཚོགས་ཆུང་ཞིག་གསར་འཛུགས་ཀྱིས་ཞིབ་འཇུག་བྱས་ནས་ཉེ་བའི་ཆར་མཇུག་བསྡོམས་ཀྱི་ཚོགས་འདུ་ཞིག་ཀྱང་འཚོགས་ཡོད་པ་རེད། ནང་དོན་སྐོར་ཚོགས་ཆུང་དེའི་ཚོགས་མི་འབྲས་བློ་གླིང་ཕྱག་མཛོད་དགེ་བཤེས་ལྷ་རམས་པ་གྲགས་པ་ཤེས་རབ་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་གསུང་དོན།

Read more

རུང་རྒྱས་ཨ་གྲགས་ཀྱི་བུ་མོ་གཉིས་ལ་བཅར་འདྲི།

འཇམ་དབྱངས་ཆོས་སྐྱིད།

དྲི་བ། པ་ལགས་འཇུ་བཟུང་བྱས་པ་གོ་དུས་ཚོར་སྣང་ག་རེ་བྱུང་སོང༌།

ལན། དང་པོ་པ་ལགས་རྒྱ་མིས་བཟུང་བ་གོ་དུས་སེམས་པ་སྐྱོ་ནས་ངུས་པ་ཡིན། སྤུན་ཨ་བོ་འཇམ་དབྱངས་ལ་ཁ་པར་བཏང་དུས་ཁོས་སེམས་སྡུག་མ་བྱེད། པ་ལགས་ཀྱིས་རྐུ་བྱས་པ་ནི་མེད། པ་ལགས་ཁོ་རང་གི་དོན་དག་ནི་མ་རེད། བོད་ཀྱི་དོན་དག་རེད་ལབ་བྱུང༌། དེ་ནས་ངའི་སེམས་ལ་སྤོབས་པ་འདྲ་སླེབས་སོང༌། མ་ཟད་པ་ལགས་ཀྱིས་སྔོན་མ་ང་གཉིས་ལ་བསླབ་བྱ་གནང་དུས་སྒྲུང་འདྲ་བོ་ཞིག་གསུངས་བྱུང༌། པ་ལགས་ཁོ་རང་ཉིན་ཞིག་ལི་ལང་དགོན་པར་མཇལ་དུ་འགྲོ་དུས་ལམ་དུ་ཕོ་གསར་ལག་པར་ཕྲེང་བ་ཡོད་པ་ཞིག་མཐོང་སོང་ཟེར། པ་ལགས་དང་ཁོ་གཉིས་ཀྱིས་སྐད་ཆ་བཤད་སྐབས། ཕོ་གསར་དེ་སློབ་གྲྭ་ཆེན་མོ་ཞིག་ནས་ཐོན་པ་རེད་འདུག་ཟེར། ཁོ་རང་ལ་བོད་ཀྱི་གནས་ཚུལ་མང་པོ་བཤད་རྒྱུ་ཡོད་པ་མ་ཟད་བོད་ཀྱི་ཆོས་དང་རིག་གཞུང་ལ་ཡིད་ཆེས་ཡོད་མཁན་ཞིག་ཡིན་པ་མཐོང་ནས། པ་ལགས་ཁོ་དགའ་ནས་མིག་ཆུ་ཤོར་སོང་ཟེར། ཁྱེད་རང་གཉིས་ཀྱིས་ཀྱང་ཉམ་ཆུང་ལ་བྱམས་སྐྱོང་དང་བོད་ཀྱི་ཆོས་རིག་ལ་སློབ་སྦྱོང་ཡག་པོ་བྱེད་དགོས་ཞེས་གསུངས་བྱུང༌།

Read more

ལྷ་སར་འགྲུལ་བཞུད་སྐབས་སྐར་མ་སུམ་ཅུའི་རིང་བོད་མི་མཐོང་རྒྱུ་དཀོན་པོ་འདུག

ཨ་རིའི་མང་གཙོ་ཐེབས་རྩའི་ལྷོ་དང་ལྷོ་ཤར་ཨེ་ཤ་ཡའི་ལས་འཆར་དོ་དམ་པ་སྐུ་ཞབས་ཝིལ་སོན་ལེས་ལགས་སུ་བཅར་འདྲི།

ཨ་རིའི་མང་གཙོ་ཐེབས་རྩའི་(National Endowment for Democracy)ལྷོ་དང་ལྷོ་ཤར་ཨེ་ཤ་ཡའི་ལས་འཆར་དོ་དམ་པ་སྐུ་ཞབས་ཝིལ་སོན་ལེས་(Mr. Wilson Lee)ལགས་༢༠༠༧ ལོའི་ཟླ་༨ ཚེས་༡༦ ནས་༢༣ བར་བོད་དུ་ཕེབས་ཡོད་པ་དང༌། དེ་ཡང་བོད་ཀྱི་རྒྱལ་ས་ལྷ་ས་དང་གཞིས་ཀ་རྩེ། རྩེ་ཐང་བཅས་སུའང་ཉིན་༨ རིང་གཟིགས་སྐོར་ལ་བསྐྱོད་གནང་ཡོད་པ་དང༌། ཨ་རིའི་ཐེབས་རྩ་དེས་བཙན་བྱོལ་བོད་མིའི་ཚོགས་སྡེ་ཁག་མང་པོ་ཞིག་ལ་རོགས་དངུལ་གནང་བཞིན་ཡོད་པར་བརྟེན། ཁོང་ཟླ་༨ ཚེས་༢༣ ནས་༣༠ བར་ཉིན་༧ རིང་འབྲེལ་ཡོད་བཙན་བྱོལ་བོད་མིའི་ཚོགས་སྡེ་ཁག་ལ་གཟིགས་སྐོར་དུ་ཕེབས་ཡོད་པ་རེད།

Read more

རུང་རྒྱས་ཨ་གྲགས་ཀྱི་ཚ་བོ་ཨ་ཀྲུག་ཚེ་བརྟན་ལ་བཅར་འདྲི།

ཕྱི་སྡོད་བོད་རིགས་རྣམས་ཀྱི་མགོ་སྐོར་འོག་ཚུད་པ་ཡིན་ན། ལས་སླ་པོ་འཇོག་གི་མིན་ཞེས་བཤད་འདུག

དྲི་བ། རུང་རྒྱས་ཨ་གྲགས་འཛིན་བཟུང་བྱས་པའི་རྗེས་ཀྱི་གནས་སྟངས་ག་འདྲ་ཆགས་ཡོད་དམ།

ལན། ཕྱི་ཟླ་༨ ཚེས་༡ ཉིན་རུང་རྒྱས་ཨ་གྲགས་འཛིན་བཟུང་བྱས་ནས་ཉིན་གཉིས་ལ་ལི་ཐང་རྫོང་གི་བཙོན་ཁང་དུ་བཀག་ཉར་བྱས་འདུག་པ་དང༌། ཕྱི་ཚེས་༢ ཀྱི་མཚན་ཆུ་ཚོད་༢ པའི་ཐོག་རྒྱ་གཞུང་གི་ས་ཆ་གཞན་དག་ཅིག་ཏུ་ཁྲིད་ཡོད་འདུག བཙོན་རོགས་ཤིག་བརྒྱུད་ནས་ཤེས་རྟོགས་བྱུང་བ་ལྟར་ན་ཉིན་གཉིས་དེའི་རིང་དུ་ཁོང་ལ་ཁ་ལག་ག་ཚོད་སྤྲད་ཀྱང་མ་ཟོས་པར་ཟས་བཅད་ངོ་རྒོལ་བྱས་པའི་སྐད་ཆ་ཞིག་གོ་སོང༌། རྒྱ་གཞུང་གིས་ས་ཆ་གཞན་དུ་ཁྲིད་པའི་རྗེས་ནས་སྐད་ཆ་གང་ཡང་གོ་རྒྱུ་མི་འདུག འོན་ཀྱང་བཙོན་འོག་ཏུ་ཁོ་རང་གིས་དོན་ཚན་གསུམ་ཞིག་བཤད་ཡོད་ཚུལ་རྒྱ་གཞུང་གིས་བརྙན་འཕྲིན་བརྒྱུད་ནས་དྲིལ་བསྒྲགས་བྱས་འདུག

Read more

ངས་ཀུན་དགའ་དང་ཡར་དུང་མཉམ་དུ་གཞས་གཏོང་དགོས་ཀྱི་འདུག

ཨ་རི་བ་གཞས་མ་ཨ་མེ་ལེའ་ནི་རུ་བཅར་འདྲི།

གཞས་མ་ཨ་མེ་ལེའ་ནི་ཨ་རི་ནས་ཡིན་ཞིང་ཆུང་དུས་ནས་བོད་ཀྱི་བླ་སྤྲུལ་མང་པོ་དང་མཇལ་མྱོང་ཡོད་པ་མ་ཟད། བོད་ཡིག་དང་བོད་གཞས་ལ་དོ་སྣང་བྱེད་མཁན་ཞིག་ཀྱང་རེད། ཨ་རིར་བཞུགས་སྐབས་བོད་ཡིག་ཆེད་སྦྱོང་གི་འཛིན་གྲྭར་ཞུགས་པ་དང༌། བོད་གཞས་ཟུར་སྦྱོང་བྱས་ནས་ད་ལྟ་བོད་གཞས་གྲགས་ཅན་ཚང་མ་ཐོགས་མེད་དུ་གཏོང་ཐུབ་ཀྱི་ཡོད་པ་རེད། བོད་པ་ཡོད་ས་གང་སར་གྱི་སྲང་ལམ་ཁྲོད་བོད་གཞས་བཏང་ནས་བོད་པ་མང་པོས་ཁོ་མོར་བསྔགས་བརྗོད་ཀྱི་མེ་ཏོག་གཏོར། བོད་གཞས་ཀྱི་བརྙན་འཁོར་གཅིག་བཟོས་ཟིན་པ་དང་འདི་ལོར་སླར་ཡང་བོད་གཞས་ཀྱི་བརྙན་འཁོར་གསར་པ་ཞིག་བཟོ་འཆར་འདུག མོ་ནི་ནུབ་ཕྱོགས་པ་བོད་གཞས་གཏོང་མཁན་དང་བོད་རང་དབང་སློབ་ཕྲུག་ཚོགས་པར་རོགས་རམ་བྱེད་མཁན་ཞིག་ཀྱང་རེད།

Read more

ང་དང་ཁོ་ཞེས་དབྱེ་བ་མ་ཕྱེ་བར་རྡོག་རྩ་གཅིག་སྒྲིལ་གནང་རོགས།

ཨ་རིར་གནས་བཞུགས་དགའ་ཤར་ལྷོ་པ་དགེ་བཤེས་ཚུལ་ཁྲིམས་རྒྱལ་མཚན་མཆོག་ལ་བཅར་འདྲི།

དྲི་བ། དགེ་བཤེས་མཆོག་གིས་ཨ་རིར་ཆོས་ཚོགས་བཙུགས་ནས་ནུབ་ཕྱོགས་ཀྱི་མི་རིགས་མང་པོ་ཞིག་ལ་ནང་ཆོས་འཆད་སྤེལ་གནང་གི་ཡོད་སྐོར་གོ་ཐོས་བྱུང་སོང་དེའི་སྐོར་ངོ་སྤྲོད་མདོར་བསྡུས་གནང་རོགས།

ལན། དང་པོ་ང་ནུབ་ཕྱོགས་རྒྱལ་ཁབ་ལ་འགྲོ་རྒྱུ་དེ་གཞུང་གི་བཀའ་འབྲེལ་རེད། ཕྱི་ལོ་༡༩༦༣ ལོར་དབྱིན་ཇིའི་ལུང་པ་རུ་བོད་པའི་ཕྲུ་གུ་༢༢ དང་ལྟ་རྟོགས་བྱེད་མཁན་ཕ་ཚབ་གཉིས། ང་བོད་ཡིག་དང་ཆོས་དགེ་གཅིག་ལྕོགས་བྱས་ནས་སོང་བ་རེད། དེ་ནས་ཡུན་རིང་པོར་དབྱིན་ལན་བོད་ཁང་དུ་བསྡད་པ་ཡིན། ༡༩༧༤ ལོར་སློབ་མ་མང་ཆེ་བ་དེ་མཐོ་རིམ་སློབ་གྲྭར་འགྲོ་རྒྱུ་སོགས་ཀྱི་གོ་སྐབས་བྱུང་ནས་ཕྲུ་གུ་ཆུང་བ་བཞི་མ་གཏོགས་ལྷག་མ་སོང༌།

Read more

ྋརྒྱལ་བ་རིན་པོ་ཆེའི་ཕྱག་ལས་ངོ་མ་དེ་ད་དུང་འགྲུབ་ཡོད་པ་མ་རེད།

མཁས་དབང་འཇམ་དབྱངས་ནོར་བུ་ལགས་སུ་ྋགོང་ས་མཆོག་གི་བཀའ་སློབ་དེའི་གནད་དོན་ཐོག་དགོངས་ཚུལ་གང་ཡོད་བཅར་འདྲི་ཞུས་པར་ཁོང་གིས།

དེ་ཞུ་ཁག་པོ་འདུག ྋརྒྱལ་བ་རིན་པོ་ཆེ་དགོངས་པ་ཞུ་རྒྱུ་དེ་སྲིད་འཛིན་དང༌། སྲིད་བློན་ཞིག་དགོངས་པ་ཞུས་པ་ནང་བཞིན་མ་རེད། ྋརྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་བཅུ་གསུམ་པ་ཡིན་ནའང་རེད། མང་ཆེ་བ་སོ་སོ་དགུང་ལོ་ག་ཚོད་ཐུབ་པ་བར་དུ་བཞུགས་པ་ལས་དགོངས་པ་ཞུས་པ་དེ་འདྲ་བྱུང་ཡོད་པ་མ་རེད། ྋསྐུ་མདུན་གྱིས་ག་འདྲ་ཞིག་གསུངས་པ་ཡིན། དངོས་ཡོད་གནས་ཚུལ་ག་རེ་ཡིན་ན་བསམ་གྱི་འདུག ང་ཚོས་ཚོད་དཔག་བྱས་དུས་ྋརྒྱལ་བ་རིན་པོ་ཆེའི་ཕྱག་ལས་ངོ་མ་དེ་ད་དུང་འགྲུབ་ཡོད་པ་མ་རེད། གནད་འགག་ཆེ་ཤོས་སྔོན་མ་ྋརྒྱལ་བ་རིན་པོ་ཆེ་བོད་ནས་ཚུར་ཕེབས་སྐབས་བོད་མི་མང་ལ་བདེ་སྐྱིད་དང་རང་དབང་དགོས་པ་རེད་ཅེས་བཀའ་གནང་ཡོད་པ་རེད། དེ་འགྲུབ་རྒྱུ་ཕར་ཞོག་གནས་ཚུལ་སྡུག་ཏུ་སོང་ཡོད་པ་རེད།

Read more
Page 20 of 22« First...1819202122